ཀུ་ཤུའི་གློག་ཀླད་ནང་དུ་ཡིག་གཟུགས་གསར་པ་ཁ་སྣོན་བྱེད་ཚུལ།

མིག་སྔར་ཀུ་ཤུའི་གློག་ཀླད་ནང་དུ་མིང་ལ Kokonor༼ཀོ་ཀོ་ནོར་༽དང Kailasa ༼ཀེ་ལ་ཤ་༽ཟེར་བའི་བོད་ཡིག་གི་ཡིག་གཟུགས་སྣ་གཉིས་འདུས་གྲུབ་བྱས་ཡོད་པ་དང་། ཡིག་གཟུགས་དེ་གཉིས་ཙམ་གྱིས་ང་ཚོའི་འདོད་བློ་ཚིམས་ཐབས་བྲལ་བས་ཡིག་གཟུགས་གསར་པ་ཁ་སྣོན་བྱེད་དགོས་པའི་གནས་ཚུལ་འཕྲད་ཀྱིན་ཡོད། ཐོག་མར་ཁྱེད་ཀྱིས་ཡིག་གཟུགས་ཕབ་ལེན་བྱེད་དགོས་པ་དང་། ངེད་དྲ་བའི་ཕབ་ལེན་ལེ་ཚན་དུ་གཟིགས་དང་བོད་ཡིག་གི་ཡིག་གཟུགས་སྣ་ཚོགས་ཕབ་ལེན་བྱེད་རྒྱུ་ཡོད།

ཡིག་གཟུགས་ཕབ་ལེན་ཚར་རྗེས། སྤྱིར་བཏང་དུ་བཙིར་གནོན་ཡིག་ཆ་ཡིན་ཚེ་སྔོན་ལ་བཙིར་གནོན་ལས་གྲོལ་དགོས་ཀྱི་ཡོད།

དེ་ནས་ཀུ་ཤུ་གློག་ཀླད་ཅོག་ངོས་ལ་བསྐྱོད་དང་གཤམ་གྱི་དཔེ་རིས་ལྟར།

བཀོལ་སྤྱོད་བྱ་རིམ་ནང་བསྐྱོད་པ།
བཀོལ་སྤྱོད་བྱ་རིམ་ནང་བསྐྱོད་པ།
ཡིག་གཟུགས་དེབ་ཅེས་པ་དེའི་ཁ་ཕྱེ།
ཡིག་གཟུགས་དེབ་ཅེས་པ་དེའི་ཁ་ཕྱེ།
ཡིག་གཟུགས་ཁ་སྣོན།
ཡིག་གཟུགས་ཁ་སྣོན།
ཡིག་གཟུགས་འདེམས་ནས་ཁ་ཕྱེ།
ཡིག་གཟུགས་འདེམས་ནས་ཁ་ཕྱེ།
ཡིག་གཟུགས་བཤེར་སྒྲུབ།
ཡིག་གཟུགས་བཤེར་སྒྲུབ།

འདིར་གསལ་བཤད་བྱ་དགོས་པ་ཞིག་ནི་ཡིག་གཟུགས་བཤེར་སྒྲུབ་ནི་ཡིག་གཟུགས་དེ་ཀུ་ཤུའི་གློག་ཀླད་ཀྱི་ཚད་གཞི་ལྟར་བཟོས་ཡོད་མིན་ལ་བཤེར་བས་ན་ཡིག་གཟུགས་ཚད་ལྡན་ཞིག་ཡིན་ན་སྤྱིར་བཏང་དུ་གསལ་འདེབས་དེ་ཡོད་མི་སྲིད། ཡིན་ན་ཡང་དེར་སྐྱོན་ཆེར་མེད། ང་ཚོས་སྒྲིག་འཇུག་བྱེད་འདོད་པའི་ཡིག་གཟུགས་དེ་འདེམས་ནས་འདབས་ཀྱི་འདེམས་ཟིན་པའི་ཚན་དེ་སྒྲིག་འཇུག་བྱེད་ཅེས་པ་དེ་མནན་པས་འཐུས།

ཡིག་གཟུགས་དེབ་ནང་སྒྲིག་འཇུག་བྱས་ཟིན་པའི་ཚུལ།
ཡིག་གཟུགས་དེབ་ནང་སྒྲིག་འཇུག་བྱས་ཟིན་པའི་ཚུལ།

དེ་ལྟར་བྱས་ཚར་བ་ན་ང་ཚོས་ཡིག་གཟུགས་དེ་སྒྲིག་འཇུག་གི་ལས་ཀ་ཡོངས་སུ་རྫོགས་པ་རེད།

གླིང་སྨྱོན་གྱིས་བྲིས།

“ཀུ་ཤུའི་གློག་ཀླད་ནང་དུ་ཡིག་གཟུགས་གསར་པ་ཁ་སྣོན་བྱེད་ཚུལ།” དཔྱད་མཆན 6 ཡོད།

  1. ཀུ་ཤུའི་གློག་ཀླད་དྲྭ་ངོས་སུ་ཞུགས་དུས་དྲྭ་ངོས་ཀྱི་བོད་ཡིག་གི་ཡིག་གཟུགས་ཧི་གཟུགས་དང་སྨོན་ལམ་ཡིག་གཟུགས་སོགས་ཅི་ལྟར་འཆར་དུ་འཇུག་དགོས་སམ།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།