བོད་ཡིག་གི་ཡིག་གཟུགས་བརྗེ་སྒྱུར་བྱ་རིམ UTFC ཕབ་ལེན།

ཀུན་སྤྱོད་བོད་ཡིག་ཡིག་གཟུགས་བརྗེ་སྒྱུར་མཉེན་ཆས་འདི་ནི་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསར་བཟོ་བྱས་པ་རེད། མཉེན་ཆས་འདི་གསར་བཟོ་བྱས་པའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ཆེའི་བོད་ཡིག་བེད་སྤྱོད་བྱེད་མཁན་རྣམས་ལ་བོད་ཡིག་ཨང་རྟགས་སམ་ཡིག་གཟུགས་མི་གཅིག་པའི་ཡིག་ཆ་ཕན་ཚུན་བརྗེ་སྒྱུར་བྱེད་ཐུབ་པའི་ལག་ཆ་ཞིག་རེད། བརྗེ་སྒྱུར་མཉེན་ཆས་འདིས་ཆབས་ཅིག་ཏུ་བོད་ཡིག་རང་ནས་བོད་ཡིག་ལ་ཐིན་སྒྱུར་ཡིག་ལ་བརྗེ་སྒྱུར་བྱེད་ཐུབ་པ་དང་། དེ་ལས་ལྡོག་པའི་བོད་ཡིག་གི་ལ་ཐིན་སྒྱུར་ཡིག་ནས་བོད་ཡིག་རང་ལ་བརྗེ་སྒྱུར་བྱེད་ཐུབ་པའི་ནུས་པ་ཡོད། བརྗེ་སྒྱུར་མཉེན་ཆས་འདི་ནི་རིན་དངུལ་མི་དགོས་པའི་མཉེན་ཆས་ཅིག་རེད།

ང་ཚོའི་བརྗེ་སྒྱུར་མཉེན་ཆས་འདི་ནི་འཛམ་གླིང་ཡོངས་ལ་ཁྱབ་པའི་བོད་ཡིག་ཡིག་གཟུགས་ཁག་བཅུ་བདུན་ཆ་ཚང་ཡོད། འདི་ནང་བོད་ཡིག་ལ་ཐིན་སྒྱུར་ཡིག་མ་ལག་དང་རྒྱལ་སྤྱིའི་ཚད་ལྡན་བོད་ཡིག་ཨང་སྒྲིག་ཡིག་རྟགས་ཚོགས་སྤྱི Unicode དང་དེ་བཞིན་སྲོལ་རྒྱུན་གྱི་བོད་ཡིག་ཡིག་གཟུགས་བཅུ་གཉིས་བཅས་ཚུད་ཡོད། བརྗེ་སྒྱུར་མཉེན་ཆས་འདིར་རྒྱུན་དུ་མཐོང་བའི་ཡིག་ཆའི་རྣམ་གཞག་བཞི་ཡོད། འདི་ནི་ཡིག་རྐྱང་ཡིག་ཆ་(txt)དང་Unicode ཡིག་རྐྱང་ཡིག་ཆ་(txt), Rich Text Format (RTF), HTMLདྲ་ངོས་ཡིག་ཆ་བཅས་ཐག་གཅོད་བྱེད་ཐུབ་པ། སྤྱོད་མཁན་རྣམས་ཀྱིས་གང་འདོད་ཀྱིས་བོད་ཡིག་ཡིག་གཟུགས་བཅུ་བདུན་ནང་གི་ཡིག་གཟུགས་གཉིས་ཕན་ཚུན་བརྗེ་སྒྱུར་བྱེད་ཐུབ་པ་དང་། ད་དུང་མ་འདྲ་བའི་ཡིག་ཆའི་རྣམ་གཞག་ཡང་འདེམས་ཆོག་གི་རེད།

ཇུས་འགོད་སྒྲིག་བཟོ། བཀྲ་ཤིས་ཚེ་རིང་།
རྒྱུད་ཁོངས་པར་གཞི། 3.0
ཕབ་ལེན་གནས། འདིར་མནན་ནས་ཕབ་ལེན་བྱེད།
ཡིག་ཆའི་ཆེ་ཆུང་། (2.2 MB) 2,286,131

http://www.tibetitw.com/tech/63.html

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།