དྲ་ཁང་ནས་བོད་ཡིག་བརྩེགས་འདོགས་ཡག་པོར་འཆར་ཐབས་ཀྱི་ལག་རྩལ་ངོ་སྤྲོད།

བོད་ཡིག་བརྩེགས་འདོགས་ཀྱི་གནད་དོན་དེ་ནི་བྱེས་བཞུགས་སྐུ་ཞབས་བློ་བཟང་སྨོན་ལམ་ལགས་ཀྱིས་ཐག་གཅོད་གནང་བ་ཡིན་ལ། དེ་སྔ་དྲ་ངོས་སུ་སྤྱོད་པར་བསམ་བློ་དེ་ཙམ་མ་འཁོར། ཉེ་ཆར་ངེད་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ཚོད་ལྟ་བྱས་པ་བརྒྱུད། གཞི་ནས་ལག་རྩལ་དེ་དྲ་ངོས་སུ་སྤྱོད་འགོ་ཚུགས་པ་ཞིག་རེད། དེ་བེད་སྤྱོད་གཏོང་ཐབས་ནི་ཤིན་ཏུ་སླ་སྟེ། སྨོན་ལམ་བོད་ཡིག་གསུམ་པའི་ཁྲོད་ཀྱི་ཡིག་གཟུགས་གང་རུང་ཞིག EOT རྣམ་པར་བསྒྱུར་ཚར་རྗེས་དྲ་ངོས་ཀྱི་ཡིག་གཟུགས་ཡང་དེར་བསྟུན་གྱི་སྨོན་ལམ་བོད་ཡིག་གི་ཡིག་གཟུགས་ལ་བསྒྱུར་བས་འཐུས། དྲ་ཁང་ནས་ཚོད་ལྟ་བྱས་པའི་མཇུག་འབྲས་ལྟར་ན། ཡིག་གཟུགས་ཡག་ཤོས་ནི Monlam Uni Sans Serif ཡིན་ལ་ངེད་དྲ་བས་སྤྱོད་བཞིན་པ་ཡང་དེ་ཡིན་ནོ།།

EOT རྣམ་པའི་ཡིག་གཟུགས་བཟོ་ཐབས།
ཐོག་མར་བོད་ཡིག་གི་དྲ་ངོས་ཞིག་བཟོས་རྗེས་ཉར་ཚགས་བྱེད་དགོས། དེ་རྗེས Web Embedding Fonts Tool (WEFT) མཉེན་ཆས་སྤྱོད་པ། མཉེན་ཆས་དེའི་སྐོར་ལ་ཞིབ་ཏུ་རྒྱུས་ལོན་བྱེད་འདོད་ཚེ་འདིར་གཟིགས་རོགས། http://www.microsoft.com/typography/WEFT.mspx མཉེན་ཆས་ཕབ་ལེན་དང་སྒྲིག་འཇུག་ཤིན་ཏུ་སླ་བས་དེའི་སྐོར་ལ་ཞིབ་ཏུ་མི་བྲི་བར་བྱ། མཉེན་ཆས་དེ་སྤྱད་ནས EOT རྣམ་པའི་ཡིག་ཆ་གྲུབ་ཚར་རྗེས་དྲ་ཚིགས་ཀྱི་ཞབས་ཞུ་འཕྲུལ་ཆས་ནང་བླུགས་པ། དེ་ནས། དྲ་ངོས་ཡར་བླུགས་པ་ན་བྱ་བ་ཡོངས་སུ་འགྲུབ་ཚར་རོ།།

བཟང་ཆ་ནི།
IEཔར་གཞི་གང་རུང་སྤྱོད་པའི་དྲ་ཁང་གི་ཀློག་པ་པོས་བོད་ཡིག་བརྩེགས་འདོགས་མ་ནོར་བར་ཀློག་ཐུབ་པ།
ཞན་ཆ་ནི།
IEགཟིགས་ཆས་མ་ཡིན་པའི་དཔེར་ན Firefox, Chromeསོགས་སྤྱོད་མཁན་གྱིས EOT རྣམ་པའི་ཡིག་གཟུགས་ཀློག་མི་ཐུབ་པ།

[རྩོམ་གྱི་ཡོང་ཁུངས། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།] [རྩོམ་པ་པོ། གླིང་སྨྱོན།]

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།