རྒྱ་བོད་ཚིག་མཛོད་ཁ་པར་ནང་ལ་འགྲེམས་སྤེལ་བྱས་པ།

བརྡ་འཕྲིན་གྱི་དུས་རབས་འདིར་ཤེས་ཡོན་དང་འབྲེལ་བའི་ལས་རིགས་ཡོངས་འཕྲུལ་ལས་ཀྱི་དགོས་མཁོ་དང་ཁ་འབྲལ་ཐབས་མེད། དེར་བརྟེན་དེང་སང་སྐད་ཡིག་འདྲ་མིན་འཕྲུལ་ལས་ཁྲོད་བཀོལ་སྤྱོད་སྟབས་བདེ་དང་། ཡར་རྒྱས་མགྱོགས་མྱུར་འགྲོ་བཞིན་ཡོད་ནའང་བོད་ཀྱི་སྐད་དང་འབྲེལ་བའི་མཉེན་ཆས་ཧ་ཅང་ཉུང་།

རྒྱ་བོད་ཚིག་མཛོད།
རྒྱ་བོད་ཚིག་མཛོད།

རྒྱ་བོད་ཚིག་མཛོད་ནི་རིག་གཞུང་ནང་འདྲེན་དང་ཁྱབ་སྤེལ་བྱེད་པར་མེད་དུ་མི་རུང་བ་ཞིག་ཡིན། དེང་སང་འཕྲུལ་ལས་ཁྲོད་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སྐད་གཉིས་ཚིག་མཛོད་ཧ་ཅང་ཉུང་བའི་སྟོང་ཆ་ཆེན་པོ་ལྷག་ཡོད་པར་མ་ཟད། ད་བར་དེའི་ཐད་ལ་དམིགས་སུ་ཐོན་པའི་ལས་འགུལ་སྤེལ་བ་དེ་བས་ཉུང་། དེར་བརྟེན་ཐེའི་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་དུ་སྒྲུབས་པའི་རྒྱ་བོད་ཚིག་མཛོད་འདིར་མ་ཚིག་ཁྲི་བརྒྱད་ལྷག་ཅིག་བསྡུ་སྒྲིག་གིས་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ་རིན་མེད་འགྲེམས་སྤེལ་བྱས་ཡོད།

རྒྱ་བོད་ཚིག་མཛོད།
རྒྱ་བོད་ཚིག་མཛོད།

ཚིག་མཛོད་འདིའི་རྒྱུ་ཆ་གཙོ་བོ་ནི་ ༡༩༩༡ ལོར་པར་སྐྲུན་བྱས་པའི་རྒྱ་བོད་ཚིག་མཛོད་གཙོར་བཟུང་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གཙོ་འགན་བཞེས་པའི་བོད་དབྱིན་རྒྱ་གསུམ་གྱི་རྒྱུན་བཀོལ་མིང་མཛོད་ཀྱི་ནང་ཚན་རྒྱ་བོད་སྐད་གཉིས་ཁ་སྣོན་བྱས་ཡོད། འདིར་ད་དུང་འཐུས་སྒོ་མ་ཚང་བ་དང་། ཡིག་ནོར་སོགས་མང་དག་ཅག་ལྷག་ཡོད་ངེས་མོད། རིམ་གྱིས་ཡར་རྒྱས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་འདོད་ཡོད། ཚིག་མཛོད་འདིའི་མ་ཚིག་དང་འགྲེལ་ཚིག་གཉིས་ཀ་ཐེའི་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་ཀྱི་ལྟ་བ་ཡིན་པས་ངེས་པ་མེད།

རྒྱ་བོད་ཚིག་མཛོད།
རྒྱ་བོད་ཚིག་མཛོད།

ལས་འཆར་འདིའི་དམིགས་ཡུལ་གཙོ་བོ་ནི། གློག་ཀླད་དང་ཁ་པར་ནང་བཀོལ་སྤྱོད་བདེ་བའི་རྒྱ་བོད་སྐད་གཉིས་ཚིག་མཛོད་བཟོས་ཏེ། ཆོས་དང་རིག་གནས་སློབ་གཉེར། ཡིག་སྒྱུར། ཞིབ་འཇུག་སོགས་དར་སྤེལ་བྱེད་པར་མཐུན་རྐྱེན་གང་ལེགས་བསྐྲུན་རྒྱུ་དེ་ཡིན།

མཉེན་ཆས་འདི་ནི། ཐེའི་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་རིན་མེད་མཉེན་ཆས་ཤིག་ཡིན།

http://www.tibetitw.com/download/1456.html

 

“རྒྱ་བོད་ཚིག་མཛོད་ཁ་པར་ནང་ལ་འགྲེམས་སྤེལ་བྱས་པ།” དཔྱད་མཆན 1 ཡོད།

མཆན་སྤེལ་ཡུལ་ནི་ གདུགས་དཀར ལན་དོར།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།