རྒྱུད་ཁོངས་ཁྲོད་ཀྱི་བོད་ཡིག་ཧི་མ་ལ་ཡ་ཡིག་གཟུགས་ཆེ་རུ་གཏོང་ཐབས།

ཉེ་སྔོན་དྲ་ངོས་ཀྱི་མོས་ཐང་ཡིག་གཟུགས་ཆེ་རུ་གཏོང་ཐབས་སྐོར་ཀྱི་རྩོམ་ཡིག་ཅིག་བྲིས་ཡོད་མོད། དེས་ནི་དྲ་ངོས་གཟིགས་ཆས་ཁོ་ནར་གོ་ཆོད་པ་ལས་རྒྱུད་ཁོངས་ལ་གོ་ཆོད་ཀྱིན་མེད། སྤྱིར་ང་ཚོས་རྒྱུན་དུ་བཀོལ་བཞིན་པའི་རྩིས་འཁོར་རྒྱུད་ཁོངས་ནི་སྒེའུ་ཁུང་༼ Windows ༽ཡིན་ལ།༼ཀུ་ཤུའི་རྒྱུད་ཁོངས་ནང་དུ་གནད་དོན་འདི་མི་འདུག་པས་མི་གླེང་བར་བྱ༽ དེའི་ནང་དུ་ཡོད་པ་ནི་བོད་ཡིག་གི་ཡིག་གཟུགས་ཧི་མ་ལ་ཡ་ཅེས་པ་དེ་རེད། ཡིན་ནའང་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་ནི་ཇུས་འགོད་བྱེད་དུས་འབྲུ་ཚད་ཆུང་དྲགས་ནས་རྒྱ་བོད་དབྱིན་གསུམ་མཉམ་དུ་རྩོམ་སྒྲིག་བྱེད་དུས་བོད་ཡིག་གི་གནས་དམའ་དྲགས་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱིན་ཡོད། གནད་དོན་འདིར་དམིགས་ནས་ཡིག་གཟུགས་ཆེད་མཁས་པ་མང་པོས་རང་རང་ས་ནས་བོད་ཡིག་གི་ཡིག་གཟུགས་མང་པོ་བཟོས་མྱོང་མོད། རྩ་བའི་ཆ་ནས་གནད་དོན་ཐག་གཅོད་མ་ཐུབ། དེར་བརྟེན་ཡ་ལ་སོ་དྲ་ཚིགས་ཀྱིས་ཧི་མ་ལ་ཡ་ཆེ་བ་ཞེས་པའི་ཡིག་གཟུགས་དེ་བཟོས་པ་རེད། ཧི་མ་ལ་ཡ་ཆེ་བ་དེ་སྒྲིག་འཇུག་བྱེད་ཐབས་ནི་ཤིན་ཏུ་སླ་ཏེ། ཁ་གསལ་བའི་ཚུལ་དུ་དཔེ་རིས་དང་སྦྲགས་ནས་བཀོད་ན་གཤམ་གསལ་ལྟར།

ཕབ་ལེན་བྱེད་གནས་ནི་ http://www.yalasoo.com/files/bigger_himalaya.ttf

bigger_himalaya
ཕབ་ལེན་ཚར་རྗེས་ཀྱི་ཡིག་གཟུགས་ཡིག་ཆ་འདིའི་སྟེང་ཙི་གུས་གཡས་རྡེབ་བྱས་ཚེ་གཤམ་ཀྱི་དཔེ་རིས་ལྟར།


སྒྲིག་འཇུག་ཅེས་པ་དེ་མནན་དགོས།


ཡིན་ཅེས་པ་དེ་མནན་དགོས།

དེ་ལྟར་འགྲུབ་པ་ན་ཁྱེད་ཀྱི་རྩིས་འཁོར་ཁྲོད་ཀྱི་བོད་ཡིག་གི་ཡིག་གཟུགས་ཡོད་དོ་ཅོག་ཆེ་རུ་འགྱུར་རོ།།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།