མ་ལག་བོད་ཡིག་ཅན་གྱི་ཨན་གྲོ་ཁ་པར།

ངེད་དྲ་བའི་གསར་འགོད་པ་ཐེ་བྲག་བསྟན་པས་བཏང་བའི་འཕྲིན། དེ་རིང་ཁྲོམ་བར་དུ་ཧྭ་ཝེ་ཚོང་ཁང་ཞིག་བརྒྱུད་ནས་འགྲོ་སྐབས། རྒྱུན་ལྡན་གྱི་གོམས་ཕྱོགས་ལྟར་ཁོང་ཚོའི་ཁ་པར་གསར་པ་ཚོ་ལ་ཐེངས་གཅིག་བལྟས་པ་ཡིན། དེ་ནི་ཧྭ་ཝེ་P9 Plusཟེར་བའི་ཁ་པར་དེ་རེད། ཨན་གྲོ་པར་གཞི་དྲུག་པ་རེད་འདུག་ལ། ཧྭ་ཝེ་སྤྱོད་ངོས་པར་གཞི་བཞི་ཚེག་གཅིག་ཅན་རེད་འདུག

ནང་ནས་དལ་མོར་བལྟས་པ་ན། འདིའི་ནང་དུ་བོད་ཡིག་གི་ཡིག་གཟུགས་དང་མཐེབ་གཞོང་ཙམ་མ་ཟད། མ་ལག་གི་སྤྱོད་ངོས་བོད་ཡིག་ཅན་དུ་བསྒྱུར་ཐུབ་པ་རྟོགས་བྱུང་།

མ་ལག་བོད་ཡིག་ཅན་གྱི་ཨན་གྲོ་ཁ་པར།
མ་ལག་བོད་ཡིག་ཅན་གྱི་ཨན་གྲོ་ཁ་པར།
མ་ལག་བོད་ཡིག་ཅན་གྱི་ཨན་གྲོ་ཁ་པར།
མ་ལག་བོད་ཡིག་ཅན་གྱི་ཨན་གྲོ་ཁ་པར།
མ་ལག་བོད་ཡིག་ཅན་གྱི་ཨན་གྲོ་ཁ་པར།
མ་ལག་བོད་ཡིག་ཅན་གྱི་ཨན་གྲོ་ཁ་པར།
མ་ལག་བོད་ཡིག་ཅན་གྱི་ཨན་གྲོ་ཁ་པར།
མ་ལག་བོད་ཡིག་ཅན་གྱི་ཨན་གྲོ་ཁ་པར།
མ་ལག་བོད་ཡིག་ཅན་གྱི་ཨན་གྲོ་ཁ་པར།
མ་ལག་བོད་ཡིག་ཅན་གྱི་ཨན་གྲོ་ཁ་པར།
མ་ལག་བོད་ཡིག་ཅན་གྱི་ཨན་གྲོ་ཁ་པར།
མ་ལག་བོད་ཡིག་ཅན་གྱི་ཨན་གྲོ་ཁ་པར།

གོང་དག་ནི་ཞོར་ནས་བླངས་པའི་འདྲ་པར་ཁ་ཤས་ཤིག་ཡིན།

ཚང་མས་མཐོང་གསལ་ལྟར། མ་ལག་འདིའི་ནང་གི་རྒྱལ་ཁོངས་དང་སྐད་ཡིག་ཅེས་པ་ལས་བོད་སྐད་ཅེས་བདམས་པ་ཡིན་ན། ཁ་པར་གྱི་གཞི་རྩའི་ཐོ་གཞུང་ཚང་མ་བོད་ཡིག་ཏུ་འགྱུར་འགྲོ་ཡི་འདུག

ཧྭ་ཝེ་ཚང་གི་ཁ་པར་གསར་པ་གཞན་པ་ཞིག་ལ་བལྟས་པ་ཡིན་ལ། དེ་ལའང་ནུས་པ་འདི་ག་རང་འདུག ཧྭ་ཝེ་ཚང་མ་ཡིན་པའི་ཨན་གྲོ་དྲུག་པའི་ཁ་པར་གཞན་དག་ལ་ཚོད་ལྟ་བྱེད་རྒྱུ་མ་བྱུང་བས། ནུས་པ་འདི་ཨན་གྲོ་དྲུག་པའི་ནང་དུ་རང་བསྣམས་སུ་སླེབས་པ་ཡིན་ནམ། ཧྭ་ཝེ་ཚང་གི་སྤྱོད་ངོས་བཞི་ཚེག་གཅིག་གི་ཁྱད་ནུས་ཡིན་མིན་མ་ཤེས་པས། ཚང་མས་དོ་སྣང་གནང་རོགས། གལ་སྲིད་ཨན་གྲོ་མ་ལག་དྲུག་པའི་ནང་དུ་འདི་སླེབས་པ་ཡིན་ན་དེ་ནི་དོན་བཟང་བླ་ན་མེད་པ་རེད་ལ། དེ་མིན་པར་ཧྭ་ཝེ་ཚང་གཅིག་པོ་ཡིན་ནའང་བོད་ཀྱི་འཛད་སྤྱོད་པར་ལེགས་སོ་ཞིག་སྤྲད་པ་ཡིན།

“མ་ལག་བོད་ཡིག་ཅན་གྱི་ཨན་གྲོ་ཁ་པར།” དཔྱད་མཆན 3 ཡོད།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།