སྨོན་ལམ་བོད་ཡིག་མཉེན་ཆས་པར་གཞི་གསར་བ V3.1

སྨོན་ལམ་བོད་ཡིག་གསུམ་པ་དང་སྨོན་ལམ་བོད་ཡིག་༣.༡།
སྨོན་ལམ་བོད་ཡིག་གསུམ་པ་དང་སྨོན་ལམ་བོད་ཡིག་༣.༡།

སྤྱིར་ན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་དྲ་ངོས་སུ་སྨོན་ལམ་མཉེན་ཆས་ཡོངས་རྫོགས་ཕབ་ལེན་བྱེད་རྒྱུ་ཡོད་ལ་འདིར་ཡང་བསྐྱར་བཀོད་པའི་ངལ་མ་མཆིས་ཀྱང་བོད་ནང་དུ་ལན་རེར་ཕྱིའི་དྲ་རྒྱར་བདེ་བླགས་ངང་བཅར་འདྲི་བྱེད་མི་ཐུབ་པའི་གནས་ཚུལ་ལྷགས་སྟབས་ཆེད་དུ་འདིར་བཀོད་པ་ཡིན།

སྨོན་ལམ་བོད་ཡིག་གསུམ་པའི་ཁྱད་ཆོས།

སྨོན་ལམ་བོད་ཡིག་གསུམ་པ་ནི་དེ་སྔོན་བཟོས་པའི་ཡིག་གཟུགས་དང་མཐེབ་གཞུང་ཁག་ལ་བསྐྱར་བཅོས་དང་། དེ་སྔའི་མཉེན་ཆས་ཁག་ལ་བརྟེན་པའི་ཉམས་མྱོང་ཕྱོགས་བསྡོམས་དང་། ཤེས་ལྡན་པ་གང་མང་ཞིག་གི་དགོངས་ཚུལ་དང་ལེན་བྱས་ནས་ཐག་གཅོད་བྱས་ཡོད། མཉེན་ཆས་འདིར་ཡིག་གཟུགས་ཁག་བཅུ་གསུམ་ཡོད་པ་ཐམས་ཅད་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ (Unicode) གཞིར་བཟུང་ཐོག་བཟོས་ཡོད་པ་མ་ཟད། མཉེན་ཆས་གང་མང་ཞིག་གི་ནང་རྒྱལ་སྤྱིའི་ཨང་སྒྲིག་(Unicode)ཅན་གྱི་བོད་ཡིག་ལ་འཕྲད་བཞིན་པའི་དཀའ་ངལ་ལ་བསམས་ནས། སྨོན་ལམ་བོད་ཡིག་གཉིས་པ་གཞིར་བཞག་ཐོག་བེད་སྤྱོད་གཏོང་ཆོག་པའི་ཁྱད་ཆོས་ལྡན་ཡོད། མཛུབ་གནོན་གྱི་ཐད་ལ། བོད་ཕྱི་ནང་གཉིས་སུ་ཁྱབ་ཆེ་བའི་མཛུབ་གནོན་ཁག་བཞི་བཟོས་ཡོད་པས་རང་མོས་ལྟར་འདེམས་ཆོག གཤམ་གྱི་དཔེ་རིས་ལམ་ནས་སྨོན་ལམ་བོད་ཡིག་གི་འགྲོ་སྟངས་ཤེས་རྒྱུ་གལ་ཆེ། ཡིག་གཟུགས་རྙིང་བ་ཁག་གང་མང་ཞིག་UDP བརྒྱུད་ནས་སྨོན་ལམ་བོད་ཡིག་གསུམ་པར་བསྒྱུར་ཆོག ཡིག་གཟུགས་བསྒྱུར་ཚུལ་ http://www.udp.leighb.com/getstart.htm དྲ་གནས་སུ་དེར་གཟིགས་རོགས་གནང་། དེ་སྔོན་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་ཡིག་གཟུགས་གང་མང་ཞིག་གིས་དེབ་དང་། དུས་དེབ། ཚགས་ཤོག་སོགས་ཇུས་འགོད་བྱེད་མི་ཐུབ་མོད། སྨོན་ལམ་གསུམ་པ་ནི་ མཉེན་ཆས་དེ་ནི་སྤྱིར་ Unicode བོད་ཡིག་འགྲོ་མི་ཐུབ་པའི་མཉེན་ཆས་གང་མང་ཞིག་ལ་བེད་སྤྱོད་གཏོང་ཐུབ་པའི་ཆ་རྐྱེན་ལྡན་ཡོད། དཔེར་ན་ Adobe In Design CS3 Photoshop CS4 Mac ནང་Office 2011 ལྟ་བུ་རེད། སྐབས་དེའི་ Unicode རྒྱལ་སྤྱིའི་ཨང་སྒྲིག་ཅན་ཡིག་གཟུགས་གཞན་ལས་ཁྱད་དུ་འཕགས་པས་ནུས་པ་ཐོན་པ་མ་ཟད། དུས་དེབ་དང་ཚགས་ཤོག་དེབ་རིགས་གློག་བརྙན་འགུལ་རིས་བཅས་ཚ་ཚང་ལ་བཀོལ་ཐུབ་པས་བོད་ཕྱི་ནང་གཉིས་སུ་གཅིག་གྱུར་དང་ཡོངས་གྲགས་ཀྱི་མཉེན་ཆས་ཤིག་ཆགས་ཡོད། མཛུབ་གནོན་གྱི་ཐད་ལའང་འགྲོ་སྟངས་ཁག་བཞི་བཟོས་ཡོད་པས་རང་མོས་ལྟར་འདེམས་ཆོག་པ་ཞིག་ཡིན།

སྨོན་ལམ་བོད་ཡིག་༣.༡ ནི་སྨོན་ལམ་བོད་ཡིག་གསུམ་པར་བསྐྱར་བཅོས་བྱས་པ་ཞིག་ཡིན་པས་རྩ་བའི་སྨོན་ལམ་བོད་ཡིག་གསུམ་པ་གཅིག་མཚུངས་ཡིན་པས་འདིར་འགྲེལ་བཤད་ཟུར་དུ་མེད།

ཡིག་གཟུགས་ཆེ་ཆུང་ཐད། སྨོན་ལམ་ ༣.༡ དབྱིན་ཡིག་དང་ཆེ་ཆུང་གཅིག་གྱུར་བཟོས་ཡོད་པས་བརྙན་ཡོལ་དང་ཡིག་ཆ་སོགས་བོད་ཡིག་ཐོག་བཞག་ན་ཆེ་ཆུང་དབྱིན་ཡིག་དང་གཅིག་མཚུངས་ཐོག་གནས་ཐུབ། ད་དུང་སྨོན་ལམ་ ༣.༡ ནི་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་མ་ལག་གསར་པའི་ནང་བེད་སྤྱོད་ལེགས་པར་གཏོང་ཐུབ་པ་མ་ཟད། ཡིག་ཆ་འཚོལ་བ་དང་ཡིག་སྒམ་སོགས་བོད་ཡིག་ཐོག་ནས་རང་འདོད་ལྟར་བེད་སྤྱོད་གཏོང་ཆོག

Monlam Bodyig 3.1(Windows)སྐར་ཁུང་པར་གཞི་ཕབ་ལེན་བྱེད་གནས།
Monlam Bodyig 3.1(Mac OS X)ཀུ་ཤུའི་པར་གཞི་ཕབ་ལེན་བྱེད་གནས།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།