ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞིའི་དུས་སྐབས་དང་པོའི་བཟོ་བཀོད་ལ་ཞིབ་བཤེར་བྱས།

སྤྱི་ཟླ1པོའི་ཚེས6ཉིན། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞིའི་དུས་སྐབས་དང་པོའི་བཟོ་བཀོད་ཀྱི་ཞིབ་བཤེར་གྲོས་ཚོགས་བསྡུས།

ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞིའི་དུས་སྐབས་དང་པོའི་བཟོ་བཀོད་ཀྱི་ཞིབ་བཤེར་གྲོས་ཚོགས་བསྡུས།
ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞིའི་དུས་སྐབས་དང་པོའི་བཟོ་བཀོད་ཀྱི་ཞིབ་བཤེར་གྲོས་ཚོགས་བསྡུས།

ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ནི་མཚོ་ལྷོ་ཁུལ་གྱི་ལས་གཞི་གལ་ཆེན་ཞིག་ཡིན། 2013ལོའི་ཟླ9བར་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞིའི་མཉམ་འབྲེལ་ལས་ཁུངས་ཀྱི་ལག་རྩལ་དཔྱད་ཞིབ་གྲོས་ཚོགས་བསྡུས་ཏེ། ནུབ་བྱང་མི་རིགས་སློབ་ཆེན་ཀྲུང་གོའི་བོད་ཡིག་གསུང་རབ་རྩིས་འཕྲུལ་ཞིབ་འཇུག་ཁང་དང་པེ་ཅིང་ཞཱན་ཏཱན་ཀུང་ཟི་ནི་ལས་གཞིའི་མཉམ་ལས་ལས་ཁུངས་སུ་གཏན་འཁེལ་བྱས་ནས་ཆིངས་ཡིག་བཞག་ཅིང་། སློབ་གྲྭ་དང་ཁེ་ལས། ས་གནས་བཅས་ཕྱོགས་གསུམ་གྱི་མཉམ་འབྲེལ་རྣམ་པས་བོད་ཡིག་འཚོལ་བཤེར་མ་ལག་གི་འཛུགས་སྐྲུན་བཟོ་བཀོད་ལས་མགོ་བརྩམས། ལས་གཞི་འདིའི་ཁྲོད་ནུབ་བྱང་མི་རིགས་སློབ་ཆེན་གྱིས་བོད་ཡིག་མིང་མཚམས་དབྱེ་འབྱེད་ལག་གི་ཞིབ་འཇུག་སྔོག་འདོན་འགན་བླངས་པ་དང་། པེ་ཅིང་ཞཱན་ཏཱན་ཀུང་ཟིས་བོད་ཡིག་འཚོལ་བཤེར་མ་ལག་གི་སྟེགས་བུའི་སྒྲིག་བཀོད་འཛུགས་སྐྲུན་བྱ་བ་འགན་བླངས། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་ལས་གཞི་དོ་དམ་དང་ལག་བསྟར། བོད་ཡིག་གྲངས་མཛོད་འཛུགས་སྐྲུན་བྱ་བ་བཅས་ཀྱི་འགན་ཁུར་ཡོད། དུས་ཡུན་ལོ་གཉིས་ཀྱི་འབད་བརྩོན་འོག སྔོག་འདོན་བྱ་བར་དུས་སྐབས་རང་བཞིན་གྱི་གྲུབ་འབྲས་ལོན་ལ། མིག་སྔར། གསར་འགྱུར་དང་། དྲ་ངོས། པར་རིས། བརྙན་རིས་སོགས་འཚོལ་བཤེར་གྱི་གཞི་རྩའི་སྤྱོད་ནུས་འཛུགས་སྐྲུན་དང་། དེ་མིན་ཡིག་ཚང་དང་རིག་མཛོད། དྲི་བ་དྲིས་ལན་བཅས་མ་ལག་གི་སྒྲིག་གཞི་གཙོ་བོ་དང་ཤེས་བྱའི་ཐོན་ཁུངས་འཛུགས་སྐྲུན་བྱ་བ་ལེགས་འགྲུབ་བྱུང་། འཚོལ་བཤེར་མ་ལག་གི་ནང་ཉིང་ལག་རྩལ་ཏེ་བོད་ཡིག་མིང་མཚམས་དབྱེ་འབྱེད་མ་ལག་སྔོག་འདོན་མངོན་འགྱུར་བྱུང་ཞིང་། ཚིག་དོན་འཚོལ་བཤེར་དང་སྦྱོར་འབྲིའི་འཚོལ་བཤེར་མ་ལག   ལ་ཏིང་སྐད་དོད་འཚོལ་བཤེར། དེ་མིན་འབྲེལ་ཡོད་ཚིག་ཐ་སྙད་འཚོལ་བཤེར་སོགས་སྐད་བརྡ་དབྱེ་ཞིབ་དང་སྒྲིག་གཅོད་སྤྱོད་ནུས་ཀྱི་སྔོག་འདོན་ལེགས་འགྲུབ་བྱུང་སྟེ། བོད་ཡིག་རིག་ལྡན་ཆ་འཕྲིན་སྒྲིག་གཅོད་ཀྱི་ནང་ཉིང་ལག་རྩལ་གྱི་དཀའ་གནད་སེལ་ཞིང་། ད་སྔ་མ་ལག་འདི་ནང་ཁུལ་ཚོད་ལྟའི་དུས་སྐབས་སུ་མཆིས་ལ། གཞི་རྩའི་ཆ་ནས་སྔོན་དཔོགས་བྱས་པའི་དམིགས་འབེན་ལ་སླེབས་པ་རེད།

ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞིའི་དུས་སྐབས་དང་པོའི་བཟོ་བཀོད་ཀྱི་ཞིབ་བཤེར་གྲོས་ཚོགས་བསྡུས།
ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞིའི་དུས་སྐབས་དང་པོའི་བཟོ་བཀོད་ཀྱི་ཞིབ་བཤེར་གྲོས་ཚོགས་བསྡུས།

ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞིའི་དུས་སྐབས་དང་པོའི་བཟོ་བཀོད་ཀྱི་ཞིབ་བཤེར་བྱ་བ་ནི2013ལོའི་ཟླ11པར་བཀོད་པའི་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཚོགས་དང་བཟོ་ལས་ཆ་འཕྲིན་ཅན་སྡེ་ཁག་གི་གློག་རྡུལ་ཆ་འཕྲིན་ཐོན་ལས་དར་སྤེལ་དང་ལག་རྩལ་བཅོས་སྒྱུར་ལས་གཞིའི་ཆིངས་ཡིག《འཚོལ་བཤེར་མ་ལག་ལ་ཕྱོགས་པའི་བོད་ཡིག་མིང་མཚམས་རང་འབྱེད་མ་ལག་སྔོག་འདོན》དང《འཚོལ་བཤེར་མ་ལག་ལ་ཕྱོགས་པའི་སྒྲིག་གཞི་འཛུགས་སྐྲུན》གྱི་ཞིབ་ཕྲའི་སྔོག་འདོན་ནང་དོན་དང་ལག་རྩལ་དམིགས་ཚད། དུས་བཀག་དགོངས་ཚུལ། དེ་མིན་ལས་གཞིའི་འགན་འཛུགས་ཕྱོགས་ཀྱི་དུས་སྐབས་དང་པོའི་ཞིབ་བཤེར་ཡར་འབུལ་ལྟར། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱས་པར་བརྒྱུད། བཤེར་ལེན་རུ་ཁག་གི་ཆེད་མཁས་པ་དང་ལས་ཁུངས་རྩ་འཛུགས་སྒོས་ཡོངས་འཛིན་བོད་ཡིལ་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞིའི་དུས་སྐབས་དང་པོའི་བཟོ་བཀོད་ལ་ཞིབ་བཤེར་བྱས།

ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞིའི་དུས་སྐབས་དང་པོའི་བཟོ་བཀོད་ཀྱི་ཞིབ་བཤེར་གྲོས་ཚོགས་བསྡུས།
ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞིའི་དུས་སྐབས་དང་པོའི་བཟོ་བཀོད་ཀྱི་ཞིབ་བཤེར་གྲོས་ཚོགས་བསྡུས།

ཞིབ་བཤེར་གྱི་གྲོས་ཚོགས་སུ། ནུབ་བྱང་མི་རིགས་སློབ་ཆེན་ཀྲུང་གོའི་བོད་ཡིག་གསུང་རབ་རྩིས་འཕྲུལ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་རྡོ་ལྷ་ལགས་ཀྱིས་འབྲེལ་ཡོད་འཚོལ་བཤེར་མ་ལག་གི་བོད་ཡིག་མིང་མཚམས་རང་འབྱེད་སྔོག་འདོན་གྱི་གནས་ཚུལ་བརྗོད་ཅིང་། པེ་ཅིང་ཞཱན་ཏཱན་ཀུང་ཟིའི་ཡོངས་འཛིན་ལས་གཞིའི་འགན་འཛིན་པའམ་བཟོ་བཀོད་པ་ཚོའུ་ཞན་ཡུན་གྱིས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་སྒྲིག་གཞི་འཛུགས་སྐྲུན་དང་སྤྱོད་ནུས་མངོན་འགྱུར་གྱི་གནས་ཚུལ་བརྗོད་པ་མ་ཟད། བཤེར་ལེན་རུ་ཁག་གིས་དེའི་ཐད་ཀྱི་ནང་དོན་དང་ཡོངས་འཛིན་འཚོལ་བཤེར་གྱི་སྤྱོད་ནུས་སོ་སོར་འདྲི་རྩད་དང་དཔྱད་གླེང་བཏོན་ཞིང་། བགྲོ་གླེང་དང་བཤེར་གྲོས་བརྒྱུད་བཤེར་ལེན་རུ་ཁག་གིས་ཡོངས་འཛིན་ལས་གཞིའི་དུས་སྐབས་དང་པོའི་བཟོ་བཀོད་ལ་བཤེར་ལེན་བྱས་པ་མ་ཟད་ལས་གཞི་བཤེར་ལེན་གྱི་ལྟ་ཚུལ་དང་སྤྱི་བསྡོམས་བཀོད་པ་རེད།
བཤེར་ལེན་རུ་ཁག་གིས་ཞིབ་བཤེར་བརྒྱུད་གཅིག་མཐུན་གྱི་ལྟ་ཚུལ་བྱུང་བ་སྟེ། ནུབ་བྱང་མི་རིགས་སློབ་ཆེན་ཀྲུང་གོའི་བོད་ཡིག་གསུང་རབ་རྩིས་འཕྲུལ་ཞིབ་འཇུག་ཁང་གིས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་མིང་མཚམས་རང་འབྱེད་དང་སྐད་བརྡའི་དབྱེ་ཞིབ་མ་ལག་ལས་གཞིའི་དུས་སྐབས་དང་པོའི་ཆིངས་ཡིག་ནང་དོན་ལེགས་འགྲུབ་བྱུང་བ་མ་ཟད། གཞན་ད་དུང་བོད་ཡིག་ཚེག་ཁྱིམ་བསྡོམས་རྩིས་དང་། བོད་ཡིག་ཚེག་ཁྱིམ་དང་ལ་ཏིང་སྐད་དོད་ལྟོས་ཟླའི་མཛོིད་སོགས་ནང་དོན་བདུན་ལེགས་འགྲུབ་བྱུང་།  པེ་ཅིང་ཞཱན་ཏཱན་ཀུང་ཟིས་བོད་ཡིག་འཚོལ་བཤེར་མ་ལག་གི་སྒྲིག་གཞི་འཛུགས་སྐྲུན་ལས་གཞིའི་དུས་སྐབས་དང་པོའི་ཆིངས་ཡིག་ནང་དོན་ལེགས་འགྲུབ་བྱུང་ལ། ཡོངས་འཛིན་འཚོལ་བཤེར་མ་ལག་ཇུས་འགོད་ཀྱི་འདུ་ཤེས་ལེགས་ཤིང་། ལག་རྩལ་སྔོན་ཐོན་ཡིན་པ་དང་། བོད་ཡིག་རིག་མཛོད་དང་ཡིག་ཚང་། དྲི་བ་དྲིས་ལན་སོགས་ཀྱི་སྟོང་ཆ་བསྐངས་ལ། ཞིབ་བཤེར་ཁས་ལེན་ཐོབ། (རྩོམ་པ་པོ་ལྷ་མོ་ཚེ་སྐྱིད་ཡིན། རྩོམ་ཁུངས་ནི་མཚོ་སྔོན་པོ་དྲ་བ།)

“ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞིའི་དུས་སྐབས་དང་པོའི་བཟོ་བཀོད་ལ་ཞིབ་བཤེར་བྱས།” དཔྱད་མཆན 1 ཡོད།

  1. འབུམ་པ་ལགས། ཀུ་ཤུའི་ཁ་པར་དང་ངོས་ལེབ་གློག་ཀླད་ལས་pagesཡི་ནང་དུ་ཡི་གེ་ཤར་མར་གཏགས་མི་ཐུབ་པའི་སྐྱོན་དེ་སེལ་ཐབས་རེ་མཆིས་སམ།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།