ཀུ་ཤུའི་རྒྱུད་ཁོངས་རིམ་པ་སྤར་རྗེས་སྨོན་ལམ་ཚིག་མཛོད་གང་དུ་ཕྱིན་པ་རེད་དམ།

ངེད་དྲ་བའི་དྲ་གྲོགས་མི་ཉུང་བ་ཞིག་གིས་བརྗོད་པ་ལྟར་ན། ཀུ་ཤུའི་རྒྱུད་ཁོངས་རིམ་པ་སྤར་རྗེས་སྨོན་ལམ་ཚིག་མཛོད་གར་སོང་མི་ཤེས་པའི་དཀའ་ངལ་དེ་འདྲ་ཞིག་ལ་འཕྲད་བཞིན་ཡོད་པ་དེར་དམིགས་ནས་དེའི་སྐོར་ལ་ཅུང་ཟད་ཞུ་རྒྱུ་ཡིན།

ཀུ་ཤུའི་རྒྱུད་ཁོངས་ཁྲོད་ཀྱི་ཚིག་མཛོད་ཅེས་པའི་ཁ་ཕྱེ།
ཀུ་ཤུའི་རྒྱུད་ཁོངས་ཁྲོད་ཀྱི་ཚིག་མཛོད་ཅེས་པའི་ཁ་ཕྱེ།
ཁ་ཕྱེ་མ་ཐག་སྨོན་ལམ་ཚིག་མཛོད་གར་སོང་མི་འདུག
ཁ་ཕྱེ་མ་ཐག་སྨོན་ལམ་ཚིག་མཛོད་གར་སོང་མི་འདུག

ལ་ལས་བཤད་ན་དེ་ནི་སྨོན་ལམ་ཚིག་མཛོད་དེ་ཀུ་ཤུའི་རྒྱུད་ཁོངས་རིམ་པ་སྤར་བའི་རྗེས་མ་ཆོད་པ་རེད་ཟེར། འོན་ཀྱང་དོན་དངོས་སུ་དེ་འདྲ་ཞིག་མ་ཡིན་ཏེ། དེ་ནི་རྒྱུད་ཁོངས་རིམ་པ་སྤར་བ་དང་བསྟུན་ནས་རྩིས་འཕྲུལ་རང་ངོས་ནས་ཐོག་མའི་རྣམ་པར་བསྒྱུར་བ་དང་། སྨོན་ལམ་ཚིག་མཛོད་ནི་མ་ལག་རང་འདུས་ཀྱི་མཉེན་ཆས་མིན་སྟབས་གབ་ཡིབ་བྱས་པར་ཡང་རྒྱུ་རྐྱེན་ཡོད་པ་རེད།

ད་ནི་ང་ཚོས་ཡང་བསྐྱར་སྨོན་ལམ་ཚིག་མཛོད་སྒྲིག་འཇུག་བྱ་དགོས་པ་མ་ཡིན་པར། དེ་ཚིག་མཛོད་དུ་ཁ་སྣོན་བྱས་པས་ཆོག་པ་རེད། འོ་ན་ཇི་ལྟར་ཁ་སྣོན་བྱ་དགོས་སམ་ཞེ་ན། གཤམ་གྱི་དཔེ་རིས་ལྟར།

སྒྲིག་འགོད་དེ་ནོན།
སྒྲིག་འགོད་དེ་ནོན།
སྨོན་ལམ་ཚིག་མཛོད་ཁག་གསུམ་མཐོང་བ་དེ་དག་འདེམས།
སྨོན་ལམ་ཚིག་མཛོད་ཁག་གསུམ་མཐོང་བ་དེ་དག་འདེམས།
ད་ནི་ང་ཚོས་སྨོན་ལམ་ཚིག་མཛོད་ཕྱིར་རྙེད་པ་རེད།
ད་ནི་ང་ཚོས་སྨོན་ལམ་ཚིག་མཛོད་ཕྱིར་རྙེད་པ་རེད།

སྤྱིར་ན་འདི་ནི་ཧ་ཅང་སླ་མོ་ཞིག་ཡིན་མོད་ཀྱི། འགའ་རེར་མཚོན་ན་མགོ་བོ་ན་བའི་རྒྱུ་རུ་གྱུར་ཡོད་སྟབས། གླིང་སྨྱོན་གྱིས་དེ་ལྟར་དཔེ་རིས་དང་སྦྲགས་ནས་གསལ་བཤད་ཙམ་བགྱིས་པ་དགེའོ།།

“ཀུ་ཤུའི་རྒྱུད་ཁོངས་རིམ་པ་སྤར་རྗེས་སྨོན་ལམ་ཚིག་མཛོད་གང་དུ་ཕྱིན་པ་རེད་དམ།” དཔྱད་མཆན 5 ཡོད།

མཆན་སྤེལ་ཡུལ་ནི་ ལྷུན་གྲུབ་ ལན་དོར།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།