ཀུ་ཤུའི་གློག་ཀླད་ཁྲོད Word ནང་དུ་བོད་ཡིག་རྩོམ་སྒྲིག་ལ་འཕྲད་པའི་དཀའ་ངལ་སེལ་ཐབས།

སྤྱིར་ན་ཀུ་ཤུའི་གློག་ཀླད་དུ་ཁོང་ཚང་གི Pages སོགས་ཕབ་ལེན་བྱེད་རྒྱུ་ཡོད་ཅིང་། དེས་བོད་ཡིག་ལ་རྒྱབ་སྐྱོར་ཡག་པོ་ཐོབ་པས་དེ་ཉིད་བེད་སྤྱོད་བཏང་ན་ཆོག་མོད། མང་པོ་ཞིག་ནི་ལོབས་ཕྱོགས་ཤིག་གིས Microsoft Word བེད་སྤྱོད་གཏོང་གིན་ཡོད། དེ་ཡང Microsoft Word ནི་ཕྲ་མཉེན་ཚང་གི་ཡིན་སྟབས་ཀུ་ཤུའི་ནང་དུ་བོད་ཡིག་གཏག་སྐབས་རྩོམ་སྒྲིག་ཡག་པོ་བྱེད་ཐུབ་ཀིན་མི་འདུག་ཅེས་གྲོགས་པོ་མང་པོས་ལབ་ཀྱིན་འདུག་པས་ན། གཤམ་དུ་དཔེ་རིས་དང་སྦྲགས་ནས་དཀའ་ངལ་དེ་སེལ་ཐབས་བརྗོད་ཆོག

Word ཁ་ཕྱེས་རྗེས་ཐོག་མའི་འདེམས་བྱང་མནན་དགོས།
Word ཁ་ཕྱེས་རྗེས་ཐོག་མའི་འདེམས་བྱང་མནན་དགོས།
རྟགས་དམར་པོ་འཁོད་པའི་འཆམ་མཐུན་ཟེར་བ་དེ་མནན།
རྟགས་དམར་པོ་འཁོད་པའི་འཆམ་མཐུན་ཟེར་བ་དེ་མནན།
ཕྲེང་སྤོར་སྒྲིག་སྲོལ་བེད་སྤྱོད་ཟེར་བ་དེ་འདེམས་ནས་གཏན་འཁེལ་བྱེད་པ།
ཕྲེང་སྤོར་སྒྲིག་སྲོལ་བེད་སྤྱོད་ཟེར་བ་དེ་འདེམས་ནས་གཏན་འཁེལ་བྱེད་པ།

དེ་ལྟར་གྲུབ་རྗེས་ཁྱེད་ཀྱི Word ནང་ལ་བོད་ཡིག་གིས་རྩོམ་སྒྲིག་ཡག་པོ་བྱེད་ཐུབ་པ་ཡིན། གལ་སྲིད་ད་དུང་གནད་དོན་ལྷགས་ཚེ་རྩོམ་ཡིག་འདིའི་གཤམ་དུ་དཔྱད་མཆན་འཁོད་དང་གླིང་སྨྱོན་གྱིས་དུས་ལྟར་ལན་འདེབས་ངེས་ཡིན། ཁྱེད་ཀྱིས་གཟིགས་པར་ཐུགས་རྗེ་ཆེ།

“ཀུ་ཤུའི་གློག་ཀླད་ཁྲོད Word ནང་དུ་བོད་ཡིག་རྩོམ་སྒྲིག་ལ་འཕྲད་པའི་དཀའ་ངལ་སེལ་ཐབས།” དཔྱད་མཆན 9 ཡོད།

  1. ཉེ་ལམ office for mac 2016 ཚད་ལྡན་ཞིག་ལག་ཏུ་སོན་པ་དེའི་ཁྲོད་ནས་གོང་གི“使用换行规则”དེ་རྩ་ནས་རྙེད་ཀྱི་མི་འདུག་པས་ཐག་གཅད་ཐབས་ཤིག་ཡོད་ན་གསུངས་རོགས། བཀའ་དྲིན་ཆེ།

  2. དྲི་བ་དང་པོ། ཀུ་ཤུའི་གློག་ཀླད་ནང་ཝ་བཏགས་ཅི་འདྲ་རྒྱག་དགོས་སམ།
    དྲི་བ་གཉིས་པ། ཀུ་ཤུའི་གློག་ཀླད་ནང་ཧི་མ་ལ་ཡ་ཅི་ལྟར་སྒྲིག་སྦྱོར་བྱེད་དགོས།གནང་རོགས་ཞུ་བཀའ་དྲིན་ཆེན།

  3. mac མ་ལག་ཁྲོད་ཀྱི་Adobe AI ནང་དུ་བོད་ཡིག་ལེགས་པོར་འཆར་ཐུབ་ཀྱིན་མིན་འདུག་པས། བོད་ཡིག་བརྡ་འཕྲིན་ལག་རྩལ་པ་རྣམ་པ་ནས་གཙོས་དེ་མིན་གྱི་དྲ་གྲོགས་སུ་ཞིག་གིས་གནད་དོན་དེ་ཐག་གཅོད་ཐུབ་ཀྱང་གུས་པར་བཀའ་སློབ་ཡོད་པ་ཞུ།

  4. ཀུ་ཤུའི་གློག་ཀླད་ཀྱིWordཡི་ནང་ལ་ཀུ་ཤུ་རང་གི་ནང་ལ་ཡོད་པའི་ཡིག་གཟུགས་དེ་ཡག་པོར་འཆར་ཐུབ་པར་ཐབས་ཤེས་རེ་མཆིས་སམ།

  5. ངས་བེད་སྤྱོད་བྱེད་བཞིན་པའི་ཀུ་ཤུའི་མ་ལག་དབྱིན་ཇི་ཡིན་པས་མ་ལག་དབྱིན་ཡིག་ཅན་གང་ལྟར་བཅོས་ཚུལ་འགོད་རོགས

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།