ཀུ་ཤུས་གསར་བསྒྱུར་བྱས་པས་བོད་པ་ཚོ་འུར་ཆིལ་ལེ་བཏང་སོང་།

སྤྱི་ཟླ་དགུ་བའི་ཚེས་༢༠ཉིན། ཀུ་ཤུའི་མ་ལག་གསར་པ iOS 11དེ་དངོས་སུ་ཕབ་ལེན་བེད་སྤྱོད་གཏོང་མགོ་ཚུགས་པ་རེད། མ་ལག་གསར་པ་འདི་ནི་ཀུ་ཤུའི་ལོ་རྒྱུས་སྟེང་གི་འགྱུར་ལྡོག་ཆེས་ཆེ་ཤོས་དེ་ཡིན་པར་བརྗོད་ཀྱིན་ཡོད་པ་དང་། ཀུ་ཤུའི་ཁ་པར་གསར་ཤོས iPhone Xདང་ iPhone 8,iPhone 8 Plusནང་གི་མ་ལག་དེ་ཡིན་པ་རེད།

iOS 11གསར་བསྒྱུར་གྱི་འཆར་ངོས།

མ་ལག་གསར་བསྒྱུར་བྱས་རྗེས། སོ་སོའི་འདོད་མོས་མ་འདྲ་བའི་དབང་གིས་ཡག་བཙོག་ཅི་རིགས་བརྗོད་གྱིན་འདུག་པ་དང་། དེའི་ཁྲོད་དུ་བོད་པ་ཚོས་དོ་སྣང་བྱ་ཡུལ་དུ་གྱུར་བ་ནི་བོད་ཡིག་གི་ཡིག་གཟུགས་ཇེ་ཆུང་དུ་ཕྱིན་འདུག་པ་དེ་རེད།

བོད་ཡིག་གི་ཡིག་གཟུགས་ཇེ་ཆུང་དུ་ཕྱིན་འདུག་པའི་ཚུལ།

དེ་ཡང་། བོད་ཡིག་གི་ཡིག་གཟུགས་ཇེ་ཆུང་དུ་བཏང་བ་འདི་ནི་གཙོ་བོ་བརྩེགས་འདོག་གི་གནད་དོན་ལ་བསམ་གཞིགས་བྱས་པ་ཡིན་སྲིད། སྐར་ཁུང་(Windows)མ་ལག་ནང་གི་ཧི་མ་ལ་ཡའི་ཡིག་གཟུགས་ལའང་ཆུང་དྲགས་པའི་གནད་དོན་ཞིག་ཡོད་མོད། མིག་སྔར་འགྱུར་བ་ཅི་ཡང་བཏང་མི་འདུག

“ཀུ་ཤུས་གསར་བསྒྱུར་བྱས་པས་བོད་པ་ཚོ་འུར་ཆིལ་ལེ་བཏང་སོང་།” དཔྱད་མཆན 2 ཡོད།

  1. མཁལ་མ་ཡ་གཅིག་བཙོང་ནས་ཀུ་ཤུ་བདུན་པ་ཉོས་ཡིན། ད་ནི་མཁལ་མ་གཞན་དེ་ཡང་བཙོང་ནས་ཀུ་ཤུ་བཅུ་བ་དེ་ཉོ་རྩིས་ཡོད།

  2. ད་བྱས་ན་མ་ལག་རྙིང་པ་བེད་སྤྱོད་བྱེད་མཁན་དག་གིས་མ་ལག་གསར་བསྒྱུར་མ་བྱས་ན་དགའ་བ་ཡོད་པ་རེད། དེ་བས་ཀྱང་iPhone4དང་4sདེ་བཞིན་iphone5 5sསོགས། གང་ཡིན་ཟེར་ན་མ་ལག་གསར་བསྒྱུར་ག་ཚོད་ཀྱིས་མང་བ་བྱས་ན་ཁ་པར་འགག་འགྲོ་མཁན་དུ་ཆགས་འགྲོ་གི་འདུག། སྲ་ཆས་ཀྱིས་མ་ལག་གསར་པའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ་འདྲ།

མཆན་སྤེལ་ཡུལ་ནི་ བཀྲ་ཤིས། ལན་དོར།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།