དཀར་ཆག་ཚགས་ཉར: འཕྲིན་གསར།

བོད་ཡིག་བརྡ་འཕྲིན་ལག་རྩལ་སྐོར་གྱི་གླེང་སྟེགས་ཤིག་གཉེར་བའི་གནས་ཚུལ་ཐོན་པ།

རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམ་པའི་སྙན་ལམ་དུ།

ཉེ་ཆར་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་རྒྱ་ཆེའི་དྲ་གྲོགས་ཡོངས་ཀྱི་རེ་འདུན་ལྟར་གླེང་སྟེགས་ཤིག་གཉེར་མགོ་བརྩམས་པ་ཡིན། གླེང་སྟེགས་འདི་ནི་བོད་ཡིག་བརྡ་འཕྲིན་ལག་རྩལ་རྐྱང་རྐྱང་སྐོར་ཀྱི་ཆེད་ལས་གླེང་སྟེགས་ཤིག་ཡིན་སྟབས་ཁ་ཕྱོགས་ས་གཙོ་བོ་རྒྱལ་ནང་དུ་གཏད་ཡོད་ལ། ཞོར་དུ་རང་རེའི་བོད་རིགས་སྤུན་ཟླ་རྣམ་པ་ཡང་འདིའི་ཕྱོགས་ལ་སྤྲོ་བ་ཡོད་ཚེ་གང་འདོད་དུ་ཞུགས་ཆོག གླེང་སྟེགས་ཧྲིལ་བོ་རྒྱ་ཡིག་གཙོ་བོར་བྱེད་དོན་ནི། ནང་དོན་ཕལ་ཆེ་བ་རྩིས་འཁོར་ལག་རྩལ་སྐོར་ཡིན་པས་འདིའི་ཕྱོགས་ཀྱི་རྒྱུ་ཆ་མང་ཆེ་བ་རྒྱ་ཡིག་ཡིན་པ་དང་། བལྟས་བཅས་ཀྱིས་བཤད་ན་འདིའི་ཕྱོགས་ཀྱི་བོད་ཡིག་གི་མིང་བརྡ་ཆ་ཚང་བ་ཞིག་ད་དུང་གྲུབ་མེད་རྐྱེན་རྙོག་དྲ་མི་ཡོང་བའི་ཆེད་དང་། ཞིབ་འཇུག་པ་མང་ཆེ་བས་བོད་ཡིག་དེ་ཙམ་མ་མཁྱེན་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་དམིགས་པ་རེད། མུ་མཐུད་ཀློག བོད་ཡིག་བརྡ་འཕྲིན་ལག་རྩལ་སྐོར་གྱི་གླེང་སྟེགས་ཤིག་གཉེར་བའི་གནས་ཚུལ་ཐོན་པ།

སྨོན་ལམ་ཚི​ག་མཛོད་ཀུ་​ཤུ་གློག་ཀླ​ད་ནང་ལེགས་​འགྲུབ་དང་། སྐར་ཁུང་རྟ​གས་ཅན་ནང་དུ​་བསྐྱར་བཅོ​ས་བྱས་པ།

བོད་ཀྱི་སྐད་ཡིག་ལ་དུང་བ་ཡོད་པའི་སྐྱེ་བོ་ཡོངས་ཀྱི་སྙན་ལམ་དུ།

སྨོན་ལམ་ཚིག་མཛོད་ཐོན་རིམ་༡.༡་ཅན་ནི། བོད་ཡིག་ཚིག་མཛོད་དང་། དབྱིན་བོད་ཚིག་མཛོད། བོད་དབྱིན་ཚིག་མཛོད་བཅས་སྡེ་ཚན་གསུམ་ཡོད་པའི་མཉེན་ཆས་ཚིག་མཛོད་ཅིག་ཡིན་ལ། ཚིག་མཛོད་འདིར་བསྡོམས་པའི་མ་ཚིག་ཉིས་འབུམ་ལྷག་ཡོད་པར་མ་ཟད། སྡེ་ཚན་གཅིག་ནས་གཞན་ལ་ཐད་ཀར་བརྒྱུད་ནས་འཚོལ་ཐུབ་པ་བཟོས་ཡོད་པས་སྟབས་བདེ་བ་ དང་། དེ་སྔོན་སྨོན་ལམ་ཚིག་ཐོན་རིམ་དང་པོ་སྐར་ཁུང་རྟགས་ཅན་གྱི་གློག་ ཀླད་(Windows)ཁོ་ནའི་ནང་མ་གཏོགས་བེད་སྤྱོད་མི་ཐུབ་ཀྱང་། ད་ཆ་ཀུ་ཤུ་རྟགས་ཅན་གྱི་ཀློག་ཀླད་ནང་དུའང་བེད་སྤྱོད་ལེགས་པར་གཏོང་ཐུབ་པ་ བཟོས་ཐུབ་ཡོད་པ་དང། མུ་མཐུད་ཀློག སྨོན་ལམ་ཚི​ག་མཛོད་ཀུ་​ཤུ་གློག་ཀླ​ད་ནང་ལེགས་​འགྲུབ་དང་། སྐར་ཁུང་རྟ​གས་ཅན་ནང་དུ​་བསྐྱར་བཅོ​ས་བྱས་པ།

ཀ་ཁ་སྨྱུག་འདོན་བསླབ་དེབ་ཞེས་པ་དངོས་སུ་འགྲེམས་བསྒྲགས་བྱས་པ།

སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་། །
རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །

བྱིས་པ་ནི་མིའི་རིགས་ཀྱི་མ་འོངས་བའི་བདག་པོ་ཡིན་ལ། བྱིས་པའི་སློབ་གསོ་ནི་འཛམ་གླིང་གི་ཆེས་གཞི་རྩའི་སློབ་གསོ་ཞིག་ལ་བརྩི་བཞིན་ཡོད། སློབ་གསོ་དེའང་ཐོག་མར་སྐད་དང་ཡི་གེའི་ངོས་འཛིན་ནས་འགོ་རྩོམ་པ་ཞིག་ཡིན་པས། གནམ་ལོ་གསར་བའི་དུས་སྐབས་འདི་དང་བསྟུན་ནས་ངེད་ཀ་ཁ་ཚན་རྩལ་ཀུང་སིས་ལོ་གཅིག་གི་རང་ལ་བསྡུ་སྒྲིག་དང་གསར་བཟོ་བྱེད་པའི་འབྲས་བུ་སྟེ། ཀ་ཁ་སྨྱུག་འདོན་བསླབ་དེབ་བྱ་བ་འདི་ཁ་བ་གངས་རིའི་ལྗོངས་ཀྱི་ན་ཆུང་གཅེས་གྲོགས་རྣམས་ལ་གནམ་ལོ་གསར་བའི་སྐྱེས་སུ་ཕུལ་བ་ཡིན། མུ་མཐུད་ཀློག ཀ་ཁ་སྨྱུག་འདོན་བསླབ་དེབ་ཞེས་པ་དངོས་སུ་འགྲེམས་བསྒྲགས་བྱས་པ།

བོད་ཡིག་ཁ་པར་ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་ཚོང་རར་བཀྲམ་པའི་བརྡ་ཁྱབ།

ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་རིག་ལྡན་ལག་འཕྲིན་ཐོན་རིམ་དང་པོ་ནི2012ལོའི་ཟླ9པའི་ཚེས20ཉིན་འགོ་བརྩམས་ནས་མཚོ་སྔོན་ཡུལ་ཤུལ་ས་ཁུལ་དུ་ཚང་རར་བཀྲམ། འོན་ཀྱང་གནས་ཚུལ་ངེས་ཅན་ཞིག་གིས་ས་ཁུལ་ཡོངས་ལ་བཀྲམ་པའི་གོ་སྐབས་མ་བྱུང་པའི་དབང་གིས་རྒྱ་ཆེ་རེ་སྒུག་གི་ལག་ཟུང་རིང་དུ་བརྐྱངས་པའི་ཁ་བ་རི་པའི་སྤུན་གྲོགས་ཡོངས་ལ་བཟོད་གསོལ་ཞུ་བ་དང་ཆབ་གཅིག་ཏུ་ད་ལྟ་ངེད་ཀུང་སིའི་མི་སྣ་ཡོངས་ཀྱི་བརྩོན་པ་ལྷུ་ལེན་དང་བཀའ་སྤྱད་སྡུག་རུས་ཀྱི་སྙིང་ཤུགས་ལ་བརྟན་ནས་ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་ཐོན་རིམ་གཉིས་པ་དང་ཨེ་མ་ཧོ་སྤྱིར་བཏང་བོད་ཡིག་ལག་འཕྲིན་བཅས་ཟླ12པའི་ཚེས12ཉིན་འགོ་བརྩམས་ནས་བོད་ཡུལ་ཡོངས་སུ་རིམ་བཞིན་ཚང་རར་བཀྲམ་ཡོད། མུ་མཐུད་ཀློག བོད་ཡིག་ཁ་པར་ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་ཚོང་རར་བཀྲམ་པའི་བརྡ་ཁྱབ།

ཕྲ་མཉེན་ཁ་པར་༨(Windows Phone 8)ཐོག་ཏུ་བོད་ཡིག་ཤར་ཐུབ་པའི་གནས་ཚུལ།

ཡུན་རིང་ལ་རེ་སྒུག་བྱས་པའི་དེ་རིང་། བདག་གིས་ཕྲ་མཉེན་ཚང་གི་འབྲེལ་ཡོད་གཞུང་འབྲེལ་དྲ་བ་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ད་ལོ་འཛམ་གླིང་དུ་བརྡ་འཕྲིན་གསར་འགྱུར་ཆེ་ཤོས་སུ་གྱུར་བསྡད་པའི་ཕྲ་མཉེན་ཁ་༨ཐོག་ཏུ་བོད་ཡིག་ཧི་མ་ལ་ཡའི་ཡིག་གཟུགས་ཚུད་འདུག འདི་ནི་བདག་གིས་ཡུན་རིང་ལ་རེ་སྒུག་བྱས་པའི་གསར་འགྱུར་ཡིན་ཏེ། ཕྲ་མཉེན་ཚང་གི་མ་ལག་ནི་ཀུ་ཤུའི་མ་ལག་དང་མི་འདྲ་བར། ཁ་པར་ཚོང་རྟགས་སྣ་ཚོགས་ཀྱི་ཐོག་ཏུ་ཡོང་གི་ཡོད་པས། མུ་མཐུད་ཀློག ཕྲ་མཉེན་ཁ་པར་༨(Windows Phone 8)ཐོག་ཏུ་བོད་ཡིག་ཤར་ཐུབ་པའི་གནས་ཚུལ།

ལག་འཕྲིན་ཁ་པར་གྱི་མེ་ཝའི་མ་ལག་ (Firefox OS) ནང་དུ་དམའ་མཐའ་ཡང་བོད་ཡིག་འཆར་བའི་ནུས་པ་ཡོད་པ།

ཁོ་བོས་ཚོད་ལྟའི་ཚུལ་དུ་སྤེལ་བའི་མེ་ཝའི་མ་ལག་ལ་ཚོད་ལྟ་བྱས་ནས་ཤེས་པ་ལྟར་ན། མ་ལག་འདིའི་ནང་དུ། བོད་ཡིག་འཆར་བའི་ནུས་པ་ཡོད་ལ། ཡིག་གཟུགས་ནི་སྤྱི་འགྲོས་ཨང་ཡིག་ཐོག་ཏུ་བཟོ་སྔ་ཤོས་ཡིན་པའི་བོད་ཡིག་འཕྲུལ་ཆས་ (Tibetan Machine)ཟེར་བ་དེ་ཡིན་པར་སྣང་། ཁོ་བོས་ཚོད་ལྟ་བྱེད་ཞོར་དུ་འཆར་ངོས་པར་ལ་གདབ་ཡོད་པས། ཚང་མས་ཉམས་སུ་མྱོང་རོགས། མུ་མཐུད་ཀློག ལག་འཕྲིན་ཁ་པར་གྱི་མེ་ཝའི་མ་ལག་ (Firefox OS) ནང་དུ་དམའ་མཐའ་ཡང་བོད་ཡིག་འཆར་བའི་ནུས་པ་ཡོད་པ།

Adobe Photoshop CS6ནང་དུ་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་ལ་རྒྱབ་སྐྱོར་ཐོབ་པ་བྱུང་བ།

Adobe Photoshop ནི་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་པར་རིས་སྒྲིག་བཟོ་མཉེན་ཆས་ཞིག་ཡིན་ལ། དུས་རྒྱུན་ང་ཚོས་མཉེན་ཆས་དེའི་མིང་ལ་Photoshop(ཧྥོ་ཐོ་ཞོ་ཕུ)ཡང་ནPSརུ་འབོད་བཞིན་པ་དེ་རེད། པར་གཞི་གསར་ཤོས་ནི་Adobe Photoshop CS6དེ་རེད། སྔོན་མའི་པར་གཞི་རྙིང་བའི་ནང་དུ་སྨོན་ལམ་བོད་ཡིག་གི་ཡིག་གཟུགས་མ་གཏོགས་ཡག་པོར་འཆར་ཐུབ་ཀྱིན་མེད་པ་དང་། པར་གཞི་གསར་བ་འདིའི་ནང་དུ་ཧི་མ་ལ་ཡ་སོགས་རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་བོད་ཡིག་གི་ཡིག་གཟུགས་ཡོད་དོ་ཅོག་ཡག་པོར་འཆར་ཐུབ་པ་རེད། མུ་མཐུད་ཀློག Adobe Photoshop CS6ནང་དུ་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་ལ་རྒྱབ་སྐྱོར་ཐོབ་པ་བྱུང་བ།

བོད་ལྗོངས་བློ་བཟང་ཀུང་སིས་ཁ་པར་བྱང་བུ་གཉིས་ཅན་གྱི་བོད་ཡིག་ལག་འཁྱེར་ཁ་པར་ཞིག་ཚོང་རྭར་བཀྲམས།

བོད་ལྗོངས་བློ་བཟང་ཀུང་སིས་འཛད་སྤྱོད་པ་མང་པོའི་དགོས་མཁོ་ལྟར་ཀྲུང་གོའི་གློག་འཕྲིན་དང་། ཡིས་ཏུང་། ལན་ཐུང་སོགས་བཀོལ་ཐུབ་པའི་ཁ་པར་བྱང་བུ་གཉིས་ཅན་གྱི་བོད་ཡིག་ལག་འཁྱེར་ཁ་པར་ཞིག་གསར་སྤེལ་ཐོན་སྐྱེད་བྱས་ནས་2012ལོའི་ཟླ་2པའི་ཚེས་20ཉིན་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ཚོང་རྭར་བཀྲམས། མུ་མཐུད་ཀློག བོད་ལྗོངས་བློ་བཟང་ཀུང་སིས་ཁ་པར་བྱང་བུ་གཉིས་ཅན་གྱི་བོད་ཡིག་ལག་འཁྱེར་ཁ་པར་ཞིག་ཚོང་རྭར་བཀྲམས།

སྨོན་ལམ་ཡིག་གཟུགས་Android Samsung Mobile མ་ལག་ནང་ལེགས་འགྲུབ་བྱུང་བ།

བློ་བཟང་སྨོན་ལམ་ལགས་ཀྱིས་ངེད་དྲ་བར་མཁོ་འདོན་བྱས་པའི་གནས་ཚུལ་ལྟར་ན། སྨོན་ལམ་ཡིག་གཟུགས་Android Samsung Mobile མ་ལག་ནང་ལེགས་འགྲུབ་བྱུང་འདུག ཁྱེད་ཀྱིས་Android Market རྒྱུད་ནས་ཕབ་ལེན་བྱ་ཐུབ། མུ་མཐུད་ཀློག སྨོན་ལམ་ཡིག་གཟུགས་Android Samsung Mobile མ་ལག་ནང་ལེགས་འགྲུབ་བྱུང་བ།

སྨོན་ལམ་ཚིག་མཛོད་Android མ་ལག་ནང་དུ་ལེགས་འགྲུབ་བྱུང་བ།

བཀྲ་ཤིས་བདེ་ལེགས།

རྒྱ་ཆེ་བའི་བོད་ཀྱི་སྐད་ཡིག་ལ་དུང་བ་ཡོད་པའི་སྐྱེ་བོ་ཀུན་གྱི་སྙན་ལམ་དུ། སྤྱི་ལོ་ ༢༠༡༢ ཤར་ལ་ཉེ་བའི་མཚམས་འདིར་སྨོན་ལམ་ཚིག་མཛོད་Android ལག་འཁྱེར་ཁ་པར་མ་ལག་ནང་ལེགས་འགྲུབ་བྱུང་སྟེ་Android Market བརྒྱུད་ནས་རིན་མེད་དུ་ལེགས་སྐྱེས་ཤིག་གི་ཚབ་ཏུ་འགྲེམས་སྤེལ་ཞུས་ཡོད།

མུ་མཐུད་ཀློག སྨོན་ལམ་ཚིག་མཛོད་Android མ་ལག་ནང་དུ་ལེགས་འགྲུབ་བྱུང་བ།