QQ2013པར་གཞི་གསར་པས་བོད་ཡིག་ལ་རྒྱབ་སྐྱོར་ཐོབ་པའི་གནས་ཚུལ་ཐོན་འདུག

20137171130572315

ཤེས་གསལ་ལྟར་ན། རྒྱ་ནག་གི་གླེང་མོལ་མཉེན་ཆས་ཁུ་ཁུ(QQ)ཟེར་བ་དེས་སྤྱི་ཟླ་༧པའི་ཚེས་༩ཉིན་པར་གཞི་གསར་པ་ཞིག་འགྲེམས་བསྒྲགས་བྱས་འདུག་ལ། པར་གཞི་གསར་པ་དེའི་ནང་དུ་ཧི་མ་ལ་ཡ་སོགས་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་གི་བོད་ཡིག་གི་ཡིག་གཟུགས་སྣ་ཚོགས་སྤྱོད་ཆོག་གི་ཡོད་པ་རེད། དེའི་སྔོན་དུ་གླེང་མོལ་མཉེན་ཆས་འདིའི་ནང་དུ་པཎྚིཏ་སོགས་རྒྱལ་སྤྱིའི་ཚད་ལྡན་མིན་པའི་བོད་ཡིག་གི་ཡིག་གཟུགས་ཁག་མ་གཏོགས་སྤྱོད་ཐུབ་མེད་ལ། གཅིག་གྱུར་ཨང་སྒྲིག་ཅན་གྱི་བོད་ཡིག་སྤྱོད་པར་འགོག་རྐྱེན་བཟོས་ཡོད་པ་རེད། ཉིན་འདི་གར། དྲ་གྲོགས་མང་ཆེ་བས་གནས་ཚུལ་འདི་མཁྱེན་ནས་ཁུ་ཁུ་ནང་བོད་ཡིག་ལ་བཙོན་གྲོལ་ཐོབ་སོང་ཅེས་དགའ་འབོད་ཡང་ཡང་བྱེད་ཀྱིན་འདུག ཁུ་ཁུ(QQ2013)པར་གཞི་གསར་པའི་གཞུང་ཕྱོགས་བཅར་འདྲི་བྱེད་གནས་ནི http://im.qq.com/qq/2013/ ཡིན་པ་དང་། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་གསར་འགོད་པ་གླིང་སྨྱོན་གྱིས་ཆེད་དུ་གནས་ཚུལ་འདི་སྤེལ་པ་ཡིན།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བོད་ཡིགIT] [སྤེལ་དུས། 2013-07-17]

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།