Nokia

ཨ་རིའི་ཕྲ་མཉེན་(Microsoft)མཐུན་གཉེར་གྱིས་ནོ་ཁེ་ཡའི་(Nokia)ཉེར་སྤྱད་སྡེ་ཚན་ཉོས་པ།

ཨ་རིའི་ཕྲ་མཉེན་མཐུན་གཉེར་(Microsoft)གྱིས་ཨ་སྒོར་དུང་ཕྱུར་༧༢བྱིན་སྟེ། ནོ་ཁེ་ཡའི་(Nokia)ཉེར་སྤྱད་སྡེ་ཚན་ཉོས་པའི་གསར་འགྱུར་ཐོན།

དེ་རིང་སྟེ། ༢༠༡༣ལོའི་སྤྱི་ཟླ་༩ཚེས་༣ཉིན་ཐོན་པའི་གནས་ཚུལ་ལྟར་ན། ཨ་རིའི་ཕྲ་མཉེན་མཐུན་གཉེར་གྱིས་ཧྥིན་ལཎ་གྱི་ནོ་ཁེ་ཡ་མཐུན་གཉེར་གྱི་ཉེར་སྤྱད་སྡེ་ཚན་དང་ཞབས་ཞུའི་སྡེ་ཚན་སྡེ་གཉིས་ཀ་ཉོས་འདུག
ཉོ་ཚོང་འདིས་ཕྲ་མཉེན་ཁ་པར་མ་ལག་༨དེ་མ་ལག་འདིའི་སྲ་ཆས་རྒྱབ་སྐྱོར་མཁན་ཆེ་ཤོས་དང་ཟླ་བསྒྲིལ་བ་མཚོན་ལ། དེས་ཕྲ་མཉེན་ཚང་གི་Surfaceཚུད་པའི་སྲ་ཆས་ཁག་ལ་གཅིག་མཐུན་གྱི་ནུས་པ་ཆེན་པོ་འདོན་ཐུབ་པ་རེད།
༢༠༡༤ལོར་ཚོང་སྒྱུར་འདི་མཇུག་བསྡུ་ཡི་རེད་ལ། སྐབས་དེར་ཐོན་དུས་ཕྲ་མཉེན་ཚང་གིས་ནོ་ཁེ་ཡ་ལ་ནོ་ཁེ་ཡའི་ཚོང་ལས་ཀྱི་ཆེད་དུ་ཡུ་སྒོར་དུང་ཕྱུར་༣༧དང་བྱེ་བ་༩སྤྲོད་དགོས་ལ། ནོ་ཁེ་ཡའི་པར་དབང་སྣ་ཚོགས་ཀྱི་ཆེད་དུ་ཡུ་སྒོར་དུང་ཕྱུར་༡༦དང་བྱེ་བ་༥་སྤྲོད་དགོས། (འདི་གཉིས་ཀྱི་སྡོམ་འབོར་ནི་ཨ་སྒོར་དུང་ཕྱུར་༧༢ཡིན།)
ཕྲ་མཉེན་ཁ་པར་༨དང་དེའི་མ་འོངས་པ་ནི་བོད་ཡིག་བརྡ་འཕྲིན་ཡར་རྒྱས་འགྲོ་མིན་ལ་ཤུགས་རྐྱེན་ངེས་ཅན་ཡོད་པ་ཞིག་ཡིན་པས། གསར་འགྱུར་འདི་མ་འོངས་པར་བོད་ཡིག་བརྡ་འཕྲིན་ལོ་རྒྱུས་སྟེང་ནས་དྲན་འོས་པའི་དུས་མཚམས་ཤིག་ཡིན་སྲིད།

Nokia
Nokia

ཉེར་སྤྱད་ཚོང་ལས་ཚོང་སྒྱུར་བྱས་ཚར་བའི་རྗེས་སུ། ད་ལྟ་ནོ་ཁེ་ཡས་གཙོ་བོ་སྡེ་ཚན་གསུམ་གྱི་ཁོངས་སུ་རིག་པ་གཏོད་རྒྱུ་ཡིན་པ་རེད། དེ་དག་ནི། དྲ་རྒྱའི་རྨང་གཞིའི་ཡོ་བྱད་གསར་སྤེལ། ས་བཀྲའི་ཞབས་ཞུ། སྔོན་མཐོན་འཕྲུལ་ལས་བཅས་སོ།།

[རྩོམ་གྱི་ཡོང་ཁུངས། བོད་ཡིགITདྲ་བ།] [རྩོམ་པ་པོ། ཐེ་བྲག་བསྟན་པ།] [སྤེལ་དུས། 2013-09-04]

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།