བོད་ཡིག་ཧི་མ་ལ་ཡའི་ཡིག་ཚུགས་ཆེ་རུ་བཏང་བ།

བོད་ཡིག་ཧི་མ་ལ་ཡ་དེ་དབྱིན་ཡིག་དང་རྒྱ་ཡིག་མཉམ་དུ་བེད་སྤྱོད་གཏོང་སྐབས་ཡིག་ཚུགས་ཆུང་དྲགས་པ་དང་། གནས་དམའ་དྲགས་པ། དབྱིན་ཡིག་ཀ་མད་mགྲལ་དུ་ཡོད་པས་འཚོལ་དཀའ་བ་བཅས་ལ་དམིགས་ཏེ། ངེད་ཚོས་ཧི་མ་ལ་ཡའི་ཡིག་ཚུགས་ཅུང་ཆེ་བ་དང་གནས་མཐོ་བ། འཚོལ་བདེ་ཕྱིར་ཡིག་མཛོད་ཀྱི་མིང་ལ་A-Himalaya ཞེས་བཏགས་ཡོད་པས་ཐུགས་མཁོ་མཆིས་ན A-Himalaya འདི་ནས་ལེན་རོགས་ཞུ།

གཞན་ཡང་། ཧི་མ་ལ་ཡའི་ཡིག་ཚུགས་ཆེ་བའི་ཡིག་གཟུགས་གསར་བ་ཞིག་ཐོན་ཡོད་པ་ནི། གྷོ་གྷོལ Google བོད་ཡིག་གི་ཡིག་གཟུགས Noto Sans Tibetan དེ་ཧི་གཟུགས་སུ་བཅོས་ཡོད་པ་རེད། སྐར་ཁུང་ (Windows) མ་ལག་ཁྲོད་དུ་བེད་སྤྱོད་བཏང་ཚེ་ཤིན་ཏུ་མཛེས་པའི་ཁྱད་ཆོས་ལྡན།

སྦྲེལ་མཐུད: http://pan.baidu.com/s/1gf894rT གསང་ཨང: yi8x

ཧི་ཡིག་ཆ་བྱད་ཀྱིས་ཁ་ཡིག་ཚད་ལྡན་བཟོ་སྟངས།

སྙིང་ཉེ་བའི་གྲོགས་པོ་རྣམ་པ། རྒྱ་འགྱུར་གྱི་རྩིས་འཁོར་ཅོག་ངོས་དང་ཡི་གེའི་ཁ་བྱང་ཧི་ཡིག་བྱས་ན་ཡིག་གཟུགས་ཧ་ཅང་ཆུང་དྲགས་པའི་དཀའ་ངལ་ལ་དམིགས་ནས་ཡིག་ཚུགས་གསར་པ་ཞིག་བཟོས་ཡོད་པས། KYIG ཞེས་པའི་ཡིག་ཚུགས་འདི་ལོངས་ལ་Windows\Fonts ནང་དུ་བཤུ་བའམ། ཡང་ན་ (控制面板)ནང་གི་字体ཞེས་པའི་ནང་བཅུག་ན་རང་ཤུགས་ཀྱིས་འགྲིག་ཡོད། དེ་ནས་ཅོག་ངོས་སུ་ཙི་ཙིའི་རྣ་བ་གཡོན་པ་མནན་ཏེ་属性འདེམས། དེ་ནས་外观འདེམས། དེ་ནས་高级བདམས་ན་ངོས་གཞན་ཞིག་འཆར། དེ་ནས་项目ཞེས་པའི་རྩ་ཐོའི་ནང་གི་桌面དེ་图标བསྒྱུར། དེ་ནས་字体ཞེས་པའི་རྩ་ཐོའི་ནང་དུ་ངེད་ཚོས་ཆེད་དུ་བཟོས་པའི་ KYIG ཞེས་པའི་ཡིག་གཟུགས་བདམས་རྗེས་确定མནན་པས་སྔ་མའི་ངོས་དེར་འགྲོ། དེ་ནས་应用མནན།  དེ་ནས་确定མནན་པས་ཅོག་ངོས་དང་ཡི་གེའི་ཁ་བྱང་སོགས་བོད་རྒྱ་དབྱིན་གསུམ་གྱི་ཡིག་གཟུགས་ཆེ་ཆུང་ལེགས་པོ་ཡོད་པར་སེམས་པས་ཁྱེད་རྣམ་པས་ཚོད་ལྟ་གནང་བར་ཞུ།

བོད་ཡིག་ཡིག་གཟུགས་རྙིང་པ་རྣམས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་བརྗེ་བསྒྱུར་བྱ་ཚུལ།

གལ་སྲིད་ཁྱེད་རང་གིས་གཤམ་གསལ་གྱི་ལམ་སྟོན་ཁག་ལག་ལེན་ཚུལ་བཞིན་བྱས་ན། གློག་ཀླད་ཐོག་ཡིག་གཟུགས་གསར་རྙིང་བརྗེ་བསྒྱུར་བྱེད་པ་ནི་ཁྱེད་རང་རང་ཉིད་ཀྱིས་བྱེད་ཐུབ་པ་ཞིག་རེད། ཁྱེད་རང་ལ་བོད་ཡིག་གི་ཡིག་གཟུགས་རྙིང་པ་སྟེ། དཔེར་ན་གཡུ་མཚོ་དང་སམ་བྷོ་ཊ། ཨེལ་ཊི་བེ་ཊན། ཊི་བེ་ཊན་མེ་ཤེན་ཝེབ་སོགས་ཀྱི་ནང་ཡིག་ཆ་ཡོད་པ་དེ་ཚོ་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཏུ་བརྗེ་བསྒྱུར་བྱེད་ན། ཐོག་མར་ཁྱེད་རང་གི་གློག་ཀླད་ཀྱི་མཉེན་ཆས་དེ་ནི་ཝིན་ཌོ་སེ་ཐོན་གསར་པ་ཝི་སི་ཊ་ (Vista) ཡིན་ཤག་ཐོག དེའི་ནང་རང་གི་ཡིག་ཆ་རྙིང་པ་རྣམས་བྲིས་པའི་ཡིག་གཟུགས་རྙིང་པ་དེ་གསར་འཇུག་བྱས་པ་ཞིག་དགོས་པ་ཡིན། མུ་མཐུད་ཀློག བོད་ཡིག་ཡིག་གཟུགས་རྙིང་པ་རྣམས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་བརྗེ་བསྒྱུར་བྱ་ཚུལ།

བོད་ཡིག་ཁྱབ་སྤེལ་གནད་དོན་ཐག་གཅོད་བྱེད་ཐབས།

གལ་ཏེ་བོད་ཡིག་མཉེན་ཆས་ནང་སྤྲོད་བྱས་མེད་པའི་རྩིས་འཁོར་ནང་བོད་ཡིག་གི་ཡིག་ཆ་དཔར་དགོས་པའམ་བོད་ཡིག་བེད་སྤྱོད་བྱེད་དགོས་ཚེ། གཤམ་གྱི་བྱེད་ཐབས་བཀོལ་ཆོག་སྟེ།
༡.macromedia Flash MX མཉེན་ཆས་ཁྲོད་བོད་ཡིག་གཏགས་ཚར་རྗེས་དེ་སྔོན་གཏགས་ཟིན་པའི་བོད་ཡིག་འདེམས་བཟུང(选定)བྱས་ཏེCtrl+Bམནན་ན་པར་རིས་སུ་འགྱུར་ཐུབ་པས་རྩིས་འཁོར་གང་རུང་ནས་ལྟོས་ཀྱང་ཆོག་པ་རེད། མུ་མཐུད་ཀློག བོད་ཡིག་ཁྱབ་སྤེལ་གནད་དོན་ཐག་གཅོད་བྱེད་ཐབས།

ཟླ་བ་དང་སྐར་ཁྱིམ་གྱི་མིང་གི་རེའུ་མིག

ཟླ་བ་དང་སྐར་ཁྱིམ་གྱི་མིང་གི་རེའུ་མིག མུ་མཐུད་ཀློག ཟླ་བ་དང་སྐར་ཁྱིམ་གྱི་མིང་གི་རེའུ་མིག

བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་ཚིག་མཛོད། [PDF]

Tibetan-Chinese-English Information Technology Vocabularies-BO

བོད་ཀྱི་ཆ་འཕྲིན་ལག་རྩལ་སྐོར་གྱི་ཐ་སྙད་རྣམས་གཅིག་གྱུར་ཡོང་བའི་ཆེད་དུ། ཀུན་གྱིས་བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་ཚིག་མཛོད་འདི་དང་བསྟུན་རྒྱུ་ནི་ཤིན་ཏུ་དགོས་གལ་ཆེ་བར་དགོངས་ནས་བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ཕབ་ལེན་མཁོ་སྤྲོད་བྱས་པ་ཡིན། མུ་མཐུད་ཀློག བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་ཚིག་མཛོད། [PDF]