《བོད་ཡིག་གི Windows བྱ་རིམ་སྒྲིག་པའི་དཔེ་སྟོན་ཁྲིད་གཞི》དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

ཉེ་ལམ། དགེ་རྒན་ཆེན་མོ་རྣམ་རྒྱལ་ཚེ་རིང་ལགས་ཀྱི《བོད་ཡིག་གི Windows བྱ་རིམ་སྒྲིག་པའི་དཔེ་སྟོན་ཁྲིད་གཞི》 Visual C# པར་གཞི 2015 ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།

《བོད་ཡིག་གིwindowsབྱ་རིམ་སྒྲིག་པའི་དཔེ་སྟོན་ཁྲིད་གཞི》

དེབ་འདི་ནི་རྩིས་འཁོར་སྐད་བརྡ་ལསC#སྐད་བརྡ་ལ་བསྟེན་ནས་བོད་རིགས་སློབ་མའི་ཤེས་བྱའི་ཆུ་ཚད་དང་མཉེན་ཆས་གསར་བཟོ་བྱེད་པའི་ལས་གནས་དགོས་མཁོ་ལ་དམིགས་ནས། སློབ་ཁྲིད་ཀྱི་ཉིང་བཅུད་ཕྱོགས་བསྡུས་དང་། སློབ་མས་བོད་ཡིག་ཆ་འཕྲིན་ཐག་གཅོད་དང་མཉེན་ཆས་ལག་རྩལ་ཤེས་བྱའི་ཁ་ཚ་དགོས་གཏུག་གི་རེ་འདུན་ལྟར། བསམ་བློ་ཞིབ་མོས་དཔེ་མཚོན་ཅན་གྱི་བོད་ཡིག་གིwindowsབྱ་རིམ་སྒྲིག་པའི་དཔེ་སྟོན69འཆར་འགོད་བྱས་ཡོད་པར་མ་ཟད། དེའི་ནང་འཛིན་ཆས་ཡང་དག་པའི་སྒོ་ནས་བེད་སྤྱོད་བྱེད་སྟངས་དང་། བྱ་རིམ་གྱི་ནུས་པ་མངོན་འགྱུར་བྱེད་པ་བཅས་ལ་འགྲེལ་བཤད་ཁ་གསལ་གོ་བདེ་བོ་བྱས་ནས་སློབ་མས་བོད་ཡིག་གིwindowsམཉེན་ཆས་ཇུས་འགོད་དང་བོད་ཡིག་གི་གཞི་གྲངས་ཐག་གཅོད་ཀྱི་ནུས་པ་སྐྱེད་སྲིང་། བཟོ་ལས་བྱང་ཚད་དང་རང་སྦྱོང་གི་ནུས་པ་མཐོར་འདེགས་གཏོང་བར་ཧ་ཅང་ཕན།

དཔེ་དེབ་ཀྱི་ནང་དོན་གཙོ་བོ་ནི། C#བྱ་རིམ་རྨང་གཞི་དང་། རྒྱུན་སྤྱོད་འཛིན་ཆས། ཡིག་འབྲི་མཉེན་ཆས། དབྱིབས་རིས་བྱ་རིམ། ཡིག་ཆ་དང་རྒྱུན།ADO.NETདང་གཞི་གྲངས་བཀོལ་སྤྱོད་བཅས་སོ།

《བོད་ཡིག་གིwindowsབྱ་རིམ་སྒྲིག་པའི་དཔེ་སྟོན་ཁྲིད་གཞི》

དེབ་འདིརCDIOསློབ་གསོ་མ་དཔེ་དང་ཤེས་བྱའི་གནས་གཉིས་སྦྲེལ་དྲའི་བྱེད་ཐབས་ལ་བསྟེན་ནས་ཤེས་བྱ་དང་ནུས་རྩལ་སྦྱོང་བརྡར“སྒྲུབ་པའི་ཁྲོད་སློབ་སྦྱོང་དང་། བསླབ་ནས་ལག་ལེན་ཤེས་པ་དང་སློབ་སྦྱོང་ལས་སླ་མོ”ཞེས་པའི་སློབ་ཁྲིད་འདུ་ཤེས་མངོན་འགྱུར་བྱུང་། སྦྱང་། སློབ། ཁྲིད། བསམ་བཅས་གཞི་གཅིག་འདྲེས་ནས་སློབ་མའི་རང་སྦྱོང་གི་ནུས་པ་དང་བོད་ཡིག་མཉེན་ཆས་གསར་བཟོ་བྱེད་པའི་སྤྲོ་གནང་ལ་སྐུལ་མ་གཏོང་བ་དང་སློབ་ཁྲིད་ཀྱི་རྒྱུ་སྤུས་དང་ནུས་པ་མཐོར་འདེགས་གཏོང་བའོ།

དེབ་འདི་ནི་མི་རིགས་ཆེད་སྦྱོང་ལག་རྩལ་སློབ་གྲྭ། མི་རིགས་དངོས་གཞི་སློབ་ཆེན་ཁག་གི་འབྲེལ་ཡོད་ཆེད་ལས་ཀྱི་བསླབ་གཞི་ལ་འཚམས་པར་མ་ཟད། བོད་ཡིག་རྩིས་འཁོར་གསོ་སྦྱོང་གི་བསླབ་གཞི་དང་རང་སྦྱོང་བྱེད་མཁན་དག་གི་ཟུར་ལྟའི་དཔྱད་གཞི་ཀུན་ནས་འཚམས་སོ།


དེབ་འདིའི་རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

རྣམ་རྒྱལ་ཚེ་རིང་།

རྣམ་རྒྱལ་ཚེ་རིང་། བོད། མཚོ་སྔོན་སྐུ་འབུམ་ཁྱུང་ཀྱཱ་ནས་སྐྱེས། 2005ལོར་ནུབ་བྱང་བཟོ་ལས་སློབ་ཆེན་ནས་མཉེན་ཆས་བཟོ་སྐྲུན་ཆེད་ལས་རབ་འབྱམས་པའི་མིང་བཏགས་ཐོབ། 2011ལོའི་ཟླ12བར་དགེ་རྒན་ཆེན་མོ་བའི་མིང་བཏགས་ཐོབ། མིག་སྔར་ཐེན་ཅིན་སློབ་ཆེན་རྩིས་འཁོར་སློབ་གླིང་དུ་ཆེད་ལས་འབུམ་རབས་ཞིབ་འཇུག་སློབ་མའི་སློབ་གཉེར་ལ་འབད་བཞིན་ཡོད། ཁོང་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་ཡིག་ཆ་འཕྲིན་ཐག་གཅོད་དང་མཉེན་ཆས་ཞིབ་འཇུག་ཁང་གི་མགོ་གཙོ་དང་རྩིས་འཁོར་སློབ་གླིང་གི་དགེ་རྒན་ཆེན་མོ། བོད་སྐད་ཆ་འཕྲིན་ཐག་གཅོད་བཟོ་སྐྲུན་ཆེད་ལས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན། མཚོ་སྔོན་ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན་བཅས་ཡིན་པར་མ་ཟད། དུས་ཡུན་རིང་བོར་རྩིས་འཁོར་དང་བོད་ཡིག་ཆ་འཕྲིན་ཐག་གཅོད་ཐད་སློབ་ཁྲིད་དང་ཞིབ་འཇུག་བཅས་བྱས་ནས་བོད་ཡིག་ཆ་འཕྲིན་ཐག་གཅོད་ཐད་གྲུབ་འབྲས་མི་དམན་པ་བླངས་པས་འདིའི་ཐད་ཤུགས་རྐྱེན་ཧ་ཅང་ཆེ། བོད་ཡིག་གིwindowsབྱ་རིམ་སྒྲིག་པའི་དཔེ་སྟོན་ཁྲིད་གཞི》ཞེས་པའི་བསླབ་གཞི་པར་སྐྲུན་བྱས། རྒྱ་ཡིག་ཆ་འཕྲིན་རིག་གཞུང་དུས་དེབ་སོགས་རིག་གཞུང་དུས་དེབ་མང་པོའི་སྟེང་དཔྱད་རྩོམ་སུམ་ལྷག་སྤེལ། མཉེན་ཆས10ལྷག་གསར་བཟོ་བྱས།

“《བོད་ཡིག་གི Windows བྱ་རིམ་སྒྲིག་པའི་དཔེ་སྟོན་ཁྲིད་གཞི》དཔེ་སྐྲུན་འགྲེམ་སྤེལ་བྱས་པ།” དཔྱད་མཆན 2 ཡོད།

  1. དཔེར་ནwindows༡༠བྱ་རིམ་བོད་འགྱུར་བྱས་ཡོད་དམ། ང་ཚོ་རྩིས་འཁར་ཕྱོགས་ཀྱི་དཔེ་ཆ་ལས་ནས་བཙོང་མཁན་མེད་སོང་བ་མ་རེད། གཞུང་ལུགས་ཀྱི་སྟེང་ནས་ཉབ་བེ་ཉོབ་བེ་ལབ་པ་མ་གཏོགས་ལག་ལེན་ཁྲོད་ནས་སྟོན་རྒྱུ་མེད་པའམ་ཉུང་བ་འདིས་སྐྱོ་སོང་།

མཆན་སྤེལ་ཡུལ་ནི་ ལོ་བ་བསམ་གཏན་རྒྱ་མཚོ། ལན་དོར།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།