དྲ་ངོས་བོད་ཡིག་ཆུང་དྲགས་པའི་གནད་དོན་སེལ་ཐབས་ལས – མེ་ཝའི་ (Firefox) སྐོར།

དེ་སྔོན་ངེད་དྲ་བའི་སྟེང་དུ་དྲ་ངོས་ཀྱི་སོར་བཞག་བོད་ཡིག་ཡིག་གཟུགས་ཆེ་རུ་གཏོང་ཐབས་ཅེས་པའི་རྩོམ་ཞིག་སྤེལ་མྱོང་ལ། གཙོ་བོར་སྐར་ཁུང་ (Windows) ཁྲོད་ཀྱི Internet Explorer (IE) ཅེས་པའི་ཁྲོད་ཀྱི་སྒྲིག་འགོད་བྱེད་སྟངས་བཀོད་ཡོད། དེང་སང་དྲ་ངོས་བཤར་ལྟ་ཆས་དེ་ལས་ཀྱང་རྒྱུགས་ཆེ་བ་ནི་མེ་ཝ (Firefox) དང་ Google Chrome ཡིན་འདུག་ལ། དེ་བས་ཀྱང་གལ་ཆེ་བ་ཞིག་ནི་བཤར་ལྟ་ཆས་འདི་གཉིས་ཀྱིས་བོད་ཡིག་ལ་རྒྱབ་སྐྱོར་ཡག་པོ་ཐོབ་པ་དེ་རེད།

གཤམ་ནས་མེ་ཝ་བཤར་ལྟ་ཆས་སྐོར་བརྗོད་ཀྱི་ཡིན།

དང་པོ། ཕབ་ལེན་བྱེད་ས་ནི། http://www.firefox.com.cn/download/ དྲ་ངོས་དེའི་ནང་དུ་འཛུལ་ནས་ Firefox རིན་མེད་ཕབ་ལེན་ཅེས་པ་དེ་མནན་ཚེ་བདེ་བླག་ངང་རང་ཉིད་ཀྱི་རྩིས་འཁོར་དུ་ཕབ་ལེན་བྱ་ཐུབ།

ཕབ་ལེན་གྱི་དཔེ་རིས།
ཕབ་ལེན་གྱི་དཔེ་རིས།

དེར་མཐུད་ནས་སྒྲིག་འཇུག་བྱེད་དང་གོ་རིམ་ཧ་ཅང་སླ་བས་འདིར་མ་བཀོད།

གཉིས་པ། བོད་ཡིག་གི་ཡིག་གཟུགས་སྒྲིག་འགོད་བྱ་སྟངས་ནི་གཤམ་གསལ་དཔེ་རིས་ལས།

མདའ་རྟགས་ལྟར་དུ་མནན་པ།
མདའ་རྟགས་ལྟར་དུ་མནན་པ།

20141112121711

20141112121858

དེ་ལྟར་གྲུབ་ཚར་རྗེས། པོད་ཕྲན་གྱི་ཁ་ཕྱེ་དང་བོད་ཡིག་གི་ཡིག་གཟུགས་དག་ཆེ་རུ་གྱུར་ཡོད།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།