ལག་འཕྲིན་ཁ་པར་གྱི་མེ་ཝའི་མ་ལག་ (Firefox OS) ནང་དུ་དམའ་མཐའ་ཡང་བོད་ཡིག་འཆར་བའི་ནུས་པ་ཡོད་པ།

ཁོ་བོས་ཚོད་ལྟའི་ཚུལ་དུ་སྤེལ་བའི་མེ་ཝའི་མ་ལག་ལ་ཚོད་ལྟ་བྱས་ནས་ཤེས་པ་ལྟར་ན། མ་ལག་འདིའི་ནང་དུ། བོད་ཡིག་འཆར་བའི་ནུས་པ་ཡོད་ལ། ཡིག་གཟུགས་ནི་སྤྱི་འགྲོས་ཨང་ཡིག་ཐོག་ཏུ་བཟོ་སྔ་ཤོས་ཡིན་པའི་བོད་ཡིག་འཕྲུལ་ཆས་ (Tibetan Machine)ཟེར་བ་དེ་ཡིན་པར་སྣང་། ཁོ་བོས་ཚོད་ལྟ་བྱེད་ཞོར་དུ་འཆར་ངོས་པར་ལ་གདབ་ཡོད་པས། ཚང་མས་ཉམས་སུ་མྱོང་རོགས།

༡༽ ལག་འཕྲིན་དྲ་བཤེར་ལ་ཆེད་བཟོས་དྲ་ཚིགས་འཆར་བའི་རྣམ་པ། (༡)

༢༽ ལག་འཕྲིན་དྲ་བཤེར་ལ་ཆེད་བཟོས་དྲ་ཚིགས་འཆར་བའི་རྣམ་པ། (༢)

༣༽ འབྲེལ་གཏུགས་མི་སྣ།

༤༽ བོད་ཡིག་ལམ་ནས་འཕྲིན་ཐུང་བསྐུར་བ།

༥༽ ལས་འགན་བརྗེད་ཐོ།

༦༽ བྱ་བའི་དུས་ཚོད་བཀོད་སྒྲིག་དང་དྲན་སྐུལ་བཟོ་བཞིན་པ།

༧༽ བྱ་བའི་དུས་ཚོད་བཀོད་སྒྲིག་དང་དྲན་སྐུལ།

༨༽ སྤྱིར་བཏང་གི་བོད་ཡིག་དྲ་ཚིགས་འཆར་བའི་རྣམ་པ།

༩༽ ཟ་བརྒྱབ་པའི་འཆར་ཤེལ།

༡༠༽ ཟ་ཕྱེས་རྗེས་ཀྱི་འཆར་ཤེལ།

༡༡༽ ཁ་པར་གྱི་ནང་དུ་འཛུལ་བ།

[རྩོམ་གྱི་ཡོང་ཁུངས། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།] [རྩོམ་པ་པོ། ཐེ་བྲག་བསྟན་པས་བསྒྲིགས།] [སྤེལ་དུས། 2012-12-13]

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།