མི་ཕལ་མོ་ཆེས་བཀོལ་མ་མྱོང་བའི་ཀུ་ཤུ་ཁ་པར་གྱི་སྤྱོད་སྒོ་ཉི་ཤུ།

༡.ད་ལྟ་མི་ཚང་མ་ཀུ་ཤུ་དང་ཁ་འབྲལ་མི་ཐུབ་པ་ལྟ་བུར་གྱུར་ཡོད། ཡིན་ཡང་ཁ་པར་འདིའི་སྟེང་དུ་ད་དུང་འུ་ཅག་གིས་བཀོལ་མ་མྱོང་བའམ་རྒྱུས་ལོན་ཐུབ་མེད་པའི་ནུས་པ་མང་པོ་འདུག

༢.འཆར་ངོས་ལ་ཟྭ་བརྒྱབ་པའམ་ངལ་གསོ་བའི་སྐབས་སུ་སྟེང་གི་བརྡ་བྱང་ཐུར་ལ་དེད་ནས་བརྡ་འཕྲིན་ལ་ཐད་ཀར་ཕྱིར་ལན་སློག་ཆོག

༣.ཁ་པར་ནང་གི་གློག་བཀོལ་བ་མང་པ་གང་དག་ཡིན་པར་ལྟ་འདོད་ན་སྒྲིག་འགོད——སྤྱི་འདོམས—— བཀོལ་ཚད——གློག་རྫས་ཀྱི་བཀོལ་ཚད་ཁ་ཕྱེ་ན། གློག་གི་བཀོལ་ཚད་ཡོངས་གསལ་བོར་ཤར་ཡོད།

༤.ཁྱེད་ཀྱིས་མི་ཞིག་ལ་བསྐུར་བའི་སྔོན་གྱི་པར་དང་བརྙན་སོགས་ལ་ལྟ་འདོད་ན་བརྡ་འཕྲིན་ངོས་ཀྱི་གཤམ་ན་ཞིབ་ཕྲའི་གནས་ཚུལ་ཞེས་ཡོད་པ་དེ་མནན་པས་ཆོག

༥.ཁྱེད་ཀྱིས་ཀུ་ཤུ་ཁ་པར་རང་གི་བརྡ་འཕྲིན་གྱི་ནུས་པ་ལ་བརྟེན་ནས་སྐར་མ་གཉིས་ཀྱི་རིང་དུ་བསུབ་ངེས་པའི་བརྙན་དང་དབྱངས་སོགས་བསྐུར་ཆོག་ལ། སྒྲིག་འགོད་ཀྱི་ནང་དུ་བརྡ་འཕྲིན་འདིའི་རིགས་བསུབ་པའི་དུས་ཚོད་གཏན་འཁེལ་བྱས་ཀྱང་ཆོག

༦.མི་མང་པོ་ཞིག་གིས་ཤེས་མེད་པ་ནི་ཀུ་ཤུ་ཁ་པར་གྱི་བརྡ་འཕྲིན་གྱིས་རང་གི་གནས་ཡུལ་དངོས་གཞན་ལ་བསྐུར་ཆོག

༧.རང་གི་གནས་གཞན་ལ་བསྐུར་ཆོག་པ་མ་ཟད་གྲོགས་པོ་ལ་རང་གི་རྗེས་འདེད་དུ་བཞུག་ཀྱང་ཆོག་ལ། གནས་དང་དུས་གཉིས་ཐོ་གཏུག་ཀྱང་ཆོག

༨.ཀུ་ཤུ་ཁ་པར་ནང་དུ་ཁྱོད་སུན་པའི་མི་དག་གི་བརྡ་འཕྲིན་བཀག་ཀྱང་ཆོག

༩.ཚོགས་པ་ནི་སྐབས་ལར་བརྡ་གཏོང་ས་གལ་ཆེན་ཞིག་ཡིན། ཡིན་ཡང་དུས་རྒྱུན་སུན་སྣང་སྐྱེ་བ་ཞིག་ཡིན་པས་ཚོམས་ལས་ཕྱིར་འབུད་འདོད་ན་གོང་གི་གཡས་ཟུར་གྱི་ཞིབ་ཕྲའི་གནས་ཚུལ་ཞེས་པའི་ཁ་བརྡ་ལས་ཕྱིར་འབུད་ཅེས་པ་མནན་པས་ཆོག

 ༡༠.ཚོགས་པའི་མིང་བསྒྱུར་འདོད་ན་གོང་གི་གཡས་ཟུར་གྱི་ཚོམས་ཀྱི་མིང་སྒྱུར་བ་ཞེས་པ་མནན་པས་ཆོག

༡༡.གལ་ཏེ་ཁྱེད་ཀྱིས་ཡིག་ཟམ་ནང་དུ་ཡི་གེ་ཞིག་འབྲི་སྐབས་ཡི་གེ་གཞན་ཞིག་བསྐུར་ཐོན་ན་ཡི་གེ་དེ་འབྲི་རྒྱུ་འཚམས་འཇོག་མི་དགོས་ལ། འབྲི་བཞིན་པ་ཐུར་ལ་དེད་ནས་ཇེ་ཆུང་དུ་བཏང་རྗེས་སྐུར་ཡིག་གསར་བ་ལ་བལྟས་ཆོག་པ་དང་། བལྟས་ཚར་རྗེས་ཡང་བསྐྱར་བྲིས་ཆོག

༡༢.ཡིག་ཟམ་ལྟར་བརྡ་འཕྲིན་གྱི་ནང་དོན་གང་འདོད་ཀྱིས་གྲོགས་པོ་མང་པོར་བསྐུར་ཆོག

༡༣.siriསྒོ་འབྱེད་དགོས་ན་ཀུ་ཤུ་ཁར་པར་དུས་ཡུན་རིང་པོ་ཞིག་ལ་གནོན་དགོས་པའི་ངེས་པའང་མེད་ལ། ཁ་པར་ལ་གློག་གསོག་པའི་སྐབས་སུ་ཁ་པར་གྱི་གམ་དུ hello ,siri ཞེས་བརྗོད་ཚེ་དེའི་སྒོ་འབྱེད་ཐུབ། ཡིན་ཡང་སྔོན་ལ་སྒྲིག་འགོད——སྤྱི་འདོམས—— siriཞེས་པ་ལས་སྒོ་འབྱེད་དགོས།

༡༤.siriསྤྱད་དེ་སྒྲིག་ཆས་སྟེང་གི་ནང་དོན་བཀླགས་ཀྱང་ཆོག ཡིན་ཡང་། དེའི་སྔོན་ལ་ཀུ་ཤུ་ཁ་པར་གྱི་ཞོར་གྱི་ནུས་པ——སྐད་ཀྱི་ལེ་ཚན་ཞེས་པའི་སྒོ་འབྱེད་དགོས།

༡༥.སྐབས་ལརsiriཡིས་མིའི་མིང་སོགས་ཀློག་མི་དག་པ་ཡོད་སྲིད། སྐབས་དེརsiriལ་ངའི་མིང་ལ་ཅི་ཟེར་སོགས་ཀྱི་དྲི་བ་དྲིས་ནས་ལན་འདེབས་ཏུ་བཅུག་ན་སྒྲ་གདངས་ནོར་ནས་ཀློག་སྲིད། དེ་ནས་སྒྲ་གདངས་ནོར་འདུག་ཅེས་དག་བཅོས་བྱས་ཏེ་བརྗོད་ནsiriཡིས་དག་མི་དག་གི་སྐད་གདངས་གསུམ་ཚུར་ལ་སྐུར་ངེས་ཡིན། དེ་ལས་ཡང་དག་པ་དེ་བདམས་ན་ད་གཟོདsiriཡིས་ཡང་དག་ཀློག་ཐུབ།

༡༦.སྒྲིག་འགོད——སྤྱི་འདོམས།——ཞོར་གྱི་ནུས་པ་ཞེས་པའི་ནང་དུ་མི་མང་པོས་ད་དུང་བཀོལ་མ་མྱོང་པ་ཞིག་ཡོད་པ་ནི་བརྗེས་ནས་ཚོད་འཛིན་བྱེད་པ་ཞེས་པ་དེ་རེད། བརྗེས་ནས་ཚོད་འཛིན་བྱེད་པ་ཞེས་པ་རུ་ཕྱི་དང་། འཆར་ངོས། པར་ཆས་སོགས་གདམ་བྱང་གསུམ་ཡོད། ང་ཚོས་པར་ཆས་ཞེས་པར་མགོ་གཡོན་ལ་འགུལ་ཞེས་པ་བདམས་ཏེ siriཡི་སྒོ་འབྱེད་ཆོག

༡༧.མི་མང་པོ་ཞིག་གིས་མི་ཤེས་པ་ནི་ཀུ་ཤུ་ཁ་པར་གྱིས་ཁྱོད་སོང་བའི་ས་གནས་དག་ཀྱང་ཟིན་ཐོ་བཀོད་ཡོད་དེ། སྒྲིག་འགོད——གསང་བ——གནས་གཏན་འཁེལ་གྱི་ཞབས་ཞུ——རྒྱུན་དུ་འགྲོ་བའི་ས་གནས་ཞེས་ཡོད་པ་དེས་བཀོལ་བདག་རྒྱུན་དུ་འགྲོ་བའི་ས་གནས་གསལ་བོར་སྟོན་ཐུབ།

༡༨. ཀུ་ཤུ་ཁ་པར་ནང་དུ་གློག་ལ་གྲོན་ཆུང་བྱེད་པའི་ཐབས་ཇུས་ཤིག་ཡོད་པ་ནི་སྒྲིག་འགོད——སྤྱི་འདོམས——ཞོར་གྱི་ནུས་པའི་ནང་དུ་མདོག་ངན་ཞེས་པ་ཞིག་ཡོད་པ་དེར་བསྒྱུར་ན་ཁ་པར་གྱི་མདོག་དཀར་ནག་ཏུ་གྱུར་ནས་གློག་མང་པོ་གྲོན་ཆུང་བྱེད་ཐུབ།

༡༩.ཆེ་ཆུང་སོར༥.༥ཅན་གྱི་བུམ་པ་དྲུག་པplusཡི་ནང་དུ་ལག་པ་གཅིག་གིས་བཀོལ་སྤྱོད་བྱས་ཆོག་པའི་ཐབས་ཇུས་འཐེན་ཡོད། homeསྡེབ་གནོན་བྱས་ཏེUSངོས་མར་ཕབ་པ་ན། སྟེང་གིUIསོགས་མཐེ་བོང་གིས་རེག་ཐུབ་པའི་ཁོངས་སུ་ཐོན་ཐུབ།

༢༠.iOS 8ཀྱི་ནང་དུ་བདེ་ཐང་མྱུར་སྐྱོབ་ཀྱི་ཞབས་ཞུ་ཞིག་བཞག་ཡོད། བཀོལ་བདག་གིས་སྔོན་ལ་འདིའི་ནང་དུ་མིང་དང་སྐྱེས་སྐར། སྨན་གང་བསྟེན་པ་དང་གང་གནོད་པ་སོགས་རང་གི་བདེ་ཐང་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་དང་རང་གི་བློས་ཐུབ་མི་འགའ་ཡི་འབྲེལ་གཏུགས་ཨང་གྲངས་འབྲི་དགོས། དེ་ནས་འཆར་ངོས་ཀྱི་གཤམ་དུ་ཉེན་ཚབ་ཀྱི་གནས་ཚུལ་ཞེས་འཆར་ངེས། དེའི་ཁ་ཕྱེ་ན ༩༡༡ དང་སྔོན་རང་གིས་བཞག་པའི་མི་དག་ལ་ཁ་པར་བཏང་ཆོག


༢༡ཨང་འབོད་ཀྱི་ངོས་ལ་སོང་རྗེས་*3001#12345#*ཞེས་པ་གཏགས་ནFieldཁ་འབྱེད་ཐུབ་ཅིང་དེའི་གཡོན་སྟེང་དུ་ཤར་བ་ནི་བརྡ་རྟགས་ཀྱི་ཚད་ཡིན། -༥༠-༧༥བར་ནི་ཆེས་བཟང་བ་དང་། -༧༥ -༩༠ཅུང་ལེགས་པ། -༩༠-༡༡༠ནི་ཆེས་ངན་པ་དེ་ཡིན།

རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།