རྒྱ་བོད་ཚིག་མཛོད་ཐོན་རིམ་གཉིས་པ་གསར་སྤེལ་བྱས་པ།

སྤྱི་ཟླ9པའི་ཚེས2ཉིན་སྨོན་ལམ་བོད་ཡིག་བརྡ་འཕྲིན་ཞིབ་འཇུག་ཁང་ནས་འཕྲིན་ཡིག་འབྱོར་གསལ། རྒྱ་བོད་ཚིག་མཛོད་ཐོན་རིམ་གཉིས་པ་གསར་སྤེལ་བྱས་ཡོད་པ་དང་། པར་གཞི་གསར་ཤོས་འདིའི་ནང་ལ་སྔོན་མའི་པར་གཞིའི་ནང་གནས་པའི་ཡིག་ནོར་སོགས་ཞུ་དག་གང་ལེགས་བྱས་ཡོད་པ་མ་ཟད་རྒྱ་ཡིག་གི་(繁体中文)ཡི་གེ་ཁ་སྣོན་བྱས་ཡོད་འདུག

རྒྱ་བོད་ཚིག་མཛོད།

ཚིག་མཛོད་འདིའི་རྒྱུ་ཆ་གཙོ་བོ་ནི་ ༡༩༩༡ ལོར་པར་སྐྲུན་བྱས་པའི་རྒྱ་བོད་ཚིག་མཛོད་གཙོར་བཟུང་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གཙོ་འགན་བཞེས་པའི་བོད་དབྱིན་རྒྱ་གསུམ་གྱི་རྒྱུན་བཀོལ་མིང་མཛོད་ཀྱི་ནང་ཚན་རྒྱ་བོད་སྐད་གཉིས་ཁ་སྣོན་བྱས་ཡོད།

དེ་ཡང་མཉེན་ཆས་འདི་ནི་ཁ་པར་དང་གློག་ཀླད་གཉིས་ནང་སོ་སོར་སྤྱོད་རུང་བ་ཞིག་ཡིན་ལ། སྤྱོད་མཁན་མང་ཆེ་ཤོས་ནི་ཀྲུང་གོ་རྒྱལ་ཁབ་ནང་ཡིན་པས་ཀུ་ཤུའི་ཁ་པར་མ་ལག་ནང་ལ་ཀུ་ཤུའི་ཚོང་རར་(App Store)ཕབ་ལེན་བྱ་རྒྱུ་ཡོད་པ་ཕུད། སྐར་ཁུང་མ་ལག་(Windows)དང་ཀུ་ཤུའི་གློག་ཀླད་ཀྱི་མ་ལག་(Mac OS X)དེ་མིན་ཨན་གྲོལ་ཁ་པར་མ་ལག་(Android)སོགས་ནང་ལ་ཕབ་ལེན་བྱ་རྒྱུར་དཀའ་ངལ་འཕྲད་ཡོད་པའི་གནས་ཚུལ་ལ་གཞིགས་ཏེ། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བར་མངག་བཅོལ་གནང་བ་ལྟར་རྒྱལ་ནང་གི་སྤྱོད་མཁན་ཚོས་ཕབ་ལེན་བྱེད་ཆོག་གི་ཡོད།

རྒྱ་བོད་ཚིག་མཛོད་V2.1ཕབ་ལེན། གློག་ཀླད་དང་ཁ་པར་གཉིས་སུ་སྤྱོད་རུང་།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།