Microsoft Office 2010 ངོ་སྤྲོད་མདོར་བསྡུས།

Microsoft Office 2010 ནི་མིག་སྔར་ཕྲ་མཉེན་སྤྱི་གཉེར་ཁང་གི་ཆེས་གསར་བའི་བེད་སྤྱོད་མཉེན་ཆས་རེད།   སྤྱི་ཟླ5ཚེས15ཉིན་འཛམ་གླིང་ཚོང་ར་ཡོངས་ལ་དངོས་སུ་འགྲེམ་སྤེལ་བྱས།

Microsoft Office ཞེས་པའི་བེད་སྤྱོད་མཉེན་ཆས་འདི་ནི 1989 ལོར་བྱུང་བ་དང་། Microsoft Windows དང་Apple Macintoshབཀོད་སྤྱོད་མ་ལག་གཉིས་ལ་དམིགས་ནས་བཟོ་པ་ཞིག་ཡིན། Microsoft Office དང་ཐོག་ Wordདང་ Excelདང་ PowerPoint དང་Access བཅས་བཞི་ལས་མེད་མོད། རིམ་བཞིན་ཆ་ཚང་ཇེ་ལེགས་ཏུ་སོང་ནས་ད་ལྟའི་རིགས་སྣ་བཅུ་ལྷག་ཙམ་འདུག་པའི་བེད་སྤྱོད་མཉེན་ཆས་ཞིག་རེད། སྟབས་བདེ་དང་མགྱོགས་མྱུར་ངང་ལས་ཀ་མང་པོ་ཞིག་སྒྲུབ་ཐུབ་པས་སྤྱོད་མཁན་རྣམས་ཀྱིས་དགའ་བསུ་ཐོབ།

Microsoft Office 2010 བཀོད་སྤྱོད་བྱེད་པའི་མཁྲེགས་ཆས་ཆ་རྐྱེན་ལ་ CPU ཡི་ཚད་ 500MH2དང་ཡང་ན་དེའི་ཡན་ཆད། ནང་གསོག་གི་ཆེ་ཆུང་ལ་256MBསྲ་སྡུད་ཀྱི་ཤོང་ཚད་3.0GBམངོན་ཆས་འཕྲོད་ཚད་མཐུན་ཕྱོགས་1024*768 དང་ཡང་ན་དེའི་ཡན་ཆད།

Microsoft Office 2010ཡི་གྲངས་གནས་32དང་64ཅན་གྱི་Vistaདང་Windos7ལ་རྒྱབ་སྐྱོར་བྱེད་པ་དང་། གྲངས་གནས་32ཅན་གྱི་Windows XPལ་རྒྱབ་སྐྱོར་བྱེད་པ་ལས་གྲངས་གནས་64ཅན་ལ་རྒྱབ་སྐྱོར་མི་བྱེད། Office 2010 སྤྱི་རྣམ་པ་ཡི་ཆ་ནས་སྔོན་མ་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བརྗོད་བྱའི་མཚོན་རྟགས་ལི་མདོག་ཅན་ཏུ་གྱུར་བ། མཐུད་ངོས་Ribbonཞེས་པའི་མཐུད་ངོས་གསར་བ་སྤྱོད་པ་དང་ཁ་གསལ་ཞིང་གོ་བདེ་བར་འདུག

Microsoft Office 2010 ལ་པར་གཞི་དྲུག་ཡོད་པ་དང་། དེ་དག་ནི་དམའ་རིམ་པར་གཞི་དང་མི་སྒེར་དང་སློབ་མའི་པར་གཞི། མི་སྒེར་དང་ཚོང་ལས་པར་གཞི། ཚད་ལྡན་པར་གཞི་ངམ་ཆེད་ལས་པར་གཞི། མཐོ་རིམ་ཆེད་ལས་པར་གཞི་དང་དྲ་ངོས་པར་གཞི་བཅས་ཡིན།དྲ་ངོས་པར་གཞི་དེ་Windows Live སྤྱོད་མཁན་རྣམས་ཀྱིས་སྟབས་བདེ་ངང་དྲ་ཐོག་ནས་བྱ་བྱེད་སྒྲུབ་ཆོག་པར་འདུག དམའ་རིམ་པར་གཞི་ནི་རིན་མེད་ཀྱི་པར་གཞི་ཤིག་ཡིན། དེ་ལ་Word 2010 དང་ Excel 2010 གཉིས་ལས་མི་འདུག མི་སྒེར་དང་སློབ་མའི་པར་གཞི་ལ་ནང་གསེས་ Word 2010;Excel 2010;PowerPoint 2010;OneNote 2010;Publisher 2010 བཅས་ཡོད་པ་དང་རིན་གོང་ལ་$149ཡིན། མི་སྒེར་དང་ཚོང་ལས་པར་གཞི་དེ་སློབ་མའི་པར་གཞི་ཡི་སྟེང་ལ་Outlook 2010 ཁ་སྣོན་བྱས་ཡོད་པ་དང་རིན་གོང་$279 ཡིན། ཚད་ལྡན་པར་གཞི་ངམ་ཆེད་ལས་པར་གཞི་དེ་མི་སྒེར་དང་ཚོང་ལས་པར་གཞི་སྟེང་དུ་Access 2010བསྣན་ཡོད་པ་དང་རིན་གོང་$499ཡིན། མཐོ་རིམ་ཆེད་ལས་པར་གཞི་ནི་ཕྲ་མཉེན་སྤྱི་གཉེར་ཁང་དང་མཛའ་འབྲེལ་ཡོད་པའི་སློབ་གླིང་དག་ལ་ཁ་གཏག་པའི་པར་གཞི་ཞིག་རེད། གཞན་ཡང་སྤྱོད་མཁན་ཚོས་http://office.microsoft.com/zh-cn/ནས་Microsoft Office 2010 ཕན་ལེན་བྱས་རྗེས་ཟླ་བ་གཅིག་གིས་རིང་ལ་ཚོད་ལྟ་བྱས་ཆོག

Microsoft Office 2010 གསར་དུ་བསྣན་པའི་རྩོད་ནུས་ལ།


༡ Word 2010 དང་ PowerPoint 2010 ནང་དུ་རི་མོ་དང་བརྙན་རིས་སྔར་ལས་རང་མོས་ལྟར་སྒྲིག་སྤྱོར་བྱེད་ཆོག་པ།


༢  Communicator 2010 ནི་MSN,QQདང་འདྲ་བའི་ཁྱབ་ཆུང་དྲ་རྒྱའི་དུས་ཐོག་འཕྲིན་སྐྱེལ་ཡོ་བྱད་ཞིག་ཡིན་པས་གྲོགས་པོ་དང་མཉམ་དུ་བྱ་བ་སྒྲུབ་ཆོག་པ་རེད།


༣OneNote 2010 ནི་ནུས་པ་ཤིན་ཏུ་ཆེ་བའི་ཟིན་ཐོ་འབྲི་དེབ་ཅིག་རེད། སྤྱོད་མཁན་གྱིས་ཡི་གེ་དང་པར་རིས།བརྙན་རིས་དང་སྒྲ་ཟློས་སོགས་ཟིན་ཐོ་འགོད་ཆོག་པས་ཁྱེད་ལ་སྤྲོ་སྣང་སྟེར་ངེས།

༤SharePoint Workspace 2010 ཡི་བྱེད་ནུས་གཙོ་བོ་ནི་ཕྲ་མཉེན་གྱི་SharePoint ཡིས་ལག་རྩལ་སྤྱད་པའི་དྲ་ཚིགས་ཐོག་གི་ཡིག་ཆ་དང་གཞི་གྲངས་ལ་གོམ་མཉམ་བྱེད་པ། སྟབས་བདེ་ངང་SharePoint Serverཡི་ཐོག་ཉར་ཚགས་བྱས་ཡོད་པའི་ཡིག་ཆ་ལ་སྒྲིག་སྤྱོར་བྱེད་ཐུབ།

རྩོམ་པ་པོ་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྩིས་འཁོར་སློབ་གླིང་གི་བོད་ཡིག་ཆ་འཕྲིན་ལག་རྩལ་འཛིན་གྲྭའི་སློབ་མ་ཡིན།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།