Windows 7ཅེས་པའི་བཀོལ་སྤྱོད་རྒྱུད་ཁོངས་ལ་རྒྱུས་ལོན་རགས་ཙམ་བྱེད་པ།

རྒྱུད་ཁོངས Windows 7 ནི་ཕྲ་མཉེན་སྤྱི་གཉེར་ཁང་གིས་བཏོན་པའི་སྒེའུ་ཁུང་བཀོལ་སྤྱོད་རྒྱུད་ཁོངས་གསར་ཤོས་དེ་ཡིན། དུས་ཡུན་ལོ་ངོ་གསུམ་གྱི་རིང་ལ་ཞིབ་འཇུག་དང་ཚོད་ལྟ་གང་མང་བྱས་མཐར། སྤྱི་ལོ༢༠༠༩ལོའི་ཟླ༡༠ཚེས༢༣ཉིན་ཀྲུང་གོའི་ཚོང་རར་དངོས་སུ་འགྲེམ་སྤེལ་བྱས། དེ་ནི་ཕྲ་མཉེན་གྱིས་གསར་སྤེལ་བྱས་པའི་གསར་བརྗེ་རང་བཞིན་ལྡན་པའི་བཀོལ་སྤྱོད་རྒྱུད་ཁོངས་ཞིག་ཡིན་ལ། ཕྲ་མཉེན་གྱིས་བཤད་པ་ལྟར་ན། Windows 7ནི་སྒེའུ་ཁུང་བཀོལ་སྤྱོད་མ་ལག་ཁྲོད་ཆེས་ཕུལ་དུ་བྱུང་བ་དེ་ཡིན།


Windows 7

མིག་སྔར་ཚོང་རའི་ནང་བཙོང་བཞིན་པའི་Windows 7ལ་པར་གཞི་སྣ་ཁ་བཞི་ལྷག་ཡོད་དེ། Windows 7 Home Basicདང་། Windows 7 Home Premiumདང་། Windows 7 Professionalདང་། Windows 7 Ultimateབཅས་རེད། དེ་དག་ལས་Windows 7 Ultimateནི་པར་གཞི་མཐོ་ཤོས་ཡིན་ལ་པར་གཞི་སོ་སོའི་ཁྲོད་ཀྱི་བྱེད་ནུས་མཐའ་དག་མ་འདུས་པ་མེད།


Windows 7ཁ་ཕྱེ་དུས་ཀྱི་རྣམ་པ།

Windows 7དེ་ཡངWindows Vistaདང་འདྲ་པར་རྒྱུད་ཁོངས་ནང་དུ་བོད་ཡིག་གི་ཡིག་གཟུགས་ཧི་མ་ལ་ཡ་དང་དེའི་གཏག་ཐབས་ལྷན་དུ་འདུས་ཡོད་སྟབས། བོད་ཡིག་བཀོལ་སྤྱོད་བྱེད་བཞིན་པའི་མི་ལ་སྟབས་བདེ་ཆེན་པོ་བཟོས་ཡོད།


Windows 7ཡི་ཅོག་ངོས།

ཟུར་བཀོད། པར་གཞི་རེ་རེའི་ཚོང་རའི་རིན་གོང་།
Windows 7 Home Basic དམངས་སྒོར399.00
Windows 7 Home Premium དམངས་སྒོར699.00
Windows 7 Professional དམངས་སྒོར1399.00
Windows 7 Ultimate དམངས་སྒོར2460.00

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།