ཕྲ་མཉེན་གྱིས་ Windows 10 འགྲེམས་སྤེལ་བྱས་པ་དང་ལོ་གཅིག་ནང་རིན་མེད་རིམ་སྤར་བྱེད་ཆོག་པ།

Windows 10
Windows 10

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་འཕྲིན། ཕྲ་མཉེན་གྱིས་སྤྱི་ལོ 2014 ལོའི་ཟླ 10 བའི་ཚེས 1 ཉིན་ནས་བཟུང་ཏེ་སྐར་ཁུང་ Windows 10 ལ་ཚོད་ལྟ་བྱས་པ་དང་། སྔ་གཞུག་ཏུ་ Technical Preview (ལག་རྩལ་སྔོན་ལྟའི་པར་གཞི་)དང་ Insider Preview (ནང་ཁུལ་ཚོད་ལྟ་བའི་སྔོན་ལྟའི་པར་གཞི་)བཅས་གསར་སྤེལ་གྱི་རིམ་པ་གཉིས་བརྒྱུད་ཡོད་པ་དང་། ལེགས་བཅོས་གང་མང་བྱས་མཐར། སྤྱི་ལོ 2015 ལོའི་ཟླ 7 ཚེས 29 ཉིན། Windows 10 མ་ལག་དེ་ཕྱོགས་ཡོངས་ནས་འདེད་གཏོང་བྱས་ཡོད་ལ། Windows 7 དང་ Windows 8 སྤྱོད་མཁན་གྱིས་ལོ་གཅིག་གི་ནང་ཚུད་དུ་རིན་མེད་རིམ་སྤར་བྱེད་ཆོག་པ་རེད།

སིལ་འཚོང་པར་གཞི་ནི་སྤྱི་ལོ 2015 ལོའི་ཟླ 8 ཚེས 30 ཉིན་ནས་བཟུང་ཏེ་ཚོང་རར་དགྲམ་འཆར་འདུག

མིག་སྔར་ Windows 10 བེད་སྤྱོད་བཏང་མྱོང་བའི་སྤྱོད་མཁན་དག་གིས་བཤད་པ་ལྟར་ན་མ་ལག་གསར་པ་འདི་ནི་སྔོན་མའི་པར་གཞི་དག་ལས་བཟང་ཆ་གཅིག་བསྡུས་བྱས་པ་ཡིན་སྟབས་གློག་ཀླད་ཀྱི་སྡེབ་སྒྲིག་མཐོན་པོ་མི་དགོས་པར་འཁོར་བསྐྱོད་ཀྱི་མྱུར་ཚད་ཤིན་ཏུ་མགྱོགས་པོ་འདུག

གལ་ཆེ་བ་ཞིག་ནི་ Windows 10 མ་ལག་ཏུ་སྔར་བཞིན་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་གཏག་ཐབས་འདུས་ཡོད་པས་བོད་ཡིག་སྤྱོད་མཁན་ཚོར་སྟབས་བདེ་བསྐྲུན་ཡོད་པ་དེ་རེད།

རྒྱུད་ཁོངས་ Windows 10 ལ་ཞིབ་ཏུ་རྒྱུས་ལོན་བྱ་འདོད་ན་སྦྲེལ་ཐག་འདིར་མནན་ནས་བཅར་འདྲི་བྱ་རུང་། http://www.microsoft.com/zh-cn/windows

རྒྱུད་ཁོངས་ Windows 10 ཕབ་ལེན་བྱེད་ས། https://www.microsoft.com/zh-cn/software-download/windows10

གསལ་བཤད་ཐུང་ངུ་།

གལ་ཏེ་ཁྱེད་ཀྱིས་ Windows 10 མ་ལག་འདི་བེད་སྤྱོད་གཏོང་བའི་བརྒྱུད་རིམ་ཁྲོད་བོད་ཡིག་སྐོར་ནས་གནད་དོན་ལ་འཕྲད་པའམ་ཡང་ན་བསམ་ཚུལ་བརྗེ་རེས་བྱ་འདོད་ཚེ་གཤམ་ཏུ་དཔྱད་མཆན་འཇོག་རོགས།

“ཕྲ་མཉེན་གྱིས་ Windows 10 འགྲེམས་སྤེལ་བྱས་པ་དང་ལོ་གཅིག་ནང་རིན་མེད་རིམ་སྤར་བྱེད་ཆོག་པ།” དཔྱད་མཆན 1 ཡོད།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།