Adobe After Effects CC 2017 ནང་བོད་ཡིག་ལ་རྒྱབ་སྐྱོར་ཐོབ་པའི་གནས་ཚུལ།

རྒྱུས་ལོན་བྱས་པ་ལྟར་ན། ཉེ་ཆར། Adobe ཡིས་བྱ་རིམ་གསར་བསྒྱུར་བྱས་ཏེ་ལེགས་བཅོས་བྱས་པ་དང་། དེའི་ཁྲོད་དུ་ Adobe After Effects CC 2017 ནང་བོད་ཡིག་ལ་རྒྱབ་སྐྱོར་ཐོབ་པའི་གནས་ཚུལ་ཐོན་འདུག

སྔོན་མའི་པར་གཞི་དག་གིས་བོད་ཡིག་ལ་རྒྱབ་སྐྱོར་མ་ཐོབ་པས་གློག་བརྙན་གྱི་ལས་ལ་འཇུག་པའི་མི་སྣ་དག་ལ་དཀའ་ངལ་འཕྲད་ཡོད་སྟབས། ད་ཐེངས་བོད་ཡིག་ལ་རྒྱབ་སྐྱོར་ཐོབ་པ་འདི་ནི་གཏམ་བཟང་ཞིག་ཏུ་བརྩི་ཆོག་གི་ཡོད།

དེ་ཡང་ Adobe After Effects CC 2017 མཉེན་ཆས་ཀྱི་པར་གཞི་གསར་ཤོས་ཏེ 14.2 ནས་བརྩམས་ཏེ་རྗེས་མའི་བྱ་རིམ་ག་འདྲ་གསར་བསྒྱུར་བྱས་ཀྱང་བོད་ཡིག་ལ་རྒྱབ་སྐྱོར་ཐོབ་པའི་རྩ་དོན་ལ་འགྱུར་བ་གཏོང་གི་མ་རེད།

Adobe After Effects CC 2017 མཉེན་ཆས་ཀྱི་པར་གཞི 14.2 ཅན།

མཉེན་ཆས་ཁ་ཕྱེས་ཚར་རྗེས། ཐོག་མའི་འདེམས་ཚན་ནང་གི་རིགས་དབྱེ་ཁྲོད་དུ་ཡི་གེའི་མ་འཕྲུལ་དེ་ཨེ་ཤེ་ཡ་ལྷོ་མ་དང་དཀྱིལ་དབུས་སྟེང་ལ་བཞག་ཚེ་ད་གཟོད་བོད་ཡིག་ལ་རྒྱབ་སྐྱོར་ཐོབ་པ་རེད། གཤམ་གྱི་དཔེ་རིས་ལྟར།

ཐོག་མའི་འདེམས་ཚན་ནང་ལ་རིགས་དབྱེ་ཁ་སྣོན་བྱས་པ།

ཤེས་གསལ་ལྟར་ན། Adobe After Effects CC 2017 མཉེན་ཆས་ཀྱི་པར་གཞི 14.1 ནང་ལ་རིགས་དབྱེ་གདམ་ཚན་དེ་མི་འདུག་གོ།

“Adobe After Effects CC 2017 ནང་བོད་ཡིག་ལ་རྒྱབ་སྐྱོར་ཐོབ་པའི་གནས་ཚུལ།” དཔྱད་མཆན 9 ཡོད།

    1. Adobe Photoshop CS6ནང་དུ་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་ལ་རྒྱབ་སྐྱོར་ཐོབ་པ་བྱུང་བ། | བོད་ཡིག་བརྡ་འཕྲིན་ལག་རྩལ། http://www.tibetitw.com/news/145.html

    2. དེ་གཙོ་བོ་མཉེན་ཆས་ཀྱི་དཔར་གཞི་དང་འབྲེལ་བ་ཡོད་པ་རེད། ps6ནང་དུ་ཧི་མ་ལ་ཡའི་བོད་ཡིག་དེ་ཡིག་གཟུགས་དེ་ཡག་པོ་འཆར་ཐུབ་ཀྱི་འདུག་ཞེས་པ་ཞིག་གོ་ཐོས་བྱུང་སོང་། ཁྱེད་རང་ནས་ཚོད་ལྟ་ཞིག་གནོངས་དང་།

    3. དེ་གཙོ་བོ་མཉེན་ཆས་ཀྱི་དཔར་གཞི་དང་འབྲེལ་བ་ཡོད་པ་རེད། ps6ནང་དུ་ཧི་མ་ལ་ཡའི་བོད་ཡིག་དེ་ཡིག་གཟུགས་དེ་ཡག་པོ་འཆར་ཐུབ་ཀྱི་འདུག་ཞེས་པ་ཞིག་གོ་ཐོས་བྱུང་སོང་། ཁྱེད་རང་ནས་ཚོད་ལྟ་ཞིག་གནོངས་དང་།

  1. mac ནང་chrome འཚོལ་ཞིབ་མ་ལག་བེད་སྤྱད་ནས་བརྙན་མཐོང་བལྟ་སྐབས་ ༸ adobe flash player པར་གཞི་གསར་ཤོས་དེ་མ་རེད་༸ ཅེས་པའི་རྒྱ་ཡིག་འདོན་ཡོང་གི་འདུག་པས་་་ཐག་གཅོད་གང་འདྲ་བྱེད་དགོས་སམ

    1. ཨོ་ཏོ་པེ་སྤྱི་སྟེགས་དྲ་བའི་སྒང་ལ་ཞུགས་ན་དེ་ག་གཉེརན་ཆས་གསར་བ་ཕབ་ལེན་བྱ་རྒྱུ་འདུག ཐད་ཀར་མུ་འབྲེལ་དྲ་ཚིགས་དེ་བསྣོན་རོགས།

མཆན་སྤེལ་ཡུལ་ནི་ བོད་ཡིག་བརྡ་འཕྲིན་ལག་རྩལ། ལན་དོར།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།