པཎྜིཏ་བོད་ཡིག་སྒྲིག་གཅོད་མཉེན་ཆས་ཕབ་ལེན་བྱེད་པ།

པཎྜིཏ་བོད་ཡིག་མཉེན་ཆས་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་བཟོས་པའི་བོད་ཡིག་གི་མཉེན་ཆས་ཤིག་ཡིན་ལ། རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་ཅན་གྱི་ཡིག་གཟུགས་ཧི་མ་ལ་ཡ་སོགས་མ་དར་གོང་ལ་རྒྱལ་ནང་དུ་དར་ཁྱབ་ཆེན་པོ་བྱུང་བ་ཡིན།

པཎྜིཏ་བོད་ཡིག་མཉེན་ཆས།
པཎྜིཏ་བོད་ཡིག་མཉེན་ཆས།

ཡིན་ཡང་། པཎྜིཏ་བོད་ཡིག་མཉེན་ཆས་ནི་རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་ཅན་གྱི་བོད་ཡིག་གི་ཡིག་གཟུགས་ཤིག་མིན་སྟབས། དེང་སྐབས་ཡོངས་སུ་སྤྱོད་མཚམས་བཞག་ཡོད་ལ། སྤྱིར་བཏང་གི་བོད་ཡིག་བཀོལ་སྤྱོད་བྱེད་མཁན་ཞིག་ལ་མཚོན་ན་མཉེན་ཆས་འདི་བེད་སྤྱོད་མི་གཏོང་བའི་རེ་བ་ཞུ།

འདིར་ཕབ་ལེན་མཁོ་སྤྲོད་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་བོད་ཡིག་ཨང་སྒྲིག་བརྗེ་བསྒྱུར་བྱེད་མཁན་དང་དེ་མིན་གྱི་ཞིབ་འཇུག་དགོས་མཁོ་ཡོད་མཁན་དག་ལ་དམིགས་པ་ཡིན།

མཉེན་ཆས་ཁུག་མ་འདིའི་ནང་དུ་པཎྜིཏ་བོད་ཡིག་གི་ཡིག་གཟུགས་གསུམ་དང་བོད་ཡིག་གཏག་ཆས། སྔགས་ཡིག་གཏག་ཆས།  Word 2003 ཁྲོད་ཀྱི་པར་སྒྲིག་ཡོ་བྱད་བཅས་འདུས་ཡོད།

བཀོལ་སྤྱོད་བྱ་ཡུལ་ནི། Windows 95/98/2000/XP

ཕབ་ལེན་བྱེད་ས། http://pan.baidu.com/s/1kTJDFD1

འབྲེལ་ཡོད་རྒྱུ་ཆ།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།