རྩིས་འཁོར་རྒྱུན་ཤེས་ལས་བརྙན་སྡེར་དང་འཆར་བྱང་གི་སྐོར་མདོ་ཙམ་བཤད་པ།

གཅིག

༼༡༽བརྙན་སྡེར་གྱི་གོ་དོན།
བརྙན་སྡེར་ཞེས་པ་ནི་འོད་སྡེར་འབྲི་ཀློག་གི་ཡོ་བྱད་གཙོ་བོ་དེར་གོ་བས་ད་ལྟ་ཐུན་མོང་གིས CD ཟེར། དེ་ལ་དབྱེ་ན CD-ROM CD-DA CD-V CD-I VCD DVD CD-R CD-RW བཅས་རིགས་གསུམ་ཡོད་མོད། དེ་ལས་རྒྱུན་དུ་མཐོང་བ་ནི CD དང DVD གཉིས་ཡིན།
༼༢༽བརྙན་སྡེར་གྱི་དབྱེ་བ།
བརྙན་སྡེར་ལ་བྱེད་ནུས་ཀྱི་ཆ་ནས་དབྱེ་ན CD-ROM དང DVD-ROM བརྙན་བརྐོ་བཅས་རིགས་གསུམ་ཡོད་དེ། བརྙན་བརྐོ་ལའང CD བརྙན་བརྐོ་དངDVD བརྙན་བརྐོ་ཞེས་རིགས་གཉིས་ཡོད། གཤམ་དུ་དེ་གསུམ་རེ་རེ་བཞིན་གླེང་ན།
༼ཀ༽ CD-ROM CD-ROM ནི་གཙོ་བོ་བརྙན་གོར་སོགས་ཀྱི་ཡིག་ཆ་ཀློག་བྱེད་ཡིན་པས་བཀོལ་སྤྱོད་ཀྱི་རིན་ཐང་དེ་ཙམ་མེད་ཀྱངCD དངVCD གཉིས་ཀ་ཀློག་ཐུབ་པས་དེང་སྐབས་རྩིས་འཁོར་གྱི་མཉེན་ཆས་མང་པོ་ཞིག CD འོད་སྡེར་དུ་བརྐོས་ཡོད་པས་ངེས་པར་དུ་ཡོད་དགོས།


༼ CD-ROM བརྙན་སྡེར ༽

༼ཁ༽ DVD-ROM DVD-ROM ནི་མིག་སྔར་ཁྱབ་ཆེ་བའི་འོད་སྡེར་ཡིག་ཆ་ཀློག་བྱེད་ཀྱི་ལྷུ་ལག་གཙོ་བོ་ཞིགཡིན་ལ། དེས CD སྟེང་གི་ཡིག་ཆ་སོགས་ཀློག་ཐུབ་པ་མ་ཟད། DVD སྟེང་གི་ཡིག་ཆའང་ཀློག་ཐུབ་པས་ཀུན་གྱིས་དགའ་བསུ་ཆེན་པོ་བྱེད་ཅིང་། CD དང་བསྡུར་ན་གསལ་ཞིང་དག་པས་ད་ལྟ་ཚོང་རྭའི་ཐོགCD-ROMམཁོ་སྤྲོད་བྱེད་པ་ཤིན་ཏུ་ཉུང་ལ། DVD-ROM དེ་རིམ་གྱིས CD-ROM ཚབ་བྱེད་གནང་གིན་ཡོད།


༼ DVD-ROM བརྙན་སྡེར ༽

༼ག༽བརྙན་བརྐོ། བརྙན་བརྐོ་ནི་གཙོ་བོ་ཡིག་ཆ་སོགས་འོད་སྡེར་སྟེང་ཕབ་བྱེད་ཡིན་པས་བཀོལ་སྤྱོད་ཀྱི་རིན་ཐང་རྒྱ་ཆེ་ལ། འབྲི་ཀློག་གཉིས་ཀའི་བྱེད་ནུས་འཛོམས་པས་མིག་སྔར་ཚོང་རྭའི་སྟེང་གོ་གནས་རྩ་ཆེན་བཟུང་ཡོད། དེས་ན་བརྙན་བརྐོ་ལའང་བྱེད་ནུས་ཀྱི་ཆ་ནས CD དང DVD བརྙན་བརྐོ་ཞེས་རིགས་གཉིས་དབྱེ་བས་གཤམ་དུ་རེ་རེ་བཞིན་བཤད་དོ།
༼༡༽CD བརྙན་བརྐོ། འདིས CD སྟེང་གི་ཡིག་ཆ་སྣ་ཚོགས་ཀློག་ཐུབ་པ་མ་ཟད་འབྲི་ཡང་ཐུབ་ལ། མིག་སྔར་ཡིག་ཆ་འབྲི་སྤྱོད་ཆོག་པའི་འོད་སྡེར་ལ CD-R དང CD-RWགཉིས་ཡོད་ཅིང་། དེ་ལས CD-R འོད་སྡེར་སྟེང་དུ་ཡིག་ཆ་སོགས་ཐེངས་གཅིག་ཕབ་རྗེས་བསུབ་མི་ཆོག་མོད། CD-RW སྟེང་དུ་ཐེངས་མང་པོར་བསུབ་འབྲི་བྱས་ཆོག


༼ CD བརྙན་བརྐོ ༽

༼༢༽ DVD བརྙན་བརྐོ། དེས DVD འོད་སྡེར་སྟོན་ཐུབ་པ་མ་ཟདCDཡང་སྟོན་ཐུབ་ལ། དོན་དངོསDVD བརྙན་བརྐོ་ལ CD-ROMདང DVD-ROMབརྙན་བརྐོ་གསུམ་གྱི་ཁྱད་ཆོས་ལྡན་པས་བྱེད་ནུས་ཕུན་སུམ་ཚོགས་སོ།


DVD བརྙན་བརྐོ།

གཉིས།

༼༡ ༽ འཆར་བྱང་གི་གོ་དོན།
འཆར་བྱང་ནི་རྩིས་འཁོར་ཁྲོད་ཀྱི་རི་མོ་དང་གཟུགས་བརྙན་སོགས་དགོས་དབང་གི་གོ་རིམ་ངེས་ཅན་ཞིག་བརྒྱུད་རྗེས་ཐད་ཀར་སྒྲོམ་ངོས་སུ་སྟོན་པའི་འཆར་བྱེད་ཀྱི་སྲ་ཆས་གཙོ་བོ་དེར་གོ་ལ། གལ་སྲིད་རྩིས་འཁོར་ལ་འཆར་བྱང་མེད་ཚེ་ང་ཚོས་རྒྱུན་ལྡན་གྱི་རི་མོ་དང་གཟུགས་བརྙན། ཡི་གེ་སོགས་ཅི་ཡང་རིག་མི་ཐུབ་པས་དེ་ནི་རྩིས་འཁོར་གྱི་ལྷུ་ལག་གཙོ་བོ་ཞིག་ཡིན། དེས་ནས་ང་ཚོས་རྩིས་འཁོར་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་འཆར་བྱང་གི་སྒྲིག་གཞི་དང་བྱེད་ནུས། དེའི་ཁྱད་ཆོས་སོགས་རྒྱུས་ལོན་བྱེད་རྒྱུ་ཧ་ཅང་གཙོ་ཆེ་ལ། འདིར་ཡིག་ཚོགས་འཇིགས་པས་རེ་རེ་མི་གླེང་བར་བྱ།
༼༢༽ འཆར་བྱང་གི་དབྱེ་བ།
མིག་སྔར། དར་ཁྱབ་ཆེ་བའི་འཆར་བྱང་གི་རིགས་ལ་མཐུད་ཁའི་སྒོ་ནས་དབྱེ་ན AGP དང PCI-E གཉིས་ཡོད། དེ་ལས AGP ནི་དར་སྔ་བའི་ཚད་ལྡན་རང་བཞིན་གྱི་མཐུད་ཁ་ཞིག་ཡིན་ལ། PCI-E ནི་དེང་རབས་གསར་དུ་བཏོན་པའི་ཚད་ལྡན་མཐུད་ཁ་ཞིག་ཡིན་པས་ཕན་ཚན་བྱེད་ནུས་ཀྱི་ཐད་ནས་བསྡུར་ཚེPCI-Eམཐུད་ཁ་དེ་ཆེས་ཚད་ལྡན་དུ་མཐོང་ངོ། གཤམ་དུ་དེ་གཉིས་ལ་དཔེར་མཚོན་རི་མོ་ཞིག་དྲངས་ན།

༼༣༽ AGP འཆར་བྱང།
   

༼༤༽ PCI-E འཆར་བྱང་།
   

གསུམ།

༼༡༽ སྒྲོམ་ཤེལ་ཀྱི་གོ་དོན།
སྒྲོམ་ཤེལ་ཞེས་པ་ནི་རྩིས་འཁོར་ཁྲོད་ཀྱི་ཡིག་ཆ་དང་རི་མོ། གཟུགས་བརྙན་སོགས་ཇི་བཞིན་འཆར་པར་བྱེད་པའི་ཤེལ་པང་དེར་གོ། དེས་ན་མིག་སྔར་སྒྲོམ་ཤེལ་གྱི་བྱེད་ནུས་དང་དེའི་རྒྱུ་སྤུས་ཐད་དུ་སྤྱོད་མཁན་སོ་སོར་རང་རང་གི་ལྟ་སྟངས་རེ་ཡོད་མོད་གཙོ་བོ་སྤྱོད་མཁན་རང་གི་དགའ་ཁ་འཁྱེར་ཕྱོགས་ཡིན་པས་འདིར་རྒྱས་པར་མི་སྤྲོ།
༼༢༽ སྒྲོམ་ཤེལ་ཀྱི་དབྱེ་བ།
མིག་སྔར་སྒྲོམ་ཤེལ་ལ་ཕྱིའི་རྣམ་པས་དབྱེ་ན་གཉིས་སྟེ། ༼1༽CRT སྒྲོམ་ཤེལ་ནི་ཅུང་དར་སྔ་ཞིང་བཀོལ་སྤྱོད་ཀྱི་བྱེད་ནུས་དེ་ཙམ་མེད་པས་བེད་སྤྱོད་གཏོང་མཁན་ཡང་མང་པོ་མེད། ཡིན་ནའང་སྔོན་ཆད་ཀྱི་རྩིས་འཁོར་མང་ཆེ་བའི་སྒྲོམ་ཤེལ CRT ཡིན་པས་སྤྱོ་ཚོགས་ཁྲོད་གོ་གནས་ངེས་ཅན་ཞིག་ཐོན་ཡོད། ༼༢༽LCD སྒྲོམ་ཤེལ་ནི་དུས་རབས་གསར་པའི་ལག་རྩལ་ཞིག་ཡིན་སྟབས། དེ་ལ་དུས་རབས་རང་བཞིན་གྱི་ཁྱད་ཆོས་དང་ཐུན་མོང་མ་ཡིན་པའི་བྱེད་ནུས་ལྡན།


༼ CRT སྒྲོམ་ཤེལ ༽


༼ LCD སྒྲོམ་ཤེལ ༽

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།