སྨོན་ལམ་ཚི​ག་མཛོད་ཀུ་​ཤུ་གློག་ཀླ​ད་ནང་ལེགས་​འགྲུབ་དང་། སྐར་ཁུང་རྟ​གས་ཅན་ནང་དུ​་བསྐྱར་བཅོ​ས་བྱས་པ།

བོད་ཀྱི་སྐད་ཡིག་ལ་དུང་བ་ཡོད་པའི་སྐྱེ་བོ་ཡོངས་ཀྱི་སྙན་ལམ་དུ།

སྨོན་ལམ་ཚིག་མཛོད་ཐོན་རིམ་༡.༡་ཅན་ནི། བོད་ཡིག་ཚིག་མཛོད་དང་། དབྱིན་བོད་ཚིག་མཛོད། བོད་དབྱིན་ཚིག་མཛོད་བཅས་སྡེ་ཚན་གསུམ་ཡོད་པའི་མཉེན་ཆས་ཚིག་མཛོད་ཅིག་ཡིན་ལ། ཚིག་མཛོད་འདིར་བསྡོམས་པའི་མ་ཚིག་ཉིས་འབུམ་ལྷག་ཡོད་པར་མ་ཟད། སྡེ་ཚན་གཅིག་ནས་གཞན་ལ་ཐད་ཀར་བརྒྱུད་ནས་འཚོལ་ཐུབ་པ་བཟོས་ཡོད་པས་སྟབས་བདེ་བ་ དང་། དེ་སྔོན་སྨོན་ལམ་ཚིག་ཐོན་རིམ་དང་པོ་སྐར་ཁུང་རྟགས་ཅན་གྱི་གློག་ ཀླད་(Windows)ཁོ་ནའི་ནང་མ་གཏོགས་བེད་སྤྱོད་མི་ཐུབ་ཀྱང་། ད་ཆ་ཀུ་ཤུ་རྟགས་ཅན་གྱི་ཀློག་ཀླད་ནང་དུའང་བེད་སྤྱོད་ལེགས་པར་གཏོང་ཐུབ་པ་ བཟོས་ཐུབ་ཡོད་པ་དང། ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་བོད་དབྱིན་ཡིག་རིགས་ཀྱི་ལས་ཀ་གང་ཞིག་བྱེད་ ནའང་ཚིག་མཛོད་འདིར་འབྲེལ་མཐུད་བྱེད་པར་ཧ་ཅང་སྟབས་བདེ་ཡིན་པས་བོད་ཡིག་དང་ དབྱིན་ཡིག་འབྲི་ཀློག་སྦྱོང་གསུམ་བྱེད་པར་ཕན་ཐོགས་ཆེན་པོ་ཡོད། ཚིག་མཛོད་འདི་ནི་དྲ་འབྱེད་མཉེན་ཆས་ཁག་དང་ཀུ་ཤུ་བཟོ་ཚོང་ཁག་གིས་བཟོས་པའི་ མཉེན་ཆས་མང་ཆེ་བར་ཐད་ཀར་བེད་སྤྱོད་གཏོང་ཆོག་པས་ན། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སྟོང་ཆ་ཆེན་པོ་ཞིག་བསྐངས་ཐུབ་པ་བྱུང་ཡོད།

སྨོན་ལམ་ཚིག་མཛོད་ ༡.༡ ནི་སྐར་ཁུང་རྟགས་ཅན་གྱི་གློག་ཀླད་(Windows) ནང་ལའང་བེད་སྤྱོད་ལེགས་པར་ཐུབ་པ་མ་ཟད། དེ་སྔོན་གྱི་ཚིག་མཛོད་ལས་ཁ་འབྱེད་མགྱོགས་པ་དང་། བོད་ཡིག་ཚིག་མཛོད་ལ་ཞུ་དག་དང་བསྐྱར་བཅོས་ཐེངས་གཉིས་པ་བྱས་ཡོད་པས་ཕན་ཐོགས་ གང་ལེགས་ཡོང་བའི་རེ་བ་ཡོད།

འོན་ཀྱང་ད་དུང་ཚིག་མཛོད་འདིའི་ནང་སྐྱོན་དང་ནོར་འཁྲུལ་རིགས་ཡོད་སྲིད་ན། བེད་སྤྱོད་གནང་མཁན་ཚོས་དུས་ཐོག་ལ་འདི་གར་འབྲེལ་བ་གནང་ན་རིམ་པས་ཡར་རྒྱས་ གཏོང་ཆོག་པ་མ་ཟད། འདི་ག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བོད་ཡིག་གི་ཚིག་མཛོད་ཆེན་མོ་ ཞིག་ཀྱང་རྩོམ་སྒྲིག་བྱེད་བཞིན་མཆིས་ན། ཁྱོན་ཡོངས་ནས་རྒྱབ་སྐྱོར་རོགས་རམ་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང། བེད་སྤྱོད་གཏོང་ཚུལ་ནི་ཚིག་མཛོད་འདི་སྒྲིག་འཇུག་བྱས་རྗེས་བེད་སྤྱོད་གཏོང་ ཚུལ་འདི་ག་ལས་ཁུངས་ཀྱི་དྲ་རྒྱ་ www.monlamit.org ལ་གཟིགས་རོགས།

ཚིག་མཛོད་འདི་ནི་བོད་ཀྱི་བོད་མི་རིགས་དང་རིག་གནས་ཀྱི་སྲོག་རྩར་གྱུར་པའི་བོད་ ཀྱི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་ཆེད་དུ་དམིགས་ནས་བཟོས་པ་ཡིན་པས། ཚོགས་སྒེར་སུས་ཀྱང་ཚོང་བསྒྱུར་གཏན་ནས་བྱེད་མི་ཆོག ཚིག་མཛོད་འདི་བཞིན་འདི་གའི་དྲ་རྒྱའི་ལམ་ནས་ཐད་ཀར་ཕབ་ལེན་བྱ་ཐུབ་པ་དང་། མཉེན་ཆས་འདི་ཕན་ཚུན་ལ་ངོ་སྤྲོད་དང་བརྒྱུད་སྤྲོད་གང་མང་ཡོང་བའི་རེ་བ་ཞུ།
མཐའ་དོན་བོད་ཀྱི་རིག་གཞུང་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་དབྱར་མཚོ་ལྟར་རྒྱས་པའི་སྨོན་འདུན་བཅས།

(Mac OS)ཀུ་ཤུའི་ནང་ཕབ་ལེན་བྱེད་ས། པའེ་ཏུའུ་དྲ་སྡེར།    ཅིན་ཧྲན་མྱུར་སྡེར།

(Windows)སྐར་ཁུང་ནང་ཕབ་ལེན་བྱེད་ས། པའེ་ཏུའུ་དྲ་སྡེར།    ཅིན་ཧྲན་མྱུར་སྡེར།

[རྩོམ་གྱི་ཡོང་ཁུངས། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།] [རྩོམ་པ་པོ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་།] [སྤེལ་དུས། 2013-04-22]

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།