ཀུ་ཤུའི་ཐོན་རྫས་མིན་པའི་གློག་ཀླད་ནང་དུ་བོད་ཡིག་གློག་རྡུལ་འཕྲུལ་དེབ་བལྟ་ཀློག་བྱེད་ཐབས།

དུས་རབས་ཉེར་གཅིག་པ་ནི་ཚན་རྩལ་དང་ཆ་འཕྲིན་གྱི་དུས་རབས་ཤིག་ཡིན་ཟེར་བས་འཛམ་གླིང་ཤར་ནུབ་ཀྱི་དྲ་རྒྱའི་འབྲེལ་མཐུད་ལས་གློག་ཀླད་དང་ཁ་པར་སོགས་ནི་ང་ཚོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་རྒྱུན་མཁོའི་དངོས་པོར་གྱུར་ཡོད་ལ་དེ་དག་གི་ སྤུས་ཚད་དང་བྱེད་ནུས་སོགས་ཀྱང་དབྱར་མཚོ་ཇི་བཞིན་གོང་ནས་གོང་དུ་འཕེལ་བཞིན་ཡོད།

བདག་ཅག་ཁ་བ་རི་བོའི་སྔོན་བྱོན་མེས་པོ་ཚོས་ལོ་ངོ་སྟོང་ཕྲག་ནང་གསར་དུ་གཏོད་ པའི་རིག་པའི་གཞུང་ལུགས་ཡིག་ངོར་ཕབ་པ་དག་དུས་རབས་གསར་པའི་ཚན་རྩལ་གྱི་གསོན་ཤུགས་ཁྲོད་ནས་མུ་མཐུད་གནས་ཞིང་རྒྱུན་བསྐྱོང་བྱ་རྒྱུ་ནི་ལོ་རྒྱུས་ཀྱིས་ང་ཚོར་བཅོལ་བའི་འགན་འཁྲི་འདོར་ཐབས་མེད་པ་ཞིག་རེད་ལགས། དེས་ན་བོད་ཕྱི་ནང་གི་ཤེས་ཡོན་ཅན་དང་ལག་རྩལ་མི་སྣ་མང་པོས་བོད་ཀྱི་དཔེ་ཆ་རིན་ཐང་ ཅན་མང་པོ་གློག་རྡུལ་འཕྲུལ་དེབ་ EPUB རྣམ་པ་རུ་བཅོས་འདུག་པ་དེ་དག་ཀུ་ཤུ་རྟགས་ཅན་གྱི་ipad, iphone ལ་སོགས་པའི་མ་ལག་་ནང་ དུ་ཐད་ཀར་བལྟ་ཀློག་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་གློག་ཀླད་ནང་དུ་ཐད་ཀར་བལྟ་མི་ཐུབ་པས་དེའི་ཐད་ངོ་སྤྲོད་དང་རགས་ཙམ་བྱ་ རྒྱུ་ཡིན་པས་གྲོགས་པོ་རྣམས་པར་ཕན་རེ་ཐོགས་པར་སྨོན།

༡. དྲ་ཚིགས་འདི་གཉིས་ནས་བོད་ཡིག་དཔེ་ཆ་མང་པོ་ཐད་ཀར་ཕབ་ལེན་བྱེད་ཆོག།
༼ ༡ ༽ ༼ གློག་རྡུལ་འཕྲུལ་དེབ་ཁང། ༽
http://www.logdeb.com
༼ ༢ ༽ ༼ ནང་བསྟན་རིག་མཛོད་ཆེན་མོ། ༽
http://www.rigzod.org/index.php?option=com_content&view=article&id=112&Itemid=108
ཕབ་ལེན་བྱས་རྗེས་དཔེ་ཆ་རྣམས་སྔོན་ལ་བལྟ་མི་ཐུབ་པས་ཉར་ཚགས་བྱེད་དགོས།

༢ ཉར་ཚགས་གྲུབ་རྗེས་གཤམ་གྱི་དྲ་ཚིགས་འདི་ནས་Calibre ཞེས་པའི་མཉེན་ཆས་འདི་ཕབ་ལེན་དང་སྒྲིག་འཇུག་བྱོས། http://www.verycd.com/topics/2872142/ ཕབ་ལེན་བྱེད་མི་ཐུབ་ན་དྲ་བ་གཞན་ནས་འཚོལ་བཤེར་བྱས་ཏེ་ཕབ་ལེན་བྱས་ཀྱང་འགྲིག། ཡང་ན་ Adobeཀུང་ཟི་ནས་ཐོན་པའི་.Digital.Editions ཕབ་ལེན་གྲུབ་རྗེས་ནང་འཇུག་བྱས་ཏེ་ གློག་རྡུལ་འཕྲུལ་དེབ་དག་ལ་བལྟ་ཀློག་བྱས་ཆོག

[རྩོམ་གྱི་ཡོང་ཁུངས། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།] [རྩོམ་པ་པོ། བཀྲ་ཤིས།]

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།