རྩིས་འཁོར་ཤེས་བྱ་ལས་ནང་གསོག་དང་སྲ་སྡེར་གྱི་ཁྱད་པར་རམ་དབྱེ་བ།

ནང་གསོག་གི་གོ་དོན།
ནང་གསོག་ཞེས་པ་ནི་རྩིས་འཁོར་ཁྲོད་ཀྱི་ཅ་ལག་གསོག་འཇོག་བྱེད་སའི་གནས་དེར་གོ་ཞིང་།རྩིས་འཁོར་གྱི་མ་ལག་ཡོད་ཚད་ནང་གསོག་དང་སྡེབས་ནས་འཁོར་བསྐྱོད་བྱེད་པ་ཞིག་ཡིན་པས། ནང་གསོག་གི་ཆེ་ཆུང་དང་མགྱོགས་ཚད།དེའི་བརྟན་གཤིས་སོགས་ཐད་ཀར་རྩིས་འཁོར་དང་འབྲེལ་བ་གཏིང་ཟབ་ཡོད། གཤམ་དུ་དེའི་སྐོར་གྱི་ཤེས་བྱ་འགའ་ངོ་སྤྲོད་བྱས་ན།
༼༡༽ ནང་གསོག་གི་དབྱེ་བ།
མིག་སྔར་ནང་གསོག་ལ་རིགས་མི་མཐུན་པ་གསུམ་ཡོད་དེ། དེ་དག་གི་བྱེད་ནུས་དང་བཟོ་རྩལ་ཡང་མི་འདྲ་བས་སྤྱི་ཚོགས་སྟེང་འདྲ་མིན་གྱི་གཏམ་གླེང་མང་པོ་ཞིག་ཡོད་མོད་ཡོངས་ཁྱབ་ཏུ་བཀོལ་ཆེ་པ་ནི DDR SDRAMདངDDR2 SDRAM གཉིས་ཡིན།
༼ 1 ༽ DDR SDRAM DDR SDRAM ནི་ཆེས་དར་ཆེ་བའི་ནང་གསོག་ཅིག་ཡིན་ཏེ། དེ་ནི་དུས་ཚོད་ཕྲན་བུའི་ནང་ཀློག་འབྲི་སྦྱོར་གསུམ་གྱི་བྱེད་ནུས་ཤིན་ཏུ་མཐོ་བས་ཀུན་གྱིས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད། དེས་ན་དེའི་ཚད་གཞིའི་བརྡ་རྟགས་ལ DD226 དང་DD333དང DD400 བཅས་ཡོད་ལ། གསོག་འཇོག་བྱེད་པའི་ཚད་གཞི་ནི 128MB དང 256 MB 512 MB 1GMབཅས་ཡིན།


༼ DDR SDRAM ནང་གསོག ༽

༼ 2 ༽ DDR2 SDRAM DDR SDRAM ནི་དེ་སྔ་གསར་དུ་བྱུང་བའི་ཚད་ལྡན་རངབཞིན་གྱི་ནང་གསོག་ཅིག་ཡིན་ལ། དེ་ནི་DDRSDRAM དང་བསྡུར་ན་ལྡབ་འགྱུར་གྱིས་འཕེལ་རྒྱས་ཕྱིན་ཡོད།


༼ DDR2 SDRAM ནང་གསོག ༽

ནང་གསོག་གི་ཚད་གཞི།
ནང་གསོག་ནི་རྩིས་འཁོར་གྱི་སྣོད་ལྟ་བུ་ཡིན་པས་དེ་ལ་ངེས་པར་དུ་ཚད་དང་མཐུན་པའི་འགྲོས་གཞི་ཞིག་ཡོད ། དེས་ན་རྒྱུན་ལྡན་འཚོ་བའི་ཁྲོད་ནང་གསོག་གི་ཚད་གཞི་འཇལ་བྱེད་ནི་དབྱིན་ཡིག་ཡི་གེKBཡིན་ལ། Kཀྱི་དོན་ནི1024 ཞེས་པ་དང་། Bནི་ཡིག་གྲངས་ཀྱི་མཚོན་རྟགས་ཡིན། དེ་བས་ནང་་གསོག 64KB ཅན་གྱི་རྩིས་འཁོར་ཞིག་ལ་མཚོན་ན་དེའི་ཡང་དག་པའི་ཚད་གཞི་ནི 64×1024=65 536 ཡིན་ལ། ང་ཚོས་གོ་རིམ་འདིའི་སྟེང་དུ་ནང་གསོག་སོ་སོའི་ཚད་གཞི་ལ་རྒྱུས་ལོན་དང་ངོས་འཛིན་བྱེད་ཆོག། སྤྱིར་ན KB ལས་ཆེ་བའི་མཚོན་རྟགས་ལ་ད་དུང་MB དང GBསོགས་ཡོད་པས་གཤམ་དུ་དེའི་ཐད་ཀྱི་རེའུ་མིག་ཅིག་འགོད་པར་བྱ།

1024B=1KB=1024
1024KB=1MB=1048576
1024MB=1GB=1073741824
1024GB=1TB=1099511627776
1024TB=1PB=1125899906842624
1024PB=1EB=1152921504606846976
1024EB=1ZB=1180591620717411303424
1024ZB=1YB=1208925819614629174706176

ནང་གསོག་གི་མགྱོགས་ཚད།
ནང་གསོག་གི་མགྱོགས་ཚད་ཞེས་པ་ནི་དུས་ཚོད་ངེསགཏན་ཞིག་གི་ནང་རྩིས་འཁོར་གྱིས་ཡིག་ཆ་ག་ཚོད་ཀློག་འབྲི་བྱེད་ཐུབཔའི་ཚད་གཞི་དེར་གོ་ལ། ནང་གསོག་འཁོར་སྐྱོད་ཀྱི་ཚད་གཞིས་ནང་གསོག་རང་ཉིད་ཀྱི་མགྱོགས་ཚད་གཏན་འཁེལ་བྱེད་པ་ཡིན་པས་དུས་རྒྱུན་ང་ཚོས་མཐོང་བའི་ནང་གསོག DDR400 དང DDR2 533 ལྟ་བུའི་མཇུག་གྲངས 400དང533 ནི་ནང་གསོག་དེའི་ཆེས་མཐོ་བའི་འཁོར་རྒྱུགས་ཀྱི་ཚད་གཞི་ཡིན། དེས་ན་སྤྱིར་བཏང་དུ་ནང་གསོག་གི་ཚད་གཞི་ལ ns རྩིས་རྒྱག་གིན་ཡོད་ལ། སྐར་ཆ་གཅིག་ནི ns འབུམ་བཅུ་ཡིན་པས ns ཅི་འདྲའི་ཆུང་ན་ནང་གསོག་གི་མགྱོགས་ཚད་དེ་ལྟར་མཐོ་བ་ཞིག་ཡིན།གཤམ་དུ་ཚོང་རྟགས་ཅུང་བཟང་པའི་ནང་གསོག་འགའ་ངོ་སྤྲོད་བགྱིད་ན།


༼༡༽ Kingmax ནང་གསོག་ཐུར།


༼༣༽ Kingston ནང་གསོག་ཐུར།


༼༤༽ཡེ་ཀྲན(宇瞻)ནང་གསོག་ཐུར།

སྲ་སྡེར་གྱི་གོ་དོན།
དེ་ཡང་སྲ་སྡེར་ནི་རྩིས་འཁོར་གྱི་སྣོད་ལྟ་བུ་སྟེ། ཁྱོད་ཀྱི་རྒྱུན་སྤྱོད་མཉེན་ཆས་དང་རྩ་ཆེའི་ཡིག་ཆ་སོགས་སྲ་སྡེར་དུ་བཞག་ཡོད་པས། དེ་ནི་རྩིས་འཁོར་གྱི་ཅ་ལག་འཇུག་སའི་བང་མཛོད་ལྟ་བུ་ཡིན། དེས་ན་ནང་གསོག་དང་སྲ་སྡེར་ལ་ཁྱད་པར་ཅི་ཡོད་ཞེ་ན། ནང་གསོག་ནི་ལས་གཞི་སྒྲུབ་གནས་ཀྱི་སྟེགས་བུ་ལྟ་བུ་དང་། སྲ་སྡེར་ནི་ལས་གཞི་དེ་འཇུག་སའི་བང་མཛོད་ལྟ་བུ་ཡིན་པས་སོ་སོའི་བྱེད་ནུས་དང་བཀོལ་སྤྱོད་ཐད་ཁྱད་པར་ཆེན་པོ་ཡོད། འོ་ན་དེའི་གོ་རིམ་ནི་ཅི་འདྲ་ཞིག་ཡིན་ཟེར་ན། དེ་ཡང་རྩིས་འཁོར་གྱིས་ལས་དོན་ཞིག་སྒྲུབ་སྐབས་དང་ཐོག་སྒྲུབ་བྱའི་ལས་ཀ་དེ་སྲ་སྡེར་ལས་ནང་གསོག་དུ་འཇུག་པ་ཡིན་ལ། ནང་གསོག་གིས་ཐག་གཅོད་བྱས་རྗེས་སླར་ཡང་སྲ་སྡེར་དུ་བསྐྱེལ་པ་རེད། དེ་བས་སྲ་སྡེར་ནི་ཅ་ལག་སྤྱིའི་འཇུག་གནས་དང་ནང་གསོག་ནི་ འཕྲལ་མར་ཐག་གཅོད་བྱེད་པའི་ཅ་ལག་གི་འཇུག་གནས་ལྟ་བུ་ཡིན་ནོ།
སྲ་སྡེར་གྱི་དབྱེ་བ།
སྲ་སྡེར་ལ་སྤྱིར་བཏང་དུ་འབྲི་དེབ་རྩིས་འཁོར་གྱི་སྲ་སྡེར་དང་སྒྲོག་ངོས་རྩིས་འཁོར་གྱི་སྲ་སྡེར་ཞེས་རིགས་གཉིས་ཡོད་པས་དེ་ལས་འབྲི་དེབ་རྩིས་འཁོར་གྱི་སྲ་སྡེར་ནི་ཅུང་ཆུང་ལ་སྒྲོག་ངོས་རྩིས་འཁོར་གྱི་སྲ་སྡེར་ནི་ཅུང་མཐུག་པོ་ཡིན། སྒྲོག་ངོས་རྩིས་འཁོར་གྱི་སྲ་སྡེར་ལའང་མཐུད་ཁའི་དབང་དུ་དབྱེ་ན SATA དང IDE ཞེས་རིགས་གཉིས་ཡོད།
༼ཀ༽ ཕྱིའི་རྣམ་པའི་དབྱེ་བ། དེ་ཡང་ཕྱིའི་རྣམ་པའི་སྒོ་ནས་དབྱེ་ན་སྲ་སྡེར་ལ 3.5ཡུན་ཚོན་དང 2.5 ཡུན་ཚོན་1.8 ཡུན་ཚོན་ཞེས་རིགས་གསུམ་ཡོད་དེ། དེ་ལས2.5དང1.8ཡུན་ཚོན་གྱི་སྲ་སྡེར་ནི་འབྲི་དེབ་རྩིས་འཁོར་གྱི་སྲ་སྡེར་ཡིན་ཞིང་། 3.5 ཡུན་ཚོན་གྱི་སྲ་སྡེར་ནི་སྒྲོག་ངོས་རྩིས་འཁོར་གྱི་སྲ་སྡེར་ཡིན། མིག་སྔར 3.5 ཡུན་ཚོན་གྱི་སྲ་སྡེར་དེ་ཧ་ཅང་ཁྱབ་ཆེ་ཞིང་དེའི་ལྗིད་ཚད་སོགས་འབྲི་དེབ་རྩིས་འཁོར་གྱི་སྲ་སྡེར་དང་བསྡུར་ན་སྟབས་བདེ་མིན་ཡང་ཐུན་མོང་གི་བྱེད་ནུས་དང་ལག་རྩལ་ལ་སྐྱོན་ཆ་མེད་པས ་ཀུན་གྱི་བློ་ཁ་དང་འཚམ།
༼ཁ༽མཐུད་ཁའི་རིགས་ཀྱིས་དབྱེ་བ། སྲ་སྡེར་གྱི་མཐུད་ཁ་ལ་གཙོ་བོ SATA དང IDE ཡང་ནSCSI མཐུད་ཁ་བཅས་ཡོད་པས་སོ་སོའི་འཇུག་ཡུལ་གྱི་རྩིས་འཁོར་ཡང་མི་འདྲ་མོད།རྒྱུན་བཀོལ་རྩིས་འཁོར་གྱི་མཐུད་ཁ་ནི SATA དང IDEཡིན་པས་གཤམ་དུ་དེ་གཉིས་ངོ་སྤྲོད་ཅིག་བྱ།
༼ ༡༽ IDE མཐུད་ཁ། IDE མཐུད་ཁ་ནི་མིག་སྔར་ཆེས་དར་ཆེ་བ་ཞིག་ཡིན ། དེའི་ལག་རྩལ་ལ PATA མཐུད་ཁ་སྤྱད་ཡོད་པས་མིང་གཞན་ལ PATA ཞེས་འབོད། ATA UItra ATA DMA UItr DMAསོགས་ཀྱི་མཐུད་ཁ་ཡོད་ཚད IDE ཁོངས་གཏོགས་ཡིན།

༼༢༽SATA མཐུད་ཁ། SATA མཐུད་ཁ་ནི་དུས་རབས་ཉེར་གཅིག་པའི་ཆེས་ཕུལ་བྱུང་གི་ལག་རྩལ་ཞིག་ཡིན་ལ།དེར་བརྟན་གཤིས་རང་བཞིན་དང་རང་སྐྱོན་རང་སེལ་གྱི་ཁྱད་ཆོས་ལྡན་པས་མིག་སྔར་ཆེས་ཚད་ལྡན་དུ་བརྩི།

སྲ་སྡེར་གྱི་གནས་དབྱེ་སྟངས།
སྲ་སྡེར་ནི་རྩིས་འཁོར་གྱི་སྣོད་ལྟ་བུ་ཡིན་པས་དེ་ལ་ངེས་པར་དུ་ཁྱབ་ཁོངས་མི་འདྲ་བའི་འཇུག་གནས་རེ་དབྱེ་དགོསསྟེ། སྤྱིར་བཏངcསྡེར་ནི་རྩིས་འཁོར་གྱི་མ་ལག་འཇུག་གནས་དང། d སྡེར་ནི་རྒྱུན་བཀོལ་མཉེན་ཆས་ཀྱི་འཇུག་གནས། eསྡེར་ནི་ཡིག་ཆ་དང་རི་མོ། གླུ་དབྱངས་སོགས་འཇུག་གནས་ཡིན་པས། གཤམ་དུ 160 GK ཅན་གྱི་སྲ་སྡེར་ཞིག་ལ་དཔེ་བླངས་ཏེ་རགས་ཙམ་གླེང་པར་བྱ།
དང་པོ། C སྡེར། ༼ འཁོར་བསྐྱོད་མ་ལག་འཇུག་གནས ༽Cསྡེར་ནི་རྩིས་འཁོར་གྱི་མ་ལག་འཇུག་གནས་ཡིན་པས་དེའི་ཆེ་ཆུང་ལ་གཙོ་བོ་མ་ལག་རང་གི་འཁོར་བསྐྱོད་ཚད་གཞི་དང་བསྟུན་དགོས་ཏེ། སྤྱིར་བཏང160 GK ཅན་གྱི་སྲ་སྡེར་ཞིག་ཡིན་ཚེ་དེའི Cསྡེར་ལ15 GK ནས20 GK ཡོད་པས་ཆོག།འོན་ཀྱངwindows xp གྱི་མ་ལག་ཡིན་ཚེ་དེ་ལས་ཆུང་ཡང་མཐུས།
གཉིས་པ། D སྡེར། ༼ རྒྱུན་བཀོལ་མཉེན་ཆས་འཇུག་གནས ༽ ལོབས་གཤིས་སུ D སྡེར་དུ་རྒྱུན་བཀོལ་རིགས་ཀྱི་མཉེན་ཆས་འཇུག་པས་དེའི་ཆེ་ཆུང་ལ Cསྡེར་ལས་ཅུང་ཆེ་བར་བྱུང་ན་ལེགས་ཏེ། རྒྱུན་ལྡན 20 GK ནས 25 GK ཚད་གཞི་བྱེད་ཀྱིན་ཡོད། དེས་ན D སྡེར་དུ་གཙོ་ བོ་ཡི་གེ་སྒྲིག་སྦྱོར་གྱི་མཉེན་ཆས office དང་ཡང་ན་རི་མོ་སྒྲིག་སྦྱོར་གྱིphotoshopསོགས་འཇུག་དགོས་པ་ཡིན།
གསུམ་པ། E སྡེར། ༼ ཡིག་ཆ་དང་རྩེད་ཆས་སོགས་འཇུག་གནས ༽ E སྡེར་ནི་ཁྱོད་ཀྱི་རྩ་ཆེ་བའི་ཡིག་ཆ་དང་རི་མོ། བརྙན་རིས། ཆེད་རྩོམ་སོགས་འཇུག་གནས་ཡིན་པས་རང་གི་སྡོད་གནས་ཀྱི་ཁྱིམ་གཞི་ལྟར་རྒྱ་ཅི་འདྲ་ཆེ་ན་དེ་འདྲའི་ལེགས་ལ། གལ་སྲིད་རྩེད་ཆས་རིགས་ཀྱི་མཉེན་ཆས་ཡོད་ཚེ་དེའང་E སྡེར་དུ་འཇུག་པ་ཡིན་པས་མ་མཐའ་ཡང 50GK ཙམ་ཡོད་ན་བཟང་ངོ་། །

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།