ཀུ་ཤུའི་གློག་ཀླད་ནང་དུ་སྤྱོད་རུང་བའི་ཧི་མ་ལ་ཡའི་བོད་ཡིག་གཏག་ཐབས།

སྤྱིར་ན་ཀུ་ཤུའི་གློག་ཀླད་ནང་དུ་བོད་ཡིག་གི་ཡིག་གཟུགས་སྣ་ཁ་གཉིས་དང་མཐེབ་གཞོང་ལ་སྣ་ཁ་གསུམ་འདུས་གྲུབ་བྱས་ཡོད་མོད། འོན་ཀྱང་སྐར་ཁུང་(Windows)རྒྱུད་ཁོངས་ལ་གོམས་ལོབས་སུ་སོང་བའི་སྤྱོད་མཁན་ཞིག་ལ་མཚོན་ན་ཕྲ་མཉེན་ཧི་མ་ལ་ཡའི་མཐེབ་གཞོང་དེ་ལ་ཅུང་བྱང་ཡོད་པས། ཐོག་མར་ཀུ་ཤུའི་གློག་ཀླད་ལ་འཇུག་དུས་སུ་ཧི་མ་ལ་ཡའི་མཐེབ་གཞོང་ཞིག་ཀྱང་ཡོད་ན་ཅི་མ་རུང་སྙམ་གིན་ཡོད་པ་རེད།

ད་ལྟ་མིང་ལ Liu Shi ཟེར་བའི་མི་ཞིག་གིས་ཀུ་ཤུའི་གློག་ཀླད་ནང་དུ་ཆེད་དུ་སྤྱོད་རུང་བའི་ཧི་མ་ལ་ཡའི་མཐེབ་གཞོང་ཅིག་བཟོས་ཡོད་པ་དང་། མཉེན་ཆས་འདི་རིན་མེད་མཁོ་སྤྲོད་བྱེད་ཀྱིན་ཡོད་པས་ན་ལྷན་རྒྱས་ཀྱིས་འདི་ནས་ཕབ་ལེན་བྱེད་ཆོག་གིན་ཡོད།

ཕབ་ལེན་གནས། http://pan.baidu.com/s/1dFMjBKd གསང་ཨང་། ppsc

མཉེན་ཆས་ཕབ་ལེན་གྲུབ་རྗེས་ཐོག་མར་བཙིར་གནོན་ལས་གྲོལ་དགོས་པ་དང་། དེ་ནས་གཤམ་གྱི་དཔེ་རིས་ལྟར།

Microsoft Tibetan Keyboard
ཡིག་ཆ་དེ་གཉིས་འདྲ་བཤུ་འམ་མཁོ་ཕབ་བྱེད་དགོས།

དེ་ནས་མྱུར་མཐེབ་འདི་མནོན། shift+command+c དེ་རྗེས་གཤམ་གྱི་དཔེ་རིས་ལྟར།

ཡིག་ཆ་སྦྱར་སའི་ལམ་ཐིག་གསལ་སྟོན།
དབྱིན་ཡིག་མ་ལག་ཁྲོད་དུ་ཡིག་ཆ་སྦྱར་སའི་ལམ་ཐིག་གསལ་སྟོན།
རྒྱ་ཡིག་མ་ལག་ཁྲོད་དུ་ཡིག་ཆ་སྦྱར་སའི་ལམ་ཐིག་གསལ་སྟོན།
རྒྱ་ཡིག་མ་ལག་ཁྲོད་དུ་ཡིག་ཆ་སྦྱར་སའི་ལམ་ཐིག་གསལ་སྟོན།

དེ་ལྟར་གྲུབ་རྗེས་ཁྱེད་ཀྱི་གློག་ཀླད་ཁྲོད་དུ་ཧི་མ་ལ་ཡའི་མཐེབ་གཞོང་སྒྲིག་འཇུག་བྱས་ཟིན་པ་དང་། མཛུབ་གནོན་ཁྲོད་དུ་ཁ་སྣོན་བྱེད་ཚུལ་ནི་ཕལ་ཆེར་ཁྱེད་རང་གིས་ཀྱང་མཁྱེན་སྲིད་ན་ཐང་། གཤམ་གསལ་ལྟར།

མཛུབ་གནོན་ཁ་སྣོན་བྱེད་པ།
མཛུབ་གནོན་ཁ་སྣོན་བྱེད་པ།
Tibetan-Himalaya ཅེས་པ་དེ་འདེམས་པ།
Tibetan-Himalaya ཅེས་པ་དེ་འདེམས་པ།
དེ་ནི་ཧི་མ་ལ་ཡའི་མཐེབ་གཞོང་ངོ་།།
དེ་ནི་ཧི་མ་ལ་ཡའི་མཐེབ་གཞོང་ངོ་།།

མཉེན་ཆས་བཟོ་བསྐྲུན་པ། Liu Shi
མཁོ་སྤྲོད་བྱེད་མཁན། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།
རྩོམ་འདི་འབྲི་མཁན། གླིང་སྨྱོན།
གསལ་བཤད། མཉེན་ཆས་འདི་ནི་རིན་མེད་མཁོ་སྤྲོད་ཡིན་པས་ཚོང་གི་ཕྱོགས་སུ་སྤྱོད་མི་རུང་།

“ཀུ་ཤུའི་གློག་ཀླད་ནང་དུ་སྤྱོད་རུང་བའི་ཧི་མ་ལ་ཡའི་བོད་ཡིག་གཏག་ཐབས།” དཔྱད་མཆན 15 ཡོད།

  1. དུས་རབས་ཀྱི་འགྲོས་དང་བསྟུན་ནས་མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེས་བསྐྲུན་པའི་དྲྭ་བ་འདི་འདྲ་ཞིག་གཉེར་བར་ངས་སྙིང་ཁུངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཡང་ཡང་ཞུ་བ་ཡིན།།།།

    1. ཡིག་ནོར་ལ་མཉམ་འཇོག་བྱས་ནས་དྲ་བར་སྤེལ་ན་ལེགས།
      མི་རེས་ཡིག་ནོར་རེ་བྲིས་ན་ནམ་ཞིག་དྲ་རྒྱའི་འཇིག་རྟེན་སྟེང་དུ་ཡིག་ནོར་གྱིས་བཀང་ན་མི་རིགས་རང་གི་ངོ་ཚ་མ་ཡིན་ནམ།

    1. སྐུ་ཉིད་ཀྱིས་སྐད་འཕྲིན་འདི (1160187878) ལ་འབྲེལ་བ་གནང་སྟེ་སྒེར་ཐོག་ནས་ནང་བྱེད་ཚུལ་འཛུབ་སྟོན་ཅིག་མི་བྱེད་ཏ།

    2. ཀུ་ཤུའི་གློག་ཀླད་དཔར་རིམ་གསར་ཤོས་སོགས་སུ་གཏག་ཐབས་འདི་སྒྲིག་སྦྱོར་ཨེ་ཐུབ་ལགས། བཀའ་སློབ་གནང་རོགས། ཕབ་ལེན་བྱས་རྗེས་ཚོད་ལྟ་ཐེངས་མང་བྱས་ཀྱང་ལེགས་གྲུབ་མ་བྱུང་། རང་ཉིད་ཀྱིས་བཀོལ་སྤྱོད་མ་ཤེས་པས་ཡིན་ནམ། ཡང་ན་གཏག་ཐབས་མ་ལག་འདི་ཀུ་ཤུའི་གློག་ཀླད་དཔར་རིམ་གསར་ཤོས་སོགས་སུ་རྒྱབ་སྐྱོར་མ་ཐོབ་པས་ཡིན། གང་ལྟར་མཛད་པ་པོས་གཏག་ཐབས་འདི་ལ་ལེགས་བཅོས་ཤིག་གནང་རྒྱུའི་འདུན་པ་ཆེ།

  2. /Users/gusangduioji/Desktop/CAE9D292-02E3-4EDE-9399-3CE4146F5BFE.png
    /Users/gusangduioji/Desktop/BA78EAB6-8D54-498F-A790-8B79F36298CE.png
    苹果电脑安装喜马拉雅出现这种情况,请高人执教!
    由于目前在苹果上未安装喜马拉雅,所以只能打中文的形式向贵方请教,望见谅!

མཆན་སྤེལ་ཡུལ་ནི་ དབེན་པ། ལན་དོར།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།