ཕྲ་མཉེན་ཚང་གིས་གསར་དུ་ཁྱབ་བསྒྲགས་བྱས་པའི་ཐོན་རྫས་དང་གནས་ཚུལ་གལ་ཆེན་ཁག་བཅུ།

སྤྱི་ཟླ་༡༠ཚེས་ཚེ་༦ཉིན་གྱི་ཨ་རིའི་ཤར་ཕྱོགས་དུས་ཚོད་ཞོགས་པའི་ཆུ་ཚོད་༡༠:༠༠ཡི་ཐོག་ཏུ། ཨ་རིའི་ཕྲ་མཉེན་མཐུན་གཉེར་གྱིས་སྒེའུ་ཁུང་༡༠སྒུལ་བདེ་མ་(Windows 10 Mobile)དང་། དེ་འབྲེལ་གྱི་མཁྲེགས་ཆས་དང་གནས་ཚུལ་འགའ་རེ་ཁྱབ་བསྒྲགས་བྱས་སོང་།

ཐོག་མར་ཚང་མར་གསལ་འདེབས་ཞུ་རྒྱུ་ནི། སྒེའུ་ཁུང་༡༠(Windows 10)དང་སྒེའུ་ཁུང་༡༠སྒུལ་བདེ་མ་(Windows 10 Mobile)ནི་ཕྲ་མཉེན་ཚང་གི་སྒེའུ་ཁུང་མ་ལག་རིམ་བྱུང་ནང་གི་ཆེས་གལ་ཆེ་ཤོས་དང་། ཁ་ཕྱོགས་ཀྱི་དཀྱོག་མཚམས་ཤིག་ཡིན་ཏེ། མ་ལག་གསར་པ་འདི།

1. སྒེའུ་ཁུང་༨ལྟར་སྲོལ་རྒྱུན་སྟེགས་འཇོག་རྩིལ་འཕྲུལ་དང་། གསར་དུ་བྱུང་བའི་རེག་ཤེས་ལྡན་པའི་པང་ལེབ་རྩིས་འཕྲུལ་དང་པང་འཛིན་རྩིས་འཕྲུལ་གཉིས་ཀར་སྤྱི་མཐུན་དུ་སྤྱོད་ནུས།

2. སྒེའུ་ཁུང་འདི་ནས་བཟུང་སྟེ། མ་འོངས་པར་ཉེར་སྤྱོད་མཉེན་ཆས་ཚང་མ་སྲོལ་རྒྱུན་སྟེགས་འཇོག་རྩིས་འཕྲུལ་དང་། རེག་ཤེས་ལྡན་པའི་པང་ལེབ་རྩིས་འཕྲུལ་དང་པང་འཛིན་རྩིས་འཕྲུལ། དེ་བཞིན་ལག་འཛིན་ཁ་པར་བཅས་ཀྱི་ཐོག་ཏུ་ཡོངས་ཁྱབ་ཏུ་སྤྱོད་ཐུབ་པ་བྱེད་རྒྱུ་རེད།

3. སྔར་ཡོད་ཧི་གཟུགས་ཡིག་གཟུགས་དང་བོད་ཡིག་གཏག་ཐབས་ཡོད་པའི་སྟེང་དུ། རྫོང་ཁ་སྟེ། འབྲུག་པའི་གཏག་ཐབས་དང་ས་གནས་ངོས་འཛིན་ཁ་སྣོན་བྱས་ཡོད། འབྲུག་པའི་གཏག་ཐབས་ནི་དབྱངས་གསལ་སོ་བཞིའི་གོ་རིམ་ལྟར་བསྒྲིགས་པའི་གཏག་ཐབས་ཤིག་ཡིན།

སྒེའུ་ཁུང་༡༠སྒུལ་བདེ་མ་(Windows 10 Mobile)ཟེར་བ་འདི་ནི་རིག་ལྡན་ལག་འཛིན་ཁ་པར་གྱི་མ་ལག་གསར་པ་ཞིག་ཡིན་ལ། སྔར་ཡོད་ཀྱི་སྒེའུ་ཁུང་ཁ་པར་༨་༠དང་༨་༡(Windows Phone 8.0/8.1)ཐོག་གི་ཁྱད་ཆོས་ཕལ་ཆེ་བ་རང་སོར་བཞག་པའི་སྟེང་དུ། ཁྱད་ཆོས་དང་ནུས་པ་གསར་པ་མང་བོ་བསྣན་ཡོད་མོད། གཅིག་གཉིས་ཤིག་ངོ་སྤྲད་ན།

1. མིག་བཤེར་གྱིས་ཁ་པར་གྱི་ཟྭ་འབྱེད་པ།
2. འཆར་ངོས་ཤིག་ལ་མཐུད་ཚེ་ཁྱེད་ཀྱི་ཁ་པར་དེ་རྩིས་འཕྲུལ་ཞིག་ཏུ་འགྱུར་བ།
3. སྔར་ཡོད་ཀྱི་བོད་ཡིག་གི་ཡིག་གཟུགས་ཡོད་པའི་སྟེང་དུ། བོད་ཡིག་གཏག་ཐབས་གཉིས་བསྣན་ཡོད་དེ། གཅིག་ནི་བོད་སྐད་ཡིན་ལ། དེ་ནི་ད་སྔ་ཕྲ་མཉེན་གྱི་སྒེའུ་ཁུང་མ་ལག་ཏུ་ཡོད་བསྡད་པའི་བོད་ཡིག་གཏག་ཐབས་དེ། རེག་ཤེས་ཤེལ་ངོས་དང་འཚམས་པར་འགྱུང་བ་ཉུང་ཙམ་རེ་བཏང་བ་ཞིག་རེད། གཞན་པ་དེ་ནི་རྫོང་ཁ་སྟེ། འབྲུག་པའི་གཏག་ཐབས་ཡིན་ལ། འདི་ནི་དབྱངས་གསལ་སོ་བཞིའི་གོ་རིམ་ལྟར་བསྒྲིགས་པའི་གཏག་ཐབས་ཤིག་ཡིན།

ད་ནི་ཁྱེད་ལ་ཕྲ་མཉེན་ཚང་གིས་མདང་དགོང་ཁྱབ་བསྒྲགས་བྱས་པའི་ཐོན་རྫས་དང་གནས་ཚུལ་གལ་ཆེན་ཁག་བཅུ་ངོ་སྤྲོད་བྱས་ན།

ལུ་མི་ཡ་༩༥༠(Lumia 950)སྟེ། སྒེའུ་ཁུང་༡༠སྒུལ་བདེ་མའི་རུ་འདྲེན་གྲུ་གཟིངས།
ལུ་མི་ཡ་༩༥༠(Lumia 950)

1. ལུ་མི་ཡ་༩༥༠(Lumia 950)སྟེ། སྒེའུ་ཁུང་༡༠སྒུལ་བདེ་མའི་རུ་འདྲེན་གྲུ་གཟིངས།

ལུ་མི་ཡ་༩༥༠ཆེན་པོ་(Lumia 950 XL)སྟེ། ཕྲ་མཉེན་ཚང་གི་ཁ་པར་གཟུགས་སྟོབས་ཅན།
ལུ་མི་ཡ་༩༥༠ཆེན་པོ་(Lumia 950 XL)

2. ལུ་མི་ཡ་༩༥༠ཆེན་པོ་(Lumia 950 XL)སྟེ། ཕྲ་མཉེན་ཚང་གི་ཁ་པར་གཟུགས་སྟོབས་ཅན།

ལུ་མི་ཡ་༥༥༠(Lumia 550)སྟེ། ཕྲ་མཉེན་ཚང་གི་ཁ་པར་གོང་བདེ་མ།
ལུ་མི་ཡ་༥༥༠(Lumia 550)

3. ལུ་མི་ཡ་༥༥༠(Lumia 550)སྟེ། ཕྲ་མཉེན་ཚང་གི་ཁ་པར་གོང་བདེ་མ།

འཆར་ངོས་འདོགས་སྟེགས་(Display Dock)ཏེ། ཁ་པར་དེ་རྩིས་འཕྲུལ་ལ་བསྒྱུར་བའི་ཐབས་ལམ་གསར་པ།
འཆར་ངོས་འདོགས་སྟེགས་(Display Dock)

4. འཆར་ངོས་འདོགས་སྟེགས་(Display Dock)ཏེ། ཁ་པར་དེ་རྩིས་འཕྲུལ་ལ་བསྒྱུར་བའི་ཐབས་ལམ་གསར་པ།

སུར་ཧྥེ་སི་ཆེད་ལས་༤(Surface Pro 4)སྟེ། པང་ལེབ་རྩིས་འཕྲུལ་གྱི་དམག་འཐབ་ཁྲོད་ཀྱི་དཔའ་རྟུལ་གསར་པ།
སུར་ཧྥེ་སི་ཆེད་ལས་༤(Surface Pro 4)

5. སུར་ཧྥེ་སི་ཆེད་ལས་༤(Surface Pro 4)སྟེ། པང་ལེབ་རྩིས་འཕྲུལ་གྱི་དམག་འཐབ་ཁྲོད་ཀྱི་དཔའ་རྟུལ་གསར་པ།

སུར་ཧྥེ་སི་དེབ་(Surface Book)སྟེ། དངོས་སུ་ཕྲ་མཉེན་ཚང་གིས་བཏོན་པའི་པང་འཛིན་རྩིས་འཕྲུལ།
སུར་ཧྥེ་སི་དེབ་(Surface Book)

6. སུར་ཧྥེ་སི་དེབ་(Surface Book)སྟེ། དངོས་སུ་ཕྲ་མཉེན་ཚང་གིས་བཏོན་པའི་པང་འཛིན་རྩིས་འཕྲུལ།

ངོ་དེབ་(Facebook)སྟེ། ད་ལྟ་སྒེའུ་ཁུང་༡༠བའི་ཁྱབ་ཁོངས་ཀྱི་ཡོངས་ཁྱབ་ཉེར་སྤྱོད།
ངོ་དེབ་(Facebook)

7. ངོ་དེབ་(Facebook)སྟེ། ད་ལྟ་སྒེའུ་ཁུང་༡༠བའི་ཁྱབ་ཁོངས་ཀྱི་ཡོངས་ཁྱབ་ཉེར་སྤྱོད།

Surface Accessories
Surface Accessories

8. སུར་ཧྥེ་སིའི་ཉེར་སྤྱོད་མཁྲེགས་ཆས་(Surface Accessories)གསར་པ་སྐོར་ཞིག་སྟེ། རིམ་སྤར་བྱས་པའི་སུར་ཧྥེ་སི་འདོགས་སྟེགས་དང་། གཏག་ཆས་རྒྱབ་ཁེབས་གསར་པ་སོགས་སོ།།

New Microsoft Band
New Microsoft Band

9. ཕྲ་མཉེན་ཚང་གི་ལག་གདུབ་གསར་པ་(New Microsoft Band)སྟེ། རིག་ལྡན་ཆུ་ཚོད་ལ་སྤྲད་པའི་བརྡ་ལན་གསར་པ་ཞིག

HOLOLENS Development Kits
HOLOLENS Development Kits

10. ཡོངས་སྣང་པར་མིག་གསར་སྤེལ་འཕྲུལ་སྒམ་(HOLOLENS Development Kits)གྱི་རིན་གོང་ཨ་སྒོར་༣༠༠༠རེད།

– ཐེ་བྲག་བསྟན་པས་ཕྱོགས་བསྡུས་བྱས།

གསལ་བཤད། གནས་ཚུལ་དང་པར་རིས་ཀྱི་འབྱུང་ཁུངས་ཁག་ནི། ཕྲ་མཉེན་ཚང་གི་གཞུང་ཕྱོགས་དྲ་བ་ www.microsoft.com ། ཚན་རིག་ལག་རྩལ་དྲ་བ་ www.theverge.com དང་།  www.windowscentral.com བཅས་ཡིན།

“ཕྲ་མཉེན་ཚང་གིས་གསར་དུ་ཁྱབ་བསྒྲགས་བྱས་པའི་ཐོན་རྫས་དང་གནས་ཚུལ་གལ་ཆེན་ཁག་བཅུ།” དཔྱད་མཆན 3 ཡོད།

    1. གྲོགས་པོ་ལགས། གསར་འཕྲིན་འདི་ངེད་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་འཕྲིན་སྟེགས་སུ་བཀོད་ཟིན་པས། ཁྱེད་རང་གིས་ཡང་བསྐྱར་འགོད་པའི་ངལ་བ་མ་མཆིས་སྙམ།

      1. ངས་དཔའ་བའི་MT8ནང་གསོག༦༤ཅན་གྱི་ལག་མགོ་ཁ་པར་ཞིག་ཉོས།དེའི་ནང་ལ་བོད་ཡིག་བླུགས་ཡོད།ཡིན་ནའང་ཡི་གེ་གཏག་ཐབས་ཐོག་རྒྱ་བོད་དབྱིན་གསུམ་ཡིག་རིགས་བརྗེས་སྤོར་བྱ་རྒྱུ་དེར་སྒྲིག་འཇུག་མི་ཤེས་པས་ཁྲིད་སྟོན་གནང་རོགས་ཞུ།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།