Adobe Premiere Pro CC ནང་ལ་བོད་ཡིག་གི་བརྩེགས་འདོགས་ཡག་པོར་འཆར་ཐུབ།

Adobe Premiere Pro CC ནི་བརྙན་ཟློས་རྩོམ་སྒྲིག་མཉེན་ཆས་རིགས་ཤིག་ཡིན་ལ། དེ་བེད་སྤྱོད་གཏོང་མཁན་ཀྱང་ཤིན་ཏུ་མང་པོ་རེད། ཡིན་ནའང་མཉེན་ཆས་འདིའི་ནང་དུ་ཧི་མ་ལ་ཡ་སོགས་རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་ (Unicode) གི་བོད་ཡིག་གཏག་དུས་སུ་བརྩེགས་འདོགས་ཡག་པོར་འཆར་མི་ཐུབ་པའི་དཀའ་ངལ་ལ་འཕྲད་བཞིན་ཡོད།

ཉེ་ཆར་གྲོགས་པོ་ཁ་ཤས་ཀྱིས་མཉེན་ཆས་འདིའི་ནང་དུ་བོད་ཡིག་ཡག་པོར་འཆར་བའི་ཐབས་ལམ་ཞིག་ཨེ་ཡོད་ཅེས་ཡང་ཡང་དྲིས་བྱུང་བས་བདག་གིས་མཉེན་ཆས་དེ་ཕབ་ལེན་བྱས་ནས་ཚོད་ལྟ་བྱས་པ་ཡིན། དུས་རྒྱུན་མཉེན་ཆས་འདི་སྤྱོད་ཐེངས་ཤིན་ཏུ་ཉུང་བས་ཐོག་མར་མཉེན་ཆས་འདིའི་པར་གཞི་གསར་ཤོས་དེ་རག་དགོས་སྙམ་ནས་ང་རང་ཨོ་ཊོ་པེ་(Adobe) གཞུང་ཕྱོགས་དྲ་ཚིགས་ཀྱི་ཕབ་ལེན་དྲ་ངོས་སྟེང་( http://www.adobe.com/downloads.html )བསྐྱོད་པ་དང་། མིག་སྔའི་པར་གཞི་གསར་ཤོས་ནི་ Adobe Premiere Pro CC (2015) དེ་ཡིན་ལ་ཐེངས་འདིར་ཚོད་ལྟ་བྱེད་བཞིན་པའང་པར་གཞི་དེ་ཡིན་པས་པར་གཞི་གཞན་དག་གི་ཁྲོད་དུ་མི་འདྲ་ས་ཡོད་ནའང་ཐང་།

Adobe Premiere Pro CC མཉེན་ཆས་ཁ་ཕྱེ་དུས་ཀྱི་རྣམ་པ།
Adobe Premiere Pro CC མཉེན་ཆས་ཁ་ཕྱེ་དུས་ཀྱི་རྣམ་པ།
ཐད་ཀར་བོད་ཡིག་གཏག་པ་ན་བརྙན་ཡིག་ཁྲོད་དུ་བརྩེགས་འདོགས་ལ་སྐྱོན་ཤོར་བ།
ཐད་ཀར་བོད་ཡིག་གཏག་པ་ན་བརྙན་ཡིག་ཁྲོད་དུ་བརྩེགས་འདོགས་ལ་སྐྱོན་ཤོར་བ།

གནད་དོན་ནི་བོད་ཡིག་གི་བརྩེགས་འདོགས་ལ་སྐྱོན་ཤོར་བ་དེ་རེད། གནད་དོན་འདི་སེལ་དགོས་ན་གཤམ་གསལ་ལྟར།

གདམ་ཐོ་ཕྱོགས་སྟོན།
གདམ་ཐོ་ཕྱོགས་སྟོན།
གདམ་ཐོ་ཕྱོགས་སྟོན།
གདམ་ཐོ་ཕྱོགས་སྟོན།
གདམ་ཐོ་ཕྱོགས་སྟོན།
གདམ་ཐོ་ཕྱོགས་སྟོན།

དེ་ལྟར་གྲུབ་ཚར་རྗེས་སུ་བརྙན་ཡིག་ཁྲོད་དུ་བོད་ཡིག་གཏག་ནས་ཚོད་ལྟ་ཅིག་བྱོས་དང་།

བོད་ཡིག་གི་བརྩེགས་འདོགས་ཡག་པོར་འཆར་ཐུབ་པ།
བོད་ཡིག་གི་བརྩེགས་འདོགས་ཡག་པོར་འཆར་ཐུབ་པ།

གོང་གི་འགྲོ་ལུགས་དེ་ཐེངས་གཅིག་ལ་བསྒྲུབ་ན་རྗེས་མར་མཉེན་ཆས་དེའི་ཁ་ཕྱེས་ཚེ་རང་འགུལ་གྱིས་ཉར་ཚགས་བྱས་ཡོད་སྟབས། ཡང་བསྐྱར་བསྒྲུབ་མི་དགོས་སོ། ། གླིང་སྨྱོན་གྱིས་དཔེ་རིས་དང་སྦྱར་ནས་བྲིས།

“Adobe Premiere Pro CC ནང་ལ་བོད་ཡིག་གི་བརྩེགས་འདོགས་ཡག་པོར་འཆར་ཐུབ།” དཔྱད་མཆན 12 ཡོད།

  1. གུས་པའི་པར་མཛོད་ནང་དུ་བརྩེགས་མ་ཅན་གྱི་ཡི་གེ་འགྱུར་འགྲོ་བས་དེ་ལ་བྱེད་ཐབས་ཅི་ཡོད་ནི་རེད་འགས།བཀའ་དྲིན་ཆེ།

  2. ཀུ་ཤུའི་ནང་ལ་ཡོད་པའི་premiere po ནང་ 印度语ཟེར་བའི་སྣོན་ས་དེ་མིན་འདུག་ དེའི་ཐབས་ཤེས་ཡོད་ན་གུས་པར་རོགས་རམ་གནང་རོགས།
    QQ:550773138

  3. གཙོ་བདག་ལགས། ང་ལ་ཧི་ཡིག་སོགས་འཆར་ཐུབ་པའི་བརྙན་ཟློས་རྩོམ་སྒྲིག་མཉེན་ཆས་རིགས་ཡག་པོ་ཞིག་ངོ་སྤྲོད་བྱེད་རྒྱུ་མཁྱེན་མཁྱེན། མཁྱེན། མཁྱེན།

    1. བརྙན་ཟློས་རྩོམ་སྒྲིག་མཉེན་ཆས་ཡག་པོ་ཧི་ཡིག་སོགས་འཆར་ཐུབ་པ་ཞིག་དྲ་ངོས་འདིར་འགོད་རོགས། མཁྱེན། མཁྱེན།

  4. ཐུགས་རྗེ་ཆེ། ལེགས་གྲུབ་ཐུབ་སོང་། པར་གཞི་གསར་ཤོས་དེའི་ནང་མ་གཏོགས་རྒྱ་གར་ཡི་གེའི་གདམ་བྱ་དེ་མིན་འདུག ད་Aeནང་བོད་ཡིག་ལེགས་པོ་འཆར་ཐུབ་པའི་ཐབས་ལམ་ཞིག་བསྩལ་རོགས་བཞུ།

མཆན་སྤེལ་ཡུལ་ནི་ བསྟན་འཛིན། ལན་དོར།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།