བོད་ཡིག་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་(Unicode)ཡར་རྒྱས་དང་བསྐྱར་བཅོས་སྐོར་གྱི་གལ་ཆེའི་གསལ་བསྒྲགས།

༄༅། །བོད་ཀྱི་སྐད་ཡིག་ལ་དུང་བ་ཟབ་པའི་རྒྱ་ཆེའི་གཞུང་སྒེར་གྱི་ཚོགས་སྡེ་དང་མི་སྒེར་ཡོངས་ཀྱི་སྙན་ལམ་དུ།

བོད་ཡིག་འདི་བཞིན་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་(Unicode)ནང་གཏན་ལ་ཕབ་པ་ནས་སྐད་ཡིག་སྡེ་ཚན་ཆེན་པོ་དེའི་ཁོངས་སུ་ཚུད་པ་དང་། འབྲེལ་ཡོད་མང་པོས་འབད་བརྩོན་ལ་བརྟེན་ནས་ད་བར་ལོ་ངོ་མང་པོ་སོང་ཟིན། དེར་བརྟེན་བོད་ཀྱི་སྐད་ཡིག་འདི་ཉིད་གཅིག་གྱུར་དང་སྟབས་བདེ་ཅན་དུ་གྱུར་ཡོད།

འོན་ཀྱང་ཡར་རྒྱས་ལ་མཐའ་མེད་པས་ད་དུང་ཡར་རྒྱས་དང་བསྐྱར་བཅོས་བྱ་གལ་ཆེ་བས་གཤམ་གསལ་རེའུ་མིག་གཞིར་བཟུང་གིས་དེར་མ་ཚུད་པའི་གལ་ཆེའི་ཡི་གེའམ་མཚོན་རྟགས་ཅི་རིགས་ཡོད་ཚེ། འདི་ག་ཞིབ་འཇུག་ཁང་ལ་ཕྱི་ལོ་༢༠༡༧ ལོའི་ཟླ་ ༣ ཚེས་༡༥ ནང་ཚུད་འབྲེལ་བ་གནང་རོགས་ཞུ།

འདི་ནས་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་འབྲེལ་ཡོད་མཉམ་དུ་བོད་ཡིག་བསྐྱར་ཞིབ་ཀྱི་ལས་རིམ་མི་འགྱང་བར་སྤེལ་རྒྱུ་ཡིན་པས་ཐུགས་འཇགས་ཞུ།

གཤམ་གསལ་ཞར་བཀོད་རེའུ་མིག་དུ་མ་གསལ་བའི་ཡི་གེ་དང་མཚོན་རྟགས་ཡོད་ཚེ་དགོས་ངེས་ཀྱི་ཆ་རྐྱེན་ནི།

༡ ཡི་གེའམ་མཚོན་རྟགས་ཀྱི་རི་མོ།
༢ མིང་།
༤ འགྲེལ་བཤད།
༥ ཁུངས།

གོང་གསལ་ཆ་རྐྱེན་ཁག་ངེས་པར་འགོད་དགོས།

མཆན།

༡༽ ཡི་གེའམ་མཚོན་རྟགས་སོགས་བཟོ་ལྟ་མི་འདྲ་བ་དག་ལ་ཟེར་བ་ལས་བརྩེགས་འདོགས་རིགས་ལ་གོ་བ་ལེན་མི་རུང།
༢༽ རྒྱལ་སྤྱིའི་གཅིག་གྱུར་བོད་ཡིག་ཁྱོན་ཡོངས་ལ་གོ་བ་ལས་སྨོན་ལམ་བོད་ཡིག་ཙམ་ལ་གོ་བ་ལེན་མི་རུང་།
༣༽ འབྲེལ་བ་གནང་ཡུལ། monlamit2012@gmail.com བརྒྱུད་ནས་འབྲེལ་བ་གནང་རོགས།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་༢༠༡༧ ལོའི་ཟླ་ ༡ ཚེས་ ༡༢ ཉིན་ཕུལ།

ཞར་བཀོད་ཡིག་ཆ། གཅིག་གྱུར་ཨང་སྒྲིག་རེའུ་མིག

“བོད་ཡིག་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་(Unicode)ཡར་རྒྱས་དང་བསྐྱར་བཅོས་སྐོར་གྱི་གལ་ཆེའི་གསལ་བསྒྲགས།” དཔྱད་མཆན 2 ཡོད།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།