གློག་ཀླད་ཀྱི་རྨང་གཞིའི་ཤེས་བྱ་སྐོར།

མཁྲེགས་ཆས།(Hardware) གློག་ཀླད་ཀྱི་སྟེང་དུ་མཐོང་ཐུབ་པ་དང་རེག་ཐུབ་པའི་མ་ལག་གམ་འཕྲུལ་ཆས་རྣམས་ལ་མཁྲེགས་ཆས་ཟེར་གྱིན་ཡོད།

འཕྲུལ་སྒམ(System Unit)གློག་ཀླད་འཕྲུལ་ཆས་ཀྱི་མ་ལག་དང་གློག་སྐུད་སོགས་ལྡུག་སའི་སྒམ་ལ་ཟེར།

གཏག་མའམ་ཐེབ་གཞོང་།(Keyboard) གློག་ཀླད་ཀྱི་ནང་དུ་ཡི་གེ་འབྲི་བྱེད་དམ་གནས་ཚུལ་རྣམས་གློག་ཀླད་ཀྱི་ནང་དུ་སློབ་སྟོན་སོགས་བྱེད་སྤྱད་ཀྱི་འཕྲུལ་ཆས་ཤིག་ཡིན།

བརྙན་འཆར་རམ་འཆར་ཡོལ།(Monitor)གློག་ཀླད་ནང་གི་ཡི་གེ་དང་འདྲ་པར། རི་མོ། གཟུགས་བརྙན་རིགས་སོགས་སྟོན་བྱེད་ཀྱི་འཕྲུས་ཆས་ཤིག་ལ་ཟེར།

པར་བཤུས་འཕྲུལ་ཆས།(Printer)གློག་ཀླད་ནང་གི་ཡིག་ཆ་དང་དང་དཔེ་ཆ་སོགས་དཔར་བྱེད་ཀྱི་འཕྲུལ་ཆས་ཤིག་ལ་ཟེར།
PowerPoint Presentation

ཙི་ཙི།(Mouse)གློག་ཀླད་ཀྱི་ཤེལ་སྒོའི་ཐོག་གི་དངོས་བོ་རྣམས་འདེམས་སྣུར་ཀྱི་ལས་ཀ་བྱེད་ཐུབ་པའི་འཕྲུལ་ཆས་ལ་ཟེར། དེའི་དབྱིབས་ཙི་ཙི་འདྲ་བོ་ཞིག་ཡིན། དེ་ལ་མཛུབ་གནོན་གྱི་མཐེབ་ཆི་གཡས་གནོན་དང་གཡོན་གནོན་གཉིས་ཡོད་ལ། རྒྱུན་པར་གཡོན་པར་བེད་སྤྱོད་མང་པོ་གཏོང་གིན་ཡོད། ཙི་ཙི་མེད་ནའང་མཐེབ་གཞོང་གིས་ལས་ཀ་བྱེད་ཐུབ་ངེས་སོ།

མཉེན་ཆས།(Software) མཐོང་མི་ཐུབ་པ་དང་རེག་རྒྱུ་མེད་པའི་གློག་རྡུལ་ཕྲ་རབ་ལས་གྲུབ་པའི་དངོས་བོ་ཞིག་ལ་གཉེན་ཆས་ཟེར། མཉེན་ཆས་ནི་གློག་ཀླད་ཀྱི་བླ་སྲོག་ལྟ་བུ་ཞིག་ཏུ་ཆགས་ཡོད། དེ་ལ་གཉིས་ཡོད་ཡོད་དེ། ཉེར་སྤྱོད་མཉེན་ཆས་དང་བཀོལ་སྤྱོད་མཉེན་ཆས་སོ།

ཉེར་སྤྱོད་མཉེན་ཆས།(Application Software)གློག་ཀླད་ཀྱི་ཆེད་ལས་རྣམས་ཞིབ་ཕྲའི་ངང་སྒྲུབ་པར་བྱེད་པའི་གློག་རྡུལ་ལ་ཟེར། ཉེར་སྤྱོད་མཉེན་ཆས་ནི། (Adobe&Microsoft office) ཡང་ན་ལེ་ཚན་(Programs)ཡིན་པས་ཁྱབ།

བཀོལ་སྤྱོད་མཉེན་ཆས།(Operating System Software) གློག་ཀླད་ཀྱི་འགུལ་སྤྱོད་ཀྱི་སྟངས་འཛིན་དང་ཁ་ལོ་སྒྱུར་བྱེད་ཀྱི་གློག་རྡུལ་གྱི་དངོས་བོ་ཞིག་ལ་ཟེར། འདི་ནི་སྐར་ཁུང་ཡིན་པས་སོ།

གཉིས་པ། སྐར་ཁུང་བདུན་པའི་སྐོར།(Window 7)

གློག་ཀླད་ཀྱི་སྒོ་ཕྱེས་སྐབས་སྒམ་བྱང་ཞིག་ཐོན་ཏེ་གློག་ཀླད་ཀྱི་མིང་དང་གསང་ཚིག་དྲིས་ཡོང། གལ་ཏེ་ཁྱེད་ལ་གསང་ཚིག་ཡོད་ན་གསང་ཚིག་བརྒྱབ་སྟེ་(Ok)ཡི་སྟེང་མནན་ནས་གློག་ཀླད་ཀྱི་སྒོ་ཕྱེས་མ་ཐག་ཏུ་གློག་ཀླད་ཀྱི་རྒྱབ་ལྗོངས་སམ་མདུན་ངོས(Dsektop)་མཐོང་ཐུབ།

མདུན་ངོས་སྟེང་གི་རི་མོ་འམ་ཡིག་སྒམ་འདི་ཚོ་(Icons)ནི་གློག་ཀླད་ནང་གི་ལེ་ཚན་དག་མཚོན་བྱེད་ཀྱི་རི་མོ་ཡིན་ལ། རི་མོ་ཆེ་ཆུང་རེ་རེས་ལེ་ཚན་རེ་མཚོན་གྱི་ཡོད། ཁྱེད་ཀྱིས་ལེ་ཚན་གང་རུང་ཞིག་གི་སྒོ་ཕྱེས་སྐབས་ལེ་ཚན་དེ་མཚོན་བྱེད་ཀྱི་རི་མོའི་ཐོག་ཏུ་ཙི་ཙིའི་མདའ་རྩེ་བཞག་ནས་གཉིས་གནོན་བྱས་ཚེ་ལེ་ཚན་དེའི་སྒོ་འབྱེད་ཐུབ།

ཆེད་ལས་ཐིག་བྱང་།(Taskbar)་འདིས་ཆེད་ལས་ཐིག་བྱང་གི་ས་ཆ་བསྟན་ཡོད།

༢་་སྒོ་རྒྱག་སྟངས་སྐོར།

འགོ་འཛུགས་མཐེབ་ཆི།(Start Button)

སྒོ་རྒྱག (Shut Down)དེའི་ནང་ལ་ལེ་ཚན་དྲུག་ཡོད། དེ་ཚོ་རེ་རེའི་ལ་ནུས་པ་མི་འདྲ་བ་རེ་ཡོད།

སྤྱིར་གློག་ཀླད་བེད་སྤྱོད་བྱས་ཚར་རྗེས་ངེས་པར་དུ་སྒོ་རྒྱག་དགོས་པས་རི་མོ་འདི་དག་གིས་གློག་ཀླད་སྒོ་རྒྱག་སྟངས་ཀྱི་གོ་རིམ་བསྟན་ཡོད།

དཀར་ཆག་ཅིག་ཐོན་པའི་ནང་ནས་སྒོ་རྒྱག གི་སྟེང་དུ་མནན་ཏེ་གློག་སྒོ་རྒྱག་དགོས། དེའི་རྗེས་སུ་༼ད་གཟོད་ཁྱེད་ཀྱི་གློག་ཀླད་ཀྱི་སྒོ་བརྒྱབ་ན་འགྲིག་ཅེས་པའི༽(Yes&Cancel)་ལན་འདི་མ་འབྱོར་བར་དུ་སྒུག་དགོས། དེ་ནས་ཁྱེད་ཀྱི་གློག་སྒོ་རྒྱག་པའི་གོ་རིམ་ཡོངས་སུ་རྫོགས་སོ།

སྐར་ཁུང་བརྒྱད་པའི་སྒོ་འབྱེད་སྟངས་སམ་སྒོ་རྒྱག་སྟངས་སྐོར།(Window 8)

གོང་གི་འདི་ཚོ་སྤྱིར་གློག་ཀླད་ཀྱི་རྨང་གཞི་ཤེས་བྱ་ཞིག་རེད། དེ་ཚོ་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དབྱིན་ཡིག་དང་རྒྱ་ཡིག་ཤེས་ཚེ་ལས་སླ་བོ་ཡིན།

རྩོམ་པ་པོ་རེ་སྐོང་བ་མཁའ་རྒྱལ།
ད་དུང་མུ་མཐུད་དུ་འགོད་རྒྱུ་ཡོད།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།