ཕྲ་མཉེན་ཧི་མ་ལ་ཡ་བོད་ཡིག་མཉེན་ཆས་ཕབ་ལེན་བྱེད་པ།

མཉེན་ཆས་ངོ་སྤྲོད། མཉེན་ཆས་འདི་ནི Vista མ་ལག་ནང་གི་བོད་ཡིག་གཏགས་ཆས་གསར་བ་དེ་ཚུར་འདོན་བྱས་པ་ཡིན། གཏགས་ཆས་འདི་ནི་དེ་སྔོན་གྱི་བོད་ཡིག་གཏགས་ཆས་གཞན་དང་མི་འདྲ་སྟེ། འདི་ནི Microsoft ཀུང་ཟིས་གསར་གཏོད་བྱས་པ་དང་གཏགས་ཐབས་འཛམ་གླིང་གཅིག་གྱུར་ཡིན་པ་མ་ཟད། ཡིག་མཛོད་ཀྱང་རྒྱལ་སྤྱིའི་ཨང་སྒྲིག་ལྟར་བཟོས་ཡོད་པས་རྩིས་འཁོར་གང་རུང་ནས་བོད་ཡིག་ཐད་ཀར་འཆར་ཐུབ་པ་རེད། འདིས་སྔོན་གྱི་བོད་ཡིག་གཏགས་ཆས་སྣ་མང་དང་ཡིག་མཛོད་གཅིག་གྱུར་མ་ཡིན་པའི་གནད་དོན་དེ་སེལ་བར་བྱས་ཡོད་སྟབས་མ་འོངས་བའི་བོད་ཡིག་བརྡ་འཕྲིན་ཐག་གཅོད་དང་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།

མཉེན་ཆས་ཀྱི་སྤྱོད་གོ་ཆོད་ཡུལ་ནི། Windows XP/Windows 2003

ཕབ་ལེན་བྱེད་ས: http://pan.baidu.com/s/1slLfqGX གསང་ཨང: np53

ཟུར་བཀོད། ཀུ་ཤུའི་གློག་ཀླད་ནང་དུ་སྤྱོད་རུང་བའི་ཧི་མ་ལ་ཡའི་བོད་ཡིག་གཏག་ཐབས།

“ཕྲ་མཉེན་ཧི་མ་ལ་ཡ་བོད་ཡིག་མཉེན་ཆས་ཕབ་ལེན་བྱེད་པ།” དཔྱད་མཆན 2 ཡོད།

  1. ཁྱེད་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་ལས་མི་ཡོངས་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག ངོ་ཚོའི་ཡི་གེ་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་སྟེང་བཞག་པ་ནས་བརྡ་འཕྲིན་གྱི་མྱུར་ལ་བུད་ཡོད་མོད། ད་དུང་ཅུང་མི་བདེ་བ་ནི། ཡི་གེ་གཏགས་ཐབས་ཀྱི་འཐེབ་གཞུང་མི་འདྲ་བའི་དབང་གིས་དཀའ་ངལ་ཞིག་ལྷག་ཡོད། དེས་ན་ཧ་ཡིག་གི་འཐེབ་གཞུང་ནི་བཀོལ་བདེ་ལ། ཁྱབ་ཆེ་བས་ཚང་མས་འདི་བེད་སྤྱོད་བྱས་ན་ཡག་གི་བསམ་སོང་། དེ་དང་བསྒྲགས་ནས་ང་རང་ཡང་སྔོན་མར་སམ་བྷོ་ཊ་དང་ཧི་ཡིག་གཉིས་ཀྱི་འཐེབ་གཞུང་ལ་ཅུང་བྱང་ཡོད་མོད། ད་ལྟ་ཀུ་ཤུའི་རྩིས་འཕྲུལ་གྱི་བོད་འཐེབ་གཞུང་དག་ནི་གོང་གི་འཐེབ་གཞུང་དང་མི་འདྲ་བའི་རྐྱེན་གྱིས་དཀའ་ཁག་ལ་འཕྲལ་ཡོད། ཁྱེད་དྲ་བའི་ལས་གཉེར་པ་དག་གིས་ཀུ་ཤུའི་རྩིས་འཕྲུལ་ནང་དུ་ཧི་ཡིག་གི་འཐེབ་གཞུང་ཇི་ལྟར་འཇོག་པའི་ངོ་སྤྲོད་རེ་བྱེད་རྒྱུ་སྙིང་ནས་ཐུགས་རྗེ་ཆེ་ཞུ།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།