Line(ལམ) བྱ་བ་ནི་ཁོ་རེ་ཡ་ལྷོ་མ་ནས་བཟོས་པའི་ཕན་ཚུན་འཕྲིན་པ་གཏོང་བྱེད་ཀྱི་མཉེན་ཆས་ཤིག

Line(ལམ) བྱ་བ་ནི་ཁོ་རེ་ཡ་ལྷོ་མ་ནས་བཟོས་པའི་ཕན་ཚུན་འཕྲིན་པ་གཏོང་བྱེད་ཀྱི་མཉེན་ཆས་ཤིག་སྟེ། ཡི་གེ་དང་པར་རིས་བསྐུར་ཆོག་པར་མ་ཟད། ད་དུང་ཁ་པར་ཡང་གཏོང་ཆོག

line

2011ལོའི་ཟླ6པར་བཀྲམས་པ་ནས་བཟུང་འཛམ་གླིང་ལ་རྒྱ་ཁྱབ་ཏུ་དར་ཞིང་། རྒྱལ་ཁབ40ལྷག་ལས་ཕབ་ལེན་ཨང་རིམ་དང་པོ་བཟུང་བ་མ་ཟད། འཛམ་གླིང་གི་རྒྱལ་ཁབ230ལྷག་གིས་དགའ་བསུ་ཐོབ་པའི་འཕྲིན་པ་གཏོང་བྱེད་ཀྱི་མཉེན་ཆས་ཤིག་ཏུ་གྱུར་ཡོད་ལ། ད་ཆ་སྤྱོད་མཁན་དུང་ཕྱུར1ལྷག་ཡོད། འདིའི་ཁྱད་ཆོས་གཙོ་བོར་རིན་མི་དགོས་པར་ཁ་པར་གཏོང་བ་དང་འཕྲིན་ཐུང་སྐུར་ཆོག་པ་མ་ཟད། དེ་ལ་དུས་ཚོད24རིང་ཡུལ་དུས་ཀྱི་ཚད་བཀག་མེད་དོ། །

line

འདིའི་ཕྱི་ངོས་ནས་དེང་སང་དར་ཆེ་བའི་སྐད་འཕྲིན(微信)དང་འདྲ་མོད་དེ་ལས་ལྷག་པའི་ཁྱད་ཆོས་མང་དུ་སྣང་། ད་སྔIOS(ཀུ་ཤུའི་རྒྱུད་ཁོངས)དང་ཨན་ཊོ་རུ་སྤྱོད་རུང་བའི་མི་ཚད། རྩིས་འཕྲུལ་པར་མའང་ཡོད་དོ། །

line

ཁྱད་ཆོས་གཙོ་བོ་དག
རིན་མི་དགོས་པར་ཐད་ཀར་ཁ་བརྡ་བྱ་ཐུབ་སྟེ། ཕྱོགས་གཉིས་ཀ་རིག་ལྡན་ཁ་པར་ཡིན་ཚེ། ཡུལ་དུས་ཀྱི་ངེས་པ་མེད་པར་ཁ་པར་གཏོང་ཐུབ་ཅིང་། སྒྲ་གསལ་ལ་བཟང་བ་དང་། རྒྱལ་སྤྱིའི་ཐག་རིང་ཁ་པར་བཏང་ཡང་རིན་མི་དགོས་སོ། །
རིན་མི་དགོས་པར་འཕྲིན་ཐུང་སྐུར་ཐུབ་སྟེ། སྟབས་བདེ་མོར་འཕྲིན་ཐུང་སྐུར་ཐུབ་པར་མ་ཟད། ད་དུང་གྲོགས་པོའི་ཚང་མ་འཛོམས་པའི་ཚོགས་པའང་འཛུགས་ཐུབ། འཕྲིན་ཐུང་དུ་ཡི་གེ་ལས་གཞན་སྦྱར་རིས་དང་པར་རིས་སྣ་ཚོགས་སྐུར་ཐུབ་ལ་ཞོར་དུ་སྡོད་སའི་ཆ་འཕྲིན་ཡང་འཇོག་ཐུབ། དེ་མིན། རྩིས་འཕྲུལ་པར་མ་ལས་ཀྱང་ཁ་པར་དང་མཉམ་བགྲོད་བྱས་ནས་འཆར་ཐུབ།

[རྩོམ་གྱི་ཡོང་ཁུངས། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།] [རྩོམ་པ་པོ། རྟ་མགྲིན།]

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།