དྲ་ཚིགས་དང Webཚད་གཞི།

Webཚད་གཞི་ཞེས་པ་ནི་དྲ་ཚིགས་ཀྱི་ཚད་གཞི་ཞིག་ལ་བྱ། མིག་སྔར་རྒྱུན་པར་བཤད་བཞིན་པའིWebཚད་གཞི་དེ་སྤྱི་བཏང་དུ་དྲ་ཚིགས་འཛུགས་པར་བཀོལ་པའི་XHTMLསྐད་བརྡ་ལ་གོ་བ་ཡིན། Webཚད་གཞི་ཁྲོད་འཐུས་ཚབ་ཅན་གྱི་བེད་སྤྱོད་རྣམ་པ་ནིCSS+DIVཡིན། དོན་དངོས་སྟེངWebཚད་གཞི་ཞེས་པ་དེ་སྒེར་ཚིགས་ཀྱི་ཚད་གཞི་ཞིག་མ་ཡིན་པར་ཚད་ལྡན་མང་པོ་མཉམ་དུ་བསྡུས་པའི་ཚོགས་སྤྱི་ཞིག་རེད། 
1.ཅི་ཞིག་ལWebཚད་གཞི་ཟེར།
    Web ཚད་གཞི་ནི་W3Cདང་ཚད་ལྡན་ཅན་གྱི་རྩ་འཛུགས་ཁག་གཅིག་གིས་གཏན་ཁེལ་བྱས་པའི་ཚུལ་ལྡན་གྱི་ཚོགས་སྤྱི་ཞིག་ཡིན་ལ། Webཚད་ལྡན་འཛུགས་པའི་དམིགས་ཡུལ་ནིWebསྟེང་བཀོལ་ཆིག་པའི་མངོན་མཚོན་ལག་རྩལ་གྱི་ཚད་ལྡན་ཞིག་འཛུགས་་རྒྱུ་དེ་ཡིན་ཞིང་། གསལ་བར་བཤད་ན་བཤར་བལྟ་ཆས་མི་འདྲ་བ་དང་མཇུག་སྣེ་སྒྲིག་ཆས་མི་འདྲ་བ་བརྒྱུད་ནས་མཐའ་མར་བདེ་སྤྱོད་མཁན་ལ་ཆ་འཕྲིན་གྱི་ནང་དོན་རྣམས་བདེ་བླག་ངང་མངོན་པར་བྱ་རྒྱུ་དེ་རེད།
སྤྱིར་བཏང་དུ་དྲ་ངོས་ལ་གྲུབ་ཆ་གཙོ་བོ་གསུམ་ཡོད་དེ། སྒྲིག་གཞི་དང་མངོན་མཚོན། རྣམ་པ་བཅས་ཡིན། དེ་བཞིན་ལྟོས་བཅོས་ཀྱི་དྲ་ཚིགས་ལ་འང་། སྒྲིག་གཞི་རང་བཞིན་གྱི་ཚད་ལྡན་སྐད་བརྡ(གཙོ་བོXHTMLདངXML)། མངོན་མཚོན་གྱི་ཚད་ལྡན་སྐད་བརྡ(གཙོ་བོCSS)། རྣམ་པ་ཅན་གྱི་ཚད་ལྡན(གཙོ་བོཁ་གཏད་ཀྱི་རྣམ་པW3C DOMདང ECMAScript)བཅས་གསུམ་ཡོད་པ་རེད།
1.1སྒྲིག་གཞི།
སྒྲིག་གཞི་ཡིས་དྲ་ངོས་སྟེང་བཀོལ་པའི་ཆ་འཕྲིན་རྣམས་རིགས་དགར་དང་དག་སྒྲིག་བྱེད་པ་ཡིན་ལ། སྒྲིག་གཞི་ཁྲོད་བཀོལ་བའི་ལག་རྩལ་ལ་་གཙོ་བོHTMLདང XML XHTMLབཅས་འདུ་བ་རེད།
1.2མངོན་མཚོན།
མངོན་མཚོན་གྱིས་དྲ་ངོས་ཀྱི་ཆ་འཕྲིན་རྣམས་ལ་པར་སྒྲིག་དང་ཁ་དོག ཆེ་ཆུང་སོགས་ཚོད་འཛིན་བྱེད་པ་ཡིན་ལ། མངོན་མཚོན་ཁྲོད་བཀོལ་པའི་ལག་རྩལ་གཙོ་བོ་ནིCSSརྣམ་དབྱིབས་རེའུ་མིག་ཡིན།
1.3རྣམ་པ།
རྣམ་པ་ནི་ཡིག་ཆ་ནང་ཁུལ་གྱི་རྣམ་པར་མཚན་ཉིད་འཇོག་རྒྱུ་དང་ཕན་ཚུན་བརྗེ་རེས་ཀྱི་རྣམ་པས་བྲིས་ཏེ། ཕན་ཚུན་བརྗེ་རེས་རྣམ་པའི་ཡིག་ཆ་འབྲི་བར་བཀོལ་བ་ཡིན། རྣམ་པའི་སྟེང་བཀོལ་བའི་ལག་རྩལ་གཙོ་བོ་ནིDOMདངECMAScriptཡིན།
2.ཅིའི་ཕྱིརWebཚད་ལྡན་འཛུགས་པ་ཡིན།
    མི་མང་པོ་ཞིག་ལ་བཤར་བལྟ་ཆས་ཀྱི་པར་རིམ་འཕར་སྐབས་དེ་སྔོན་བཟོས་པའི་དྲ་ཚིགས་དེ་རྙིང་བ་ཞིག་ཏུ་གྱུར་ནས་དྲ་ཚིགས་དེ་་ཡང་རིམ་འཕར་དང་ཡང་བསྐྱར་འཛུགས་དགོས་་བྱུང་བའི་སྣང་བ་སྟེར་བ་རེད། དྲ་ཚིགས་ཀྱི་དྲ་ངོས་བཟོ་དུས་Webཚད་གཞིའི་ལག་རྩལ་བཀོལ་ཡོད་ཚེ། དྲ་ངོས་ཀྱི་བཀོད་སྒྲིག་དང་ཡིག་གཟུགས། ཁ་དོག རྒྱབ་ལྗོངས་བཅས་ལ་ནུས་ལྡན་གྱི་ཕན་འབྲས་ཐོབ་སྟེ། ཡང་དག་དང་ཞིབ་ཚགས་ལྡན་པའི་སྒོ་ནས་ཚོད་འཛིན་ལེགས་པོ་བྱེད་ཐུབ་པ་རེད། དེ་ལ་དྲ་ངོས་སྟེང་གི་ལྟོས་བཅོས་ཀྱི་ཚབ་ཨང་འགའ་ལ་བཟོ་བཅོས་ཉུང་ཙམ་བྱས་པ་ཙམ་གྱིས་དྲ་ངོས་ཀྱི་ཕྱི་ངོས་དང་རྣམ་པ་བསྒྱུར་བཅོས་བྱེད་ཐུབ་པ་རེད།
གོ་བདེ་བར་བཤད་ན། དྲ་ཚིགས་ཚད་ལྡན་བཟོ་བའི་དམིགས་ཡུལ་ནི།
•དྲ་ཚིགས་བེད་སྤྱོད་བྱེད་་མཁན་གྱི་མི་མང་པོ་ཞིག་ལ་སྟབས་བདེ་བཟོ་བ།
•དྲ་ཚིགས་མང་པོ་ཞིག་གི་སྟེང་གི་ཡིག་ཚགས(文档)ཚང་མ་དུས་ཡུན་རིང་བོ་ཞིག་ལ་ནུས་པ་ལྡན་པར་བྱེད་པ།
•ཚབ་ཨང་སྟབས་བདེ་བཟོས་ཏེ་དྲ་འཛུགས་ཀྱི་མ་རྩ་ཉུང་འཕྲི་བྱེད་ཐུབ་པ།
•བེད་སྤྱོད་བྱེད་མཁན་མི་འདྲ་བ་དང་དྲ་རྒྱའི་སྒྲིག་ཆས་མི་འདྲ་ཡང་དྲ་ཚིགས་བེད་སྤྱོད་བྱེད་པར་སྟབས་བདེ་བཟོ་བ།
•བཤར་བལྟ་ཆས་ཀྱི་པར་རིམ་གསར་བསྒྱུར་བྱས་པའམ་དྲ་རྒྱའི་བརྗེ་སྤོར(交互)སྒྲིག་ཆས་གསར་བའི་མུ་མཐུད་དུ་ཡང་དག་སྒོས་ལས་རིམ(执行)སྒྲུབ་ཐུབ་པར་ཁག་ཐེག་བྱེད་པ།
དྲ་ཚིགས་ཀྱི་ཇུས་འགོད་བྱེད་མཁན་དང་གསར་སྤེལ་མི་སྣ་ཞིག་ལ་མཚོན་ནས་བཤད་ན། དྲ་ཚིགས་ཀྱི་ཚད་ལྡན་ལྟར་བཟོས་པ་ནི་དྲ་ཚིགས་ལ་འགན་ཁུར་བ་དང་དྲ་ཚིགས་བེད་སྤྱོད་མཁན་ལ་ཕན་ནུས་ཆེས་བཟང་པོ་དེ་རོ་མྱོང་བྱེད་དུ་བཅུག་པ་ཡིན།
2.1དྲ་ཚིགས་བལྟ་ཀློག་བྱེད་མཁན་ལ་དགེ་མཚན་འགའ་ལྡན་པ་ནི།
•ཡིག་ཆ་ཕབ་ལེན་དང་དྲ་ངོས་འཆར་བར་བཀོལ་པའི་དུས་ཡུན་ཐུང་བ།
•བེད་སྤྱོད་མཁན་མང་པོ་ཞིག་གིས་དྲ་ཚིགས་ཀྱི་ནང་དོན་ལ་བལྟ་ཀློག་བྱེད་བདེ་པ།
•ནང་དོན་མང་པོ་ཞིག་ལ་སྒྲིག་ཆས་གང་མང་གིས་རམ་འདེགས་བྱེད་ཐུབ་པ།
•བདེ་སྤྱོད་བྱེད་མཁན་དག་གིས་རང་འདོད་ལྟར་བཟོ་བལྟ/རྣམ་པགདམ་གསེས་བྱེད་ཆོག་པ།
•དྲ་ངོས་ཡོད་ཚད་ལ་པར་འདེབས་བྱེད་པར་པར་རིམ་གྱིས་ཚད་འགག་མེད་པ།
2.2དྲ་ཚིགས་ཇུས་འགོད་མཁན་ལ།
•ཚབ་ཨང་དང་ལྷུ་སྒྲིག་ཉུང་བས་དྲ་ཚིགས་ལ་སྲུང་སྐྱོང་བྱེད་བདེ་པ།
•དྲ་ཞེང(带宽)གི་ཚད་ཐིག་དམའ་བ་དང་ཚབ་ཨངབསྡུས་གསལ་ཡིན་པས་དྲ་ཚིགས་འཛུགས་པར་མ་རྩ་ཉུང་བ།
•འཚོལ་བཤེར་མཁན་པོས་ནང་དོན་འཚོལ་བཤེར་བྱེད་པར་སྟབས་བདེ་ཡིན་པ།
•པར་ངོས་བཟོ་བཅོས་བྱེད་དགོས་ཀྱང་པར་ངོས་ཀྱི་ནང་དོན་ལ་བསྒྱུར་བཅོས་བྱེད་མི་དགོས་པ།
•དྲ་ཚིགས་ཀྱི་བེད་སྤྱོད་བྱེད་རིན་མཐོ་རུ་འདེགས་ཐུབ་པ།
ཨ་རུ་རྒྱལ་ཁབ་ལ་མཚོན་ན། བཅའ་ཁྲིམས་སྟེང་ནས་སྲིད་གཞུང་གི་དྲ་ཚིགས་ན་ངེས་པར་དུ་བེད་སྤྱོད་བྱེད་བདེ་་རང་བཞིན་ངེས་ཅན་ལྡན་དགོས་པར་གཏན་ཁེལ་ནན་མོ་བྱས་ཡོད་ལ། རྒྱལ་ཁབ་གཞན་དག་ལ་མཚོན་ནའང་རིགས་མཐུན་གྱི་རེ་བ་ངེས་ཅན་རེ་ཡོད་པ་རེད།
3.ད་ཡོད་ཀྱི་དྲ་ཚིགས་ལ་ལེགས་བཅོས་ཅི་ལྟར་བྱེད་དགོས།
    དྲ་ཚིགས་ཇུས་འགོད་པ་མང་ཆེ་བས་ད་དུང་ཡང་སྔར་བཞིན་སྲོལ་རྒྱུན་གྱི་དྲ་མིག་ལ་བརྟེན་ནས་པར་ངོས་བཀོད་སྒྲིག་དང་ཇུས་འགོད། མཚོན་སྟངས་དང་སྒྲིག་གཞི་མཉམ་བསྲེས་ཀྱི་བྱེད་ཐབས་བེད་སྤྱད་ནས་དྲ་ཚིགས་བཟོ་བཞིན་ཡོད་པ་ལས XHTML+CSSཡི་བྱེད་ཐབས་བེད་སྤྱོད་བྱེད་པར་རྒྱུད་རིམ་ངེས་ཅན་ཞིག་ལྡན་དགོས་པ་མ་ཟད། ད་ཡོད་ཀྱི་དྲ་ཚིགས་ཚང་མར་དྲ་ཚིགས་ཀྱི་ཚད་གཞི་དང་མཐུན་པར་བྱེད་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན། དེ་བས་ང་ཚོས་དེ་སྔོན་གྱི་དྲ་ཚིགས་རྣམས་ཚད་ལྡན་ཅན་དུ་གཏོང་བའི་བྱེད་ཐབས་ཆེས་བཟང་པོ་ནི་རིམ་བགྲོད་གོང་འཕེལ་དང་། དུས་རིམ་བཀར་ནས་རིམ་བཞིན་ཚད་ལྡན་ཅན་དུ་འགྱུར་དགོས་པ་རེད། དེ་ལ་དུས་རིམ་གཉིས་བརྒྱུད་དགོས་སྟེ།
3.1ཐོག་མའི་དུས་ཀྱི་ལེགས་བཅོས།
•དྲ་ངོས་ལ་ཡང་དག་པའིDOCTYPE ཁ་སྣོན་བྱེད་པ།
DOCTYPE ནིdocument typeཡི་བསྡུས་འབྲི་ཡིན་ཞིང་། དེ་ནིXHTMLའམHTMLཡི་པར་རིམ་གང་ཡིན་གསལ་བཤད་བྱེད་པ་ཞིག་ཡིན། བཤར་བལྟ་ཆས་ཀྱིས DOCTYPE ཁྲོད་ཀྱི་DTD(文件类型定义) ལྟར་དྲ་ངོས་ཀྱི་ཚབ་ཨང་འགྲེལ་བཤད་བྱེད་པ་ཡིན།
•དྲ་ངོས་བར་སྟོང་ལ་མིང་འདོགས་པ།
DOCTYPEཡི་གསལ་བསྒྲགས་ཀྱི་་རྗེས་སུ་ཐད་ཀར་དུ་གཤམ་གྱི་ཚབ་ཨང་ཁ་སྣོན་རྒྱུ།
<html XMLns=”http://www.w3.org/1999/xhtml”>
•སྒྲིག་ཨང་སྐད་བརྡ་གསལ་བསྒྲགས་བྱེད་པ།
བཤར་བལྟ་ཆས་ཀྱིས་ཡང་དག་སྒོས་འགྲེལ་བཤད་དང་མཚོན་རྟགས##ལ་ཞིབ་བཤེར་བྱེད་ཐུབ་་པར་ངེས་པར་དུ ཡིག་ཚགས་ཚང་མར་སྒྲིག་ཨང་སྐད་བརྡ་གང་ཞིག་བཀོལ་ཡོད་པ་གསལ་བསྒྲགས་བྱེད་དགོས། ཚབ་ཨང་གཤམ་གསལ་ལྟར།
<meta http-equiv=”Content-Type”content=”text/html;charset=GB2312″/> འདིར་གསལ་བསྒྲགས་བྱས་པའི་སྒྲིག་ཨང་སྐད་བརྡ་ནི་རྒྱ་ཡིག་གི་ཟོར་གཡངGB2312ཡིན།
•གསལ་བྱེད་ཡིག་འབྲུ་ཆུང་བ་ཁོ་ནས་འདེམས་བྱང་འབྲི་དགོས་པ། (标签)
XMLཡིས་གསལ་བྱེད་ཡིག་འབྲུ་ཆེ་ཆུང་ལ་ཁྱད་པར་གསལ་བོ་འབྱེད་པའི་ནུས་པ་ལྡན་པས། XHTMLལའང་ཡིག་འབྲུ་ཆེ་ཆུང་གི་ཁྱད་པར་ཡོད་པ་རེད། དེ་བསXHTMLཡིས་གཞི་རྒྱུ་དང་གཏོགས་གཤིས་ཀྱི་མིང་ཚང་མར་ངེས་པར་དུ་ཡིག་འབྲུ་ཆུང་བས་འབྲི་དགོས་པ་རེད། གལ་ཏེ་དེ་ལས་ལྡོག་པ་ཡིན་ཚེ་ཡིག་ཚགས(文档)ལW3Cཡིས་ཞིབ་བཤེར་བྱེད་དུས་རྩིས་མེད་དུ་གཏོང་བ་རེད།
<Title>བོད་ཀྱི་དྲ་བ། </Title>ནི་ནོར་འཁྲུལ་་ཡིན་པས <title>བོད་ཀྱི་དྲ་བ། </title>ལྟར་ཆུང་འབྲི་འབྲི་དགོས།
•པར་རིས་ལaltཡི་གཏོགས་གཤིས་ཁ་སྣོན་དགོས།
Altགཏོགས་གཤིས་ནི་གལ་ཏེ་དྲ་ངོས་སྟེང་པར་རིས་འཆར་མི་ཐུབ་པའི་གནས་ཚུལ་འོག་པར་རིས་ཀྱི་གནས་ས་ནས་ཡིག་རིགས(文本)ཡིས་ཚབ་བརྗེ(替换)བྱེད་པ་ཡིན། འདི་ལྟར་བྱེད་པ་ནི་རྒྱུན་བཀོལ་གྱི་བེད་སྤྱོད་བྱེད་མཁན་ལ་ནུས་པ་གལ་ཆེན་ཐོན་མི་ཐུབ་མོད། ཡིག་རིགས་རྐྱང་བ་ལས་རམ་འདེགས་མི་བྱེད་པའི་བཤར་བལྟ་ཆས་ནང་པར་རིས་ཀྱི་གནས་ས་གསལ་བོར་ཤེས་པ་དང་འཆར་བརྙན་ཀློག་འདོན་ཁ་སྣོན་བྱེད་དགོས་ཚེ་ཚབ་ཨང་ལW3Cཡིས་ཞིབ་བཤེར་བྱེད་བདེ་བ་རེད།
<img src=”Logo.gif” alt=”བོད་ཀྱི་དྲ་བའི་མཚོན་དོན་རི་མོ།”>

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མཁའ་འགྲོ་ཚེ་བརྟན།]

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།