དབྱིས་ཞིན་ཟེར་བའི་སྐད་འཕྲིན་གླེང་མོལ་མཉེན་ཆས་ཤིག་ཁྱབ་བསྒྲགས་བྱས་འདུག

སྤྱི་ལོ༢༠༡༣ལོའི་སྤྱི་ཟླ་༨པའི་ཚེས་༡༩ཉིན་དབྱིས་ཞིན་(易信)ཟེར་བའི་སྐད་འཕྲིན་གླེང་མོལ་མཉེན་ཆས་ཤིག་འགྲེམས་བསྒྲགས་བྱས་འདུག དབྱིས་ཞིན་ནི་ཝང་དབྱི་(网易)དང་ཀྲུང་གོ་གློག་འཕྲིན་(中国电信)མཉམ་འབྲེལ་སྒོས་གསར་སྤེལ་བྱས་པའི་རིན་མེད་གླེང་མོལ་མཉེན་ཆས་ཤིག་རེད། ཁྱད་ཆོས་གཙོ་བོ་ནི་སྐད་འཕྲིན་གྱི་བྱེད་ནུས་ལྡན་ཅིང་ཁ་པར་སྟེང་སྐད་འཇོག་ཐུབ་པའི་ནུས་པ་ཡོད་པ། རིན་མེད་འཕྲིན་ཐུང་བསྐུར་ཐུབ་པ་སོགས་མང་པོ་ཡོད།

མཉེན་ཆས་ཀྱི་མིང་།
བོད་འགྱུར། དབྱིས་ཞིན།༼སྒྲ་བསྒྱུར་བྱས་པ། བོད་ཀྱི་མཁས་དབང་རྣམ་པས་མིང་ཞིག་གདག་རོགས།༽
中文:易信-免费聊天

2013820120265512

དབྱིས་ཞིན་ནི་གློག་འཕྲིན་ཚོང་གཉེར་སྡེ་ཁག་དང་དབྱིན་ཐེར་དྲ་རྒྱའི་སྤྱི་གཉེར་ཁང་མཉམ་རུབ་ཀྱིས་བཙུགས་པའི་སྤྱི་གཉེར་ཁང་གིས་སྤེལ་བའི་ཐོན་རྫས་ཐོག་མ་ཡིན་ལ། དེས་གློག་འཕྲིན་ཚོང་གཉེར་སྡེ་ཁག་དང་དབྱིན་ཐེར་དྲ་རྒྱའི་སྤྱི་གཉེར་ཁང་དབར་ཕན་ཚུན་མཉམ་འབྲེལ་བྱེད་པའི་དུས་སྐབས་གསར་བ་ཞིག་ཏུ་བསྐྱོད་པ་མཚོན་ཡོད།

རྣམ་འགྱུར་སྣ་ཚོགས་བསྐུར་ཐུབ་པ།
རྣམ་འགྱུར་སྣ་ཚོགས་བསྐུར་ཐུབ་པ།
རིན་མེད་འཕྲིན་ཐུང་བསྐུར་ཐུབ་པ།
རིན་མེད་འཕྲིན་ཐུང་བསྐུར་ཐུབ་པ།
རིན་མེད་ཁ་པར་གཏོང་ཐུབ་པ།
རིན་མེད་ཁ་པར་གཏོང་ཐུབ་པ།
སྐད་གདངས་རམ་འདེགས་སྟབས་བདེ་ཡིན་པ།
སྐད་གདངས་རམ་འདེགས་སྟབས་བདེ་ཡིན་པ།
རོལ་མོ་མཉམ་རོལ་བྱེད་ཐུབ་པ།
རོལ་མོ་མཉམ་རོལ་བྱེད་ཐུབ་པ།

དབྱིས་ཞིན་སྐད་འཕྲིན་གླེང་མོལ་མཉེན་ཆས་འདིའི་ནང་དུ་བོད་ཡིག་ཡག་པོར་འཆར་གྱིན་ཡོད་ལ། ཀུ་ཤུ་རྟགས་ཅན་དང་ཨན་གྲོལ་མ་ལག་སོགས་གང་རུང་ཐོག་སྤྱོད་ཐུབ་པ་རེད།

ཀུ་ཤུ་རྟགས་ཅན་ནང་ཕབ་ལེན་བྱེད་ས། https://itunes.apple.com/cn/app/yi-xin-mian-fei-liao-tian/id683688634?mt=8

ཨན་གྲོལ་ནང་ཕབ་ལེན་བྱེད་ས། http://popo.dl.126.net/yixin/update/installer/yixin.apk

[རྩོམ་གྱི་ཡོང་ཁུངས། བོད་ཡིགITདྲ་བ།] [རྩོམ་པ་པོ། གླིང་སྨྱོན།] [སྤེལ་དུས། 2013-08-20]

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།