ཀུ་ཤུའི་ཁ་པར་གསར་བ iPhone SE སོགས་འགྲེམ་བསྒྲགས་བྱས་འདུག

པེ་ཅིང་གི་དུས་ཚོད་སྤྱི་ཟླ་3པའི་ཚེས་22ཉིན་གྱི་ཆུ་ཚོད་1སྟེང་དུ་ཀུ་ཤུ་ཚང་གིས་དཔྱིད་དུས་ཀྱི་འགྲེམ་བསྒྲགས་ཚོགས་འདུ་བསྡུས་ཏེ། ཚུན་4ཅན་གྱི་ iPhone SE དང་ཚུན་9.7ཅན་གྱི་ iPad Pro སོགས་ཁྱབ་བསྒྲགས་བྱས་འདུག

ཀུ་ཤུའི་དབུ་འཛིན་ལགས་ཚོགས་རར་ཕེབས་བཞིན་པ།
ཀུ་ཤུའི་དབུ་འཛིན་ལགས་ཚོགས་རར་ཕེབས་བཞིན་པ།
འཛམ་གླིང་ཐོག་བེད་སྤྱོད་གཏོང་བཞིན་པའི་ཀུ་ཤུའི་སྒྲིག་ཆས་དུང་ཕྱུར་བཅུ་ལ་སླེབས་ཡོད་གསུང་བྱུང་།
འཛམ་གླིང་ཐོག་བེད་སྤྱོད་གཏོང་བཞིན་པའི་ཀུ་ཤུའི་སྒྲིག་ཆས་དུང་ཕྱུར་བཅུ་ལ་སླེབས་ཡོད་གསུང་བྱུང་།
ཚུན་4ཅན་གྱི་iPhone SEདང་དེའི་རིན་གོང་།
ཚུན་4ཅན་གྱི་iPhone SEདང་དེའི་རིན་གོང་།
ཚུན་4ཅན་གྱི་iPhone SEདང་བྱེད་ནུས་ཁག
ཚུན་4ཅན་གྱི་iPhone SEདང་བྱེད་ནུས་ཁག
ཚུན་4ཅན་གྱི་iPhone SEཡིས་4Kབརྙན་ལེན་ཐུབ།
ཚུན་4ཅན་གྱི་iPhone SEཡིས་4Kབརྙན་ལེན་ཐུབ།
ཚུན་4ཅན་གྱི་iPhone SEལ་Live Photoཡི་བྱེད་ནུས་ལྡན།
ཚུན་4ཅན་གྱི་iPhone SEལ་Live Photoཡི་བྱེད་ནུས་ལྡན།
ནང་སྙིང་ལ་A9བཞག་ཡོད་པ།
ནང་སྙིང་ལ་A9བཞག་ཡོད་པ།
ཁ་དོག་མི་འདྲ་བ་སོ་སོ།
ཁ་དོག་མི་འདྲ་བ་སོ་སོ།

ཚུན་4ཅན་གྱི་ iPhone SE ལ་ཁོག་པ་ 16GB ཅན་དང་ 64GB གཉིས་ཡོད་ལ་སོ་སོའི་རིན་གོང་ནི་ཨ་སྒོར་ US$399 དང་ US$499 ཡིན་ལ། ཀྲུང་གོའི་དམངས་སྒོར་ RMB 3,288 དང་ RMB 4,088 ཡིན་པ་རེད། རྒྱལ་ནང་དུ་སྤྱི་ཟླ་3པའི་ཚེས་24ཉིན་ནས་བཟུང་མངག་ཉོ་གནང་ཆོག གཞན་ཡང་ཚུན་9.7ཅན་གྱི་ iPad Pro སོགས་ཁྱབ་བསྒྲགས་བྱས་འདུག

ཚུན་9.7ཅན་གྱི་ iPad Pro དང་དེའི་རིན་གོང་ཁྱབ་བསྒྲགས་བྱས་བ།
ཚུན་9.7ཅན་གྱི་ iPad Pro དང་དེའི་རིན་གོང་ཁྱབ་བསྒྲགས་བྱས་བ།
ཚུན་9.7ཅན་གྱི་ iPad Pro དང་དེའི་བྱེད་ནུས་ཁག
ཚུན་9.7ཅན་གྱི་ iPad Pro དང་དེའི་བྱེད་ནུས་ཁག
མ་ལག་གསར་བ iOS 9.3 ཁྱབ་བསྒྲགས་བྱས་པའི་ཚུལ།
མ་ལག་གསར་བ iOS 9.3 ཁྱབ་བསྒྲགས་བྱས་པའི་ཚུལ།

དེ་ཙམ་མ་ཟད་ཐེངས་འདིའི་འགྲེམ་བསྒྲགས་ཚོགས་འདུའི་སྟེང་དུ་ཀུ་ཤུའི་ལག་འདོགས་ཆུ་ཚོད་དང་བརྙན་འཕྲིན་སོགས་ཀྱི་ཐོན་རྫས་གསར་བ་ཡང་ཁྱབ་བསྒྲགས་བྱས་ཡོད་འདུག བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་གནས་ཚུལ་ཕྱོགས་བསྡུས་ཀྱིས་སྤེལ། པར་རིས་ཀྱི་ཡོང་ཁུངས་དྲ་ཚིགས་ cn.engadget.com ཡིན།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།