Internetསྟེང་གི་སྤྱི་ཚོགས་རིག་པའི་ཤེས་བྱ་དང་རྒྱུ་ཆ་འཚོལ་ཀློག་སྐོར་བརྗོད་པ།

༡.དྲ་རྒྱའི་སྤྱོད་མཁན་དང་Internetསྟེང་གི་སྤྱི་ཚོགས་རིག་པའི་ཆ་འཕྲིན།
༡.༡དྲ་རྒྱའི་སྤྱོད་མཁན་གྱི་ཆ་འཕྲིན་དགོས་མཁོ་དབྱེ་ཞིབ།
Internetསྟེང་རིག་གཞུང་ཞིབ་འཇུག་དང་སློབ་སྦྱོང་། ལག་རྩལ་སོགས་སྐོར་གྱི་ཤེས་བྱ་མང་པོ་ཡོད་པས། Internetབོད་ཁུལ་དུ་རྒྱ་ཁྱབ་ཏུ་སོང་བ་དང་བསྟུན་བོད་ཁུལ་གྱི་སྤྱོད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་པའི་མི་ཚད། བོད་ཁུལ་གྱི་རིག་གནས་པ་དང་སློབ་མ། གྲྭ་བ་སོགས་ཡོངས་ཀྱིས་བོད་ཡིག་ཕུད་རྒྱ་ཡིག་དང་ཕྱི་ཡིག་གི་ལམ་ནས་རིག་གཞུང་ཞིབ་འཇུག ལག་རྩལ་སློབ་སྦྱོང་བྱེད་མཁན་ཧ་ཅང་མང་ཏུ་ཕྱིན་ཡོད། ལྷག་ཏུ་བོད་ཡིག་གི་ལམ་ནས་ཕུད་པའི་དྲ་གནས་མང་པོ་ཞིག་ཕྱེ་ཡོད་ལ་ཉིན་རེའི་ལྟ་ཀློག་མཁན་ཡང་བརྒྱ་ཆའི་གྲངས་ཆུང་རེ་འགས་གོང་དུ་འཕེལ་གྱིན་ཡོད། རྒྱ་ཡིག་གི་ངོས་ནས་བརྗོད་ན་དྲ་བའི་སྟེང་ཀློག་མཁན་གྱི་རེ་བ་ལྟར་ཕྱེ་ན་ཆབ་སྲིད་དང་དཔལ་འབྱོར། གསར་འགྱུར་སྐོར་གྱི་ཆ་འཕྲིན་ཀློག་མཁན་གྱིས་66%ཟིན། ཚོང་དོན་འཚོལ་ཞིབ་སྐོར་གྱི་ཀློག་མཁན་ཀྱིས་51%དང་། དངུལ་རྩ་དང་དངུལ་འཛིན་ཉོ་ཚོང་སྐོར་གྱི་ཀློག་མཁན་གྱིས་4%ཟིན། སློབ་གསོའི་སྐོར་གྱི་ཀློག་མཁན་གྱིས་40%བཅས་ཟིན། དེ་བས་སྤྱི་ཚོགས་རིག་པའི་ཆ་འཕྲིན་སྟོས་འཇོག་གིས་ཉུང་བ་མཐོང་ཐུབ།
༡.༢Internetསྟེང་གི་སྤྱི་ཚོགས་རིག་པའི་ཆ་འཕྲིན་གྱི་ཁྱད་ཆོས་གླེང་བ།
Internetསྟེང་དུ་གསར་འགྱུར་སོགས་དུས་འགྱུར་རང་བཞིན་ཆེ་བའི་ཆ་འཕྲིན་ལས་གཞན་རིན་ཐང་ལྡན་པའི་དཔེ་ཆའི་དཀར་ཆག་དང་། ལས་ཁུངས་དང་ཚོགས་པ་སྣ་ཚོགས་ཀྱི་ཐོ་ཡིག ད་དུང་ཆེད་སྒྲིག་ལས་ཚན་གྱི་རིག་མཛོད། གློག་རྡུལ་དུས་དེབ་སོགས་གྲངས་འབོར་མང་པོ་ཡོད། རིག་མཛོད་དང་ཆ་འཕྲིན་འདི་དག་གིས་གཞུང་སྒེར་སློབ་གྲྭ་སོགས་ཀྱི་དཔེ་མཛོད་ཁང་གི་ཉར་ཚགས་མེད་པའི་དཔེ་ཆའི་སྐོར་གྱི་རིག་པའི་ཆ་འཕྲིན་གྱི་ཞན་ཆ་སྐོང་ཐུབ་པ་མ་ཟད། རིག་ཚན་གྱི་དབྱེ་བ་དགར་སྟངས་ཞིབ་ལ་བར་སྟོང་གི་ཚད་བཀག་ཅི་ཡང་མེད་པས་Internetགྱི་ཀློག་མཁན་གྱི་ལྟ་ཀློག་བདེ་བོ་ཡོད། འོན་ཀྱང་དྲ་རྒྱའི་སྟེང་དུ་དངུལ་འཛིན་ཉོ་ཚོང་དང་ཁྲིམས་ལུགས་སོགས་རྒྱུན་མཁོའི་ཆ་འཕྲིན་གྱིས་མང་པོར་ཟིན་ལ་། མཚན་ཉིད་རིག་པ། ཆབ་སྲིད། རྩོམ་རིག ལོ་རྒྱུས། གནས་རྫས་རྟོག་ཞིབ་སོགས་ཀྱི་ཆ་འཕྲིན་ཉུང་ལ་དུས་ཐོག་ཏུ་གསར་བརྗེ་བྱེད་པ་ཉུང་ཞིང་དལ་བ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་སྤྱི་ཚོགས་རིག་པའི་རིག་ཚན་དབྱེ་སྟངས་ཚད་གཅིག་འཛིན་ཆོག་པ་ཞིག་མེད་པར་སྤྱི་ཚོགས་རིག་པའི་རིག་ཚན་ཁག་གི་བརྗོད་དོན་དཀར་ཆག་རེ་རེའི་ཆ་འཕྲིན་གྱི་ཁྱབ་ཁོངས་ནང་དོན་མཐུན་པོ་མེད། དེ་བས། དྲ་རྒྱའི་སྟེང་གི་སྤྱི་ཚོགས་རིག་པའི་ཆ་འཕྲིན་དག་ཁ་ཐོར་གྱི་རང་བཞིན་ཆེ་ལ་ཀློག་མཁན་གྱིས་དོན་ཐོག་ཡོངས་འདུས་ཞིག་འཚོལ་དཀའ་ལ།

༢.Internetསྟེང་གི་སྤྱི་ཚོགས་རིག་པའི་ཆ་འཕྲིན་མགྱོགས་མྱུར་གྱིས་ཀློག་ཐབས།
    མིག་སྔར་དྲ་རྒྱའི་སྟེང་གི་སྤྱི་ཚོགས་རིག་པའི་ཆ་འཕྲིན་ཁྱབ་སྟངས་ཚད་སྙོམས་པོ་མིན་ལ་འཚོལ་བཤེར་གྱི་ལག་རྩལ་ཚད་ལྡན་མིན་པས་Internetསྟེང་གི་སྤྱི་ཚོགས་རིག་པའི་ཆ་འཕྲིན་འཚོལ་ཀློག་ལ་དཀའ་ངལ་ཡོད། འོན་ཀྱང་རྒྱུན་ལྡན་གྱི་འཚོལ་ཀློག་ཁྲོད་དྲ་རྒྱའི་ཐོག་འཚོལ་ཀློག་བྱེད་ཐབས་རེ་འགའ་བྱང་ཆུབ་ན་སྤྱི་ཚོགས་རིག་པའི་ཆ་འཕྲིན་མགྱོགས་མྱུར་གང་འགྲིག་གིས་འཚོལ་ཀློག་གི་དགོས་འདོད་སྐོང་ཐུབ།
༢.༡རྩོམ་རིགས་(文献)ཆ་འཕྲིན་འཚོལ་ཀློག
རྩོམ་རིགས་ཀྱི་ཆ་འཕྲིན་ནི་དྲ་རྒྱའི་སྟེང་འཚོལ་ཀློག་གི་བྱེད་ཐབས་བརྒྱུད་ནས་འཚོལ་བའི་རྩོམ་རིགས་མ་གཞིའི་དཔེ་ཆ་སྟེ། རིག་ཚན་གང་དེར་འབྲེལ་བ་ཡོད་པའི་རིག་གཞུང་དཔྱད་རྩོམ་དང་ཆེད་རྩོམ་དག་ཡིན་པས། སྤྱི་ཚོགས་རིག་པའི་ཆེད་ལས་པར་ངེས་མཁོའི་རྒྱུ་ཆ་ཡིན། འོན་ཀྱང་དྲ་རྒྱའི་སྟེང་ཐད་ཀར་རིག་ཚན་གང་དེའི་ཆ་འཕྲིན་ཁྱོན་ཡོངས་ཀློག་ཐབས་མེད་པར་ཞབས་ཞུའི་གློག་སྒམ་གྱིས་བཏོན་པའི་རྩོམ་རིགས་ཀྱི་ཁུངས་སྣེ་ལྟར་ཀློག་ཆོག དེ་ལ་རིན་ཡོན་དགོས་ན་དྲ་ཚིགས་ཀྱི་གསལ་བཤད་ལྟར་e-mialསྐུར་ན་དུས་ཚོད་བཅུ་གཉིས་ཀྱི་ཡུན་དུ་ཕྱིར་ཡིག་ལན་དང་རྩོམ་རིགས་གང་དེའི་ཤོག་ངོས་གང་དགོས་ཀློག་པ་པོའི་ཡིག་སྒམ་དུ་བསྐུར་འོངས་ལ་དུས་ཆད་ངེས་ཅན་ནང་བཀླགས་ཆོག་པ་མ་ཟད་ཡི་གེ་ངོས་འཛིན་མ་ལག་གྱིས་ངོས་འཛིན་ནམ་པར་ངོས་བསྡུ་ཉར་བྱས་ཆོག དེ་ལ་གཤམ་གྱི་ཐབས་ལམ་འགའ་ཡོད་དེ།
༢.༡.༡དྲ་ཚིགས་ཀྱི་གསལ་བཤད་ལྟར་རྩོམ་རིགས་ཀྱི་དཀར་ཆག་གནད་བསྡུས་ཀློག་པ།
དཔེ་ཆའི་དཀར་ཆག་དང་ཁུངས་སྣེ་འཚོལ་ཀློག་ནི་Internetཆ་འཕྲིན་འཚོལ་རྟོག་གི་གལ་ཆེའི་གྲུབ་ཆ་གཅིག་ཡིན། རྒྱ་ཡིག་དང་ཕྱི་ཡིག་གང་རུང་e-mailབརྒྱུད་རྩོམ་རིགས་ཀྱི་མ་ཡིག་ཧྲིལ་བོ་ལྟ་ཀློག་ཐུབ། མིག་སྔར་རྒྱལ་ནང་དུ་གློག་རྡུལ་དུས་དེབ་གྲངས་འབོར་བདུན་བརྒྱ་ལྷག་དང་བོད་ཡིག་གི་དུས་དེབ་བཅུ་གྲངས་ཉེ་བ་ཡོད་མོད་ཀློག་པ་པོས་ཉེ་བའི་ལོ་འགའི་དུས་དེབ་དང་དཀར་ཆག་ཙམ་ལས་ཀློག་ཐུབ་མེད་པས་ཀློག་མཁན་གྱིས་རང་གི་ཆ་རྐྱེན་དང་ཐབས་ལམ་སྣ་ཚོགས་བརྒྱུད་ནས་མ་ཡིག་ཀློག་ཐབས་བྱེད་དགོས། དཔེ་ཆའི་དཀར་ཆག་གནད་བསྡུས་འཚོལ་ཀློག་ཐད་དཔེ་མཛོད་ཁང་དང་སྡེ་ཁག་རེ་འགའི་ཉར་ཚགས་དང་ས་གནས་གྱི་དཔེ་བྱང་འཚོལ་ཀློག་བྱེད་ཐུབ། དཔེར་ན། རྒྱལ་ཁབ་དཔེ་མཛོད་ཁང་གིས་དཔེ་ཆ་དང་དུས་དེབ། ལོ་རབས་བསྟན་རྩིས། ཡུལ་བཤད་སོགས་དཀར་ཆག་གནད་བསྡུས་རིན་མེད་དུ་འཚོལ་ཀློག་ཆོག་ལ། སྤྱི་ཚོགས་རིག་པའི་མཐོ་རིམ་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གི་དཔེ་སྣའི་དཀར་ཆག་གནད་བསྡུས་བཀླག་ཆོག དེ་ལས་གཞན་པེ་ཏུའུ་དང་སའོ་ཧུའུ། ཀུའུ་གུ་སོགས་འཚོལ་ཀློག་མ་ལག་དང་། དྲ་སྟེང་གི་དཔེ་འཚོང་ཁང་སོགས་ཀྱི་དྲ་ལམ་བརྒྱུད་ནས་དཔེ་བྱང་དང་དཀར་ཆག་འཚོལ་ཀློག་བྱས་ཆོག དཔེར་ན། སའོ་ཧུའུ་དྲ་ལམ་སྟེང་གི་”གསར་འགྱུར་དང་སྨྱན་བྱེད་”འོག་ཏུ་དཀར་ཆག་གནད་བསྡུས་སྣ་ཚོགས་འཚོལ་ཀློག་ཐུབ།
༢.༡.༢དྲ་ཚིགས་སྟེང་གི་ནང་དོན་གནད་བསྡུས་ལ་བརྟེན་ནས་མ་ཡིག་དགོས་མིན་ཐག་གཅོད་པ།
དཀར་ཆག་དང་ནང་དོན་གནད་བསྡུས་ནི་Internetསྟེང་རྒྱུན་ཏུ་མཐོང་ཐུབ་པའི་རྩོམ་རིགས་ཀྱི་ཆ་འཕྲིན་སྐོར་ཡིན། སྤྱི་ཚོགས་རིག་པའི་ཀློག་པ་པོས་དཀར་ཆག་དང་ནང་དོན་གནད་བསྡུས་ལ་བརྟེན་ནས་མ་ཡིག་ཧྲིལ་བོ་དགོས་མིན་བརྡར་ཤ་བཅད་དེ་དུས་ཚོད་དང་དངུལ་རིན་འབོར་ཆེན་གསོག་འཇོག་བྱེད་ཐུབ། དཔེར་ན་རྒྱལ་ཁབ་དཔེ་མཛོད་ཁང་གི་སློབ་ཐོན་དཔྱད་རྩོམ་གྱི་དཀར་ཆག དེ་བཞིན་ཁྲོའོ་ཞིན་གློག་རྡུལ་དཔེ་མཛོད་ཁང་། ཝན་ཧྥང་དུས་དེབ་ཆ་འཕྲིན་དཔེ་མཛོད་ཁང་སོགས་བརྒྱུད་དུས་དེབ་ཁག་ཏུ་འཁོད་པའི་དཔྱད་རྩོམ་གྱི་དཔེ་བྱང་དང་ནང་དོན་གནད་བསྡུས་འཚོལ་ཀློག་དང་མ་རྩོམ་ཧྲིལ་བོ་དྲ་ལམ་ནས་བླུ་ཀློག་བྱས་ཆོག
༢.༡.༣དྲ་ཚིགས་སྟེང་ནས་རིན་མེད་དུ་རྩོམ་རིགས་དང་གློག་རྡུལ་དུས་དེབ་གྱི་མ་རྩོམ་ཧྲིལ་བོ་ཀློག་པ།
མིག་སྔར་སྤྱི་ཚོགས་རིག་པའི་མ་རྩོམ་འབོར་ཆེན་དྲ་ཚིགས་ལས་ཐད་ཀར་བཀླགས་ཆོག་པས་ཀློག་པ་པོར་སྟབས་བདེར་གང་མང་བཟོས་ཡོད། གཙོ་བོ་སྤྱི་ཚོགས་རིག་པའི་ཆེད་གཉེར་ཞིབ་འཇུག་ཁང་སོ་སོའི་ཞིབ་འཇུག་གི་འབྲས་བུ་གཙོས་དྲ་ཚིགས་འབོར་ཆེ་བ་དང་། དུས་དེབ་ལ་《ཀྲུང་གོའི་ཞིབ་འཇུག》དང་སའོ་ཧུའུ་དྲ་ངོས་གྱི་ཀྲུང་གོའི་མི་དམངས་སློབ་ཆེན་གྱི་1995-1997ལོའི་བར་གྱི་《དུས་དེབ་དང་ཚགས་པར་བསྐྱར་དཔར་དཔྱད་གཞིའི་ཡིག་ཆའི་》སྐད་བརྡ་རིག་པའི་དཔྱད་རྩོམ་ཚང་མ་བཀླགས་ཆོག དེ་བཞིན་དུས་དེབ་ལ་ལ་རྩོམ་སྒྲིག་ཁང་གི་དྲ་ངོས་ལས་ཐད་གར་བཀླགས་ཆོག བོད་ཡིག་གི་སྐོར་ལ་《ཀྲུང་གོའི་བོད་རིག་པ་》དང་《བོད་ལྗོངས་ཞིབ་འཇུག་》སྟེང་བཀོད་པའི་བོད་ཡིག་གི་དཔྱད་རྩོམ་ལེགས་གྲས་དང་སྙན་ངག་སོགས་རྩོམ་རིག་བརྩམས་ཆོས་འབོར་ཆེན་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་དང་བོད་སྐད་ཡིག་དྲ་བ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དྲ་བའི་སྟེང་ཐད་གར་ལྟ་ཀློག་ཐུབ་པ་མ་ཟད། 《ནང་བསྟན་ཞིབ་འཇུག》དང་《སྦྲང་ཆར་》སོགས་གློག་རྡུལ་དུས་དེབ་དང་ཚགས་པར་ཡང་འབོར་ཆེན་ཐོན་བཞིན་ཡོད། འོན་ཀྱང་རིགས་ལམ་དགར་སྟངས་ཀྱི་ཁྱབ་ཁོངས་ཚད་ལྡན་མིན་ལ་དང་རྩོམ་རིགས་ཕྱོགས་ཡོངས་སུ་ཁྱབ་མེད་པས་མུ་མཐུད་དུ་འབད་པ་བྱེད་དགོས།
༢.༡.༤མཉམ་སྦྲེལ་རྩིས་འཁོར་གྱི་ཆེད་ལས་གཞི་གྲངས་མཛོད་ནས་འཚོལ་ཀློག་བྱེད་པ།
དྲ་རྒྱའི་སྟེང་མཁོ་སྤྲོད་གནང་བའི་རིན་མེད་ཀྱི་མཉམ་སྦྲེལ་རྩིས་འཁོར་གྱི་ཆེད་ལས་གཞི་གྲངས་མཛོད་དང་ཡང་ན་ཐོ་བཀོད་བྱས་པ་བརྒྱུད་རིན་སྤྲོད་དགོས་པའི་མཉམ་སྦྲེལ་རྩིས་འཁོར་གྱི་ཆེད་ལས་གཞི་གྲངས་མཛོད་ཁག་ནས་འཚོལ་ཀློག་བས་ན། སྤྱི་ཚོགས་རིག་པའི་དངོས་གཞིའི་རྒྱུ་ཆ་དང་ཆེད་རྩོམ་ཀློག་པའི་དགོས་མཁོ་སྐོང་རྒྱུ་ཕན་པ་རྒྱ་ཆེ་ལ། ཀློག་མཁན་གྱི་དུས་ཚོད་དམ་འཛིན་དང་དྲ་རྒྱའི་ཆ་འཕྲིན་བཀོལ་སྤྱོད་ཚད་མཐོན་པོར་སླེབས་ཐུབ།
དེང་སྐབས་འཛམ་གླིང་སྟེང་ཁྱབ་ཆེས་ཆེ་བའི་སྣ་འཛོམས་རང་བཞིན་པའི་མཉམ་སྦྲེལ་རྩིས་འཁོར་འཚོལ་ཀློག་མ་ལག་Dialogསྟེང་གི་གཞི་གྲངས་མཛོད་ལ་རྣམ་གྲངས་སྣ་ཚོགས་ཡོད་དེ། མ་རྩོམ་ཧྲིལ་བོའི་རིགས་དང་ཆེད་ལས་རྩོམ་བྱང་གི་རིགས། གཞི་གྲངས་རིགས། དངོས་གཞིའི་རྒྱུ་ཆའི་རིགས་སོགས་ཡོད་ལ་གཞི་གྲངས་མཛོད་ཀྱི་རྩོམ་རིགས་གྲངས་ལོ་རེ་བཞིན་འཕར་གྱིན་ཡོད། གཞི་གྲངས་མཛོད་འདིའི་འཚོལ་ཀློག་མ་ལག་གི་བྱེད་ནུས་རྒྱ་ཆེ་ལ་འཚོལ་ཀློག་གི་ནང་དོན་དང་ཁྱབ་ཁོངས། གནད་འཁེལ་ཚད་མཐོ་བ་བཅས་ཕྱོགས་ཡོངས་ནས་དགེ་མཚན་ཆེན་པོ་ཡོད། གཞན་སྐད་གྲགས་ཆེ་བའི་གཞི་གྲངས་མཛོད་མཁོ་སྤྲོད་སྡེ་ཁག་OCLCལ་གཞི་གྲངས་མཛོད་རིགས་བཅུ་བཞི་ལྷག་ཡོད་ལ་དེ་ལས་རྩོམ་རིགས་ཀྱི་དཀར་ཆག་འཚོལ་ཀློག་ཆོག་པ་མ་ཟད་ཕལ་ཆེ་བའི་མ་རྩོམ་ཧྲིལ་བོ་བཀླགས་ཆོག

རྩོམ་པ་པོ་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གི་ཡིན།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བྱམས་པ།]

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།