སྤྱི་ཟླ་གཉིས་པ་ནས་བཟུང་སམ་སུང་ཁ་པར་ནང་ལ་བོད་ཡིག་བླུགས་མགོ་རྩོམ་རྒྱུ་རེད།

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། སམ་སུང་གཞུང་ཕྱོགས་ཀྱི་གསང་དོན་ཕྱིར་བསྒྲགས་ཀྱི་ཡིག་ཚགས་ལྟར་ན། སམ་སུང་གི་ཁ་པར་ལེགས་གྲས Galaxy S6、S6 edge、Note 5 བཅས་སྣ་གསུམ་ལ་སྤྱི་ཟླ་གཉིས་པ་ནས་བཟུང་ཨན་གྲོལ་དྲུག་པར་(Android 6.0)རིམ་སྤར་བྱ་རྒྱུ་རེད།

སམ་སུང་ Galaxy ལེགས་ཤོས།
སམ་སུང་ Galaxy ལེགས་ཤོས།

ཨན་གྲོལ་ཁ་པར་གཞན་པ་དང་བསྡུར་ན་སམ་སུང་ཚང་ལ་མ་ལག་གསར་བསྒྱུར་རིམ་སྤར་ཕྱིར་འགྱངས་བྱེད་པའི་སྲོལ་རྒྱུན་ཞིག་ཡོད་ལ། ད་ལྟའི་བར་དུ་ཨན་གྲོལ་དྲུག་པར་(Android 6.0)གསར་བསྒྱུར་རིམ་སྤར་བྱ་མ་ཐུབ་དོན་ཡང་ཁྱད་མཚར་བའི་དོན་ཞིག་མ་རེད། མི་འགྱངས་པར་གྷོ་གྷོལ་གསར་འབྱེད་པའི་ཚོགས་ཆེན་བསྡུ་རྒྱུ་ཡིན་པ་དང་ཨན་གྲོལ་བདུན་པ་(Androi 7.0)ཡང་ཀུན་གྱི་མཐོང་ལམ་དུ་མངོན་གྱི་རེད།

སམ་སུང་གཞུང་ཕྱོགས་ཀྱི་རིམ་སྤར་ཡིག་ཚགས།
སམ་སུང་གཞུང་ཕྱོགས་ཀྱི་རིམ་སྤར་ཡིག་ཚགས།

འོན་ཏེ་སམ་སུང་གཞུང་ཕྱོགས་ཀྱི་རིམ་སྤར་ལ་རེ་སྒུག་བྱེད་བཞིན་པའི་གྲོགས་པོ་ཚོས་ད་ནི་སེམས་བདེ་བར་བཞུགས་དང་ཆོག་གི་རེད། གསང་དོན་ཕྱིར་བསྒྲགས་ཡིག་ཚགས་ཤིག་ལས་མཐོང་ཐུབ་པ་ནི་སམ་སུང་གཞུང་ཕྱོགས་ཀྱིས་ཁ་པར་Galaxyཅན་ལ་མ་ལག་རིམ་སྤར་བྱ་རྒྱུ་རེད། ཁྱེད་རང་གིས་འདོད་པ་ནང་བཞིན་ཁ་པར་རིགས་གྲས་མང་ཆེ་བ་རིམ་སྤར་གསལ་ཐོའི་ནང་དུ་འདུས་ལ། Galaxy Note 5 དང་ S6 edge+ གཉིས་ཀྱིས་ཟླ་རྗེས་མར་ཀ་ར་སྲིང་བལ་ཅན་པོ་(Marshmallow)བཟའ་ཐུབ་པ་དང་། S6 དང་ S6 edge ཡིས་ཟླ་གཉིས་པའི་ཟླ་མཇུག་དང་ཡང་ན་ཟླ་གསུམ་པར་གང་དེའི་རྗེས་བསྙེགས་ཐུབ་ལ། S5、Note 4 དང་ Note 4 edge ལ་ཟླ་གསུམ་པ་ནས་བཞི་བའི་བར་དུ་གསར་བསྒྱུར་སྐྱེལ་འདོན་བྱ་རྒྱུ་རེད། (གླིང་སྨྱོན་གྱིས་རྒྱ་ཡིག་ལས་བསྒྱུར།)

མ་ཡིག http://tech.sina.com.cn/mobile/n/n/2016-01-26/doc-ifxnuwfc9525335.shtml

“སྤྱི་ཟླ་གཉིས་པ་ནས་བཟུང་སམ་སུང་ཁ་པར་ནང་ལ་བོད་ཡིག་བླུགས་མགོ་རྩོམ་རྒྱུ་རེད།” དཔྱད་མཆན 2 ཡོད།

  1. འབུམ་པ་ལགས། ཀུ་ཤུའི་ཁ་པར་དང་ངོས་ལེབ་གློག་ཀླད་ལས་pagesཡི་ནང་དུ་ཡི་གེ་ཤར་མར་གཏགས་མི་ཐུབ་པའི་སྐྱོན་དེ་སེལ་ཐབས་རེ་མཆིས་སམ།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།