ཇོ་མོ་གླང་མ་ཅེས་པའི་བོད་ཡིག་གི་ཡིག་གཟུགས་ཕབ་ལེན།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཉེ་ཆར་རྒྱལ་སྤྱིའི་ཚད་ལྡན་གཅིག་གྱུར་ཨང་སྒྲིགUnicode ལ་བརྟེན་ནས་བཟོས་པའི་བོད་ཡིག་གི་ཡིག་གཟུགས་གསར་པ་བཅུ་བདུན་དངོས་སུ་ཁྱབ་བསྒྲགས་བྱས་འདུགབོད་ཡིག་བེད་སྤྱོད་མཁན་གྱིས་ཡོན་མི་དགོས་པའི་ཐོག་ནས་ཕབ་ལེན་བྱེད་ཆོག་པ། བོད་ཡིག་ཡིག་གཟུགས་གསར་པ་བཅུ་བདུན་ནི།

  1. ཇོ་མོ་གླང་མའི་དབུ་ཅན་གསར་ཆེན།
  2. ཇོ་མོ་གླང་མའི་དབུ་ཅན་གསར་ཆུང་།
  3. ཇོ་མོ་གླང་མའི་དབུ་ཅན་སུག་ཐུང་།
  4. ཇོ་མོ་གླང་མའི་འབྲུ་ཚ།
  5. ཇོ་མོ་གླང་མའི་དཔེ་ཚུགས།
  6. ཇོ་མོ་གླང་མའི་ཚུགས་མ་འཁྱུག
  7. ཇོ་མོ་གླང་མའི་འཁྱུག་ཡིག
  8. ཇོ་མོ་གླང་མའི་དབུ་ཅན་སུག་རིང་།
  9. ཇོ་མོ་གླང་མའི་ཚུགས་རིང་།
  10. ཇོ་མོ་གླང་མའི་ཚུགས་ཐུང་།
  11. ཇོ་མོ་གླང་མའི་ཁ་བྱང་།
  12. ཇོ་མོ་གླང་མའི་ཁ་བྱང་ཆུང་བ།
  13. ཇོ་མོ་གླང་མའི་གཞུང་ཡིག
  14. ཇོ་མོ་གླང་མའི་བརྐོས་ཡིག
  15. ཇོ་མོ་གླང་མའི་ཏུན་ཧོང་།
  16. ཇོ་མོ་གླང་མའི་མཛེས་རྩལ།
  17. ཇོ་མོ་གླང་མའི་ཧོར་ཡིག

དེ་དག་ལས་སྔོན་མ་ཁག་བཅུ་པོ་ནི་ལོ་འགའི་སྔོན་ལ་སྤྱི་ཚོགས་ཐོག་ལ་བཀྲམས་ཟིན་པ་དང་། རྗེས་ཀྱི་མདོག་དམར་པོར་བཟོས་ཡོད་པ་དེ་དག་ནི་ད་ཐེངས་གསར་དུ་བཀྲམ་པ་རེད།

Qomolangma Tibetan Unicode font
Qomolangma Tibetan Unicode font

ཡིག་གཟུགས་འདི་ཚོ་ནི་Windows དང་ Mac, Linux བཅས་ནང་ལ་བེད་སྤྱོད་བྱེད་ཐུབ་ཀྱི་རེད། ཡིག་གཟུགས་འདི་ཚོ་རྩིས་འཁོར་ནང་ལ་སྒྲིག་འཇུག་དང་བེད་སྤྱོད་བྱེད་སྟངས་ནི་ཡིག་རིགས་གཞན་གྱི་ཡིག་གཟུགས་དང་འདྲ་བ། ཡིག་གཟུགས་འདི་ཚོ་ལ་ནོར་འཁྲུལ་དང་བསམ་འཆར་གང་ཡོད་ན་བཀྲ་ཤིས་ཚེ་རིང་ལ་གནས་ཚུལ་ཕྱིར་འདྲེན་གནང་རོགས། གློག་ཡིག་ཁ་བྱང་ tTsering1@gmail.com ང་ཚོས་མགྱོགས་མྱུར་བཟོ་བཅོས་རྒྱག་ནས་ཁྱེད་རྣམས་ལ་བཀུར་གྱི་ཡིན།

ཕབ་ལེན་བྱེད་ས: འདིར་བསྣུན་རོགས།

“ཇོ་མོ་གླང་མ་ཅེས་པའི་བོད་ཡིག་གི་ཡིག་གཟུགས་ཕབ་ལེན།” དཔྱད་མཆན 5 ཡོད།

  1. ངོ་མ་ཡིག་གཟུགས་ཡག་པོ་ཅིག་བཟོས་འདུག ། མི་མཐུད་ནས་བོད་ཀྱི་ཡིག་གཟུགས་ཀུན་འདུས་ཞལ་ཐང་ཆེན་མོའི་ཡིག་གཟུགས་བཟོ་རྒྱུ་མཁྱེན། སྲོལ་རྒྱུན་གྱི་ཡིག་གཟུགས་བཟོས་མ་ཚར་གོང་དུ་ཚན་རྩལ་ཡིག་གཟུགས་བཟོས་ན་བཅུད་ཤོར་འགྲོ་ནི་རེད།

  2. ཇོ་མོ་གླང་མའི་ཡིག་གཟུགས་སྣ་ཁ་བཅུ་གསུམ་ཅན་ལ་སྨོན་ལམ་གཉིས་པ་དང། གསུམ་པ། ཧི་གཟུགས་སོགས་དང་མི་འདྲ་བའི་ཁྱེད་ཆོས་ཅི་འདྲ་ཡོད་དམ། དེ་མིན་བོད་ཡིག་གཟུགས་མང་ཆེ་བ་ཞིག་མཉེན་ཆས་མང་པོ་ཞིག་གི་ནང་དུ་བརྩེགས་འདོགས་ཡག་པོ་འཆར་གྱི་མི་འདུག་པས། དེ་ཕྱོགས་ལ་ཐུགས་སེམས་བཞེས་ན་བཀའ་དྲིན་མི་ཉུང་བ་ཞུ་རྒྱུ་ཡིན།

  3. བཀྲ་ཤིས་ཚེ་རིང་འདི་བསམ་པ་རྣམ་དག་ཅིག་ཡིན་བཟོ་འདུག་མོད་བོད་ཡིག་གི་ཆུ་ཚད་དེ་འདྲ་མི་བཟང་བ་འདྲ་ཨང་། ཧེ་ཧེ་ཧ་་་

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།