ཀུ་ཤུས་iPhone 5Sདང་iPhone 5Cཔར་གཞི་འགྲེམས་བསྒྲགས་བྱས་པ།

སྤྱི་ཟླ་9པའི་ཚེས་11ཉིན། ཀུ་ཤུས་ཨ་རི་ནས་འགྲེམས་སྤེལ་ཚོགས་འདུ་བསྡུས་ཏེ། iPhone 5Sདང་iPhone 5Cཅེས་པའི་པར་གཞི་གཉིས་འགྲེམས་བསྒྲགས་བྱས་ཡོད།

20139111515435259

ཐེངས་འདིར་རྒྱ་ནག་ཀྱང་ཐོག་དང་པོར་འཛམ་གླིང་སྟེང་དུས་མཉམ་དུ་ཚོར་རར་འགྲེམས་པའི་ནང་དུ་བཞག་པ་དང་། iPhoneགསར་པ་དེ་ཟླ་9པའི་ཚེས་20ཉིན་དངོས་སུ་འཚོང་རྒྱུ་རེད་འདུག དེའི་ནང་iPhone 5Sལ་མི་དམངས་ཤོག་སྒོར་5288ནས་འགོ་ཚུགས་རྒྱུ་དང་། iPhone 5Cལ་མི་དམངས་ཤོག་སྒོར་4488ནས་འགོ་ཚུགས་རྒྱུ་རེད་ཟེར།

iPhone 5C
iPhone 5C

iPhone 5Cཟེར་བ་དེའི་Cཡི་གོ་དོན་ནི་དབྱིན་ཡིག་གི་Colorཡིན་པ་དང་། iPhone 5Cལ་དཀར་དམར་སྔོ་སེར་ལྗང་བཅས་ཁ་དོག་སྣ་ཁ་ལྔ་ཡོད་པ་དང་། ཕྱི་འགྱིག་ལས་གྲུབ་པས་རིན་གོང་ཅུང་བདེ་བར་སྣང་།
སྲ་ཆས་ཀྱི་ཐད་ནས། iPhone 5Cདང་iPhone 5གཉིས་ཕལ་ཆེར་འདྲ་པོ་འདུག་པ་དང་། མ་ལག་ལ་iOS 7དེ་སྤྱད་ཡོད།

iPhone 5S
iPhone 5S

iPhone 5Sལ་གསེར་མདོག་དང་། དངུལ་མདོག སྐྱ་མདོག་བཅས་རིགས་གསུམ་དུ་དགར་འདུག་ལ། མདོག་ནག་པོ་དེ་ཡོངས་སུ་མེད་པར་བྱས་འདུག ཐེངས་འདིར་འགྱུར་ལྡོག་ཆེས་ཆེ་བ་ཞིག་ནི་Homeམཐེབ་དེ་གཡུ་ཡིས་བཟོས་པ་དང་མཛུབ་རིས་ངོས་འཛིན་གྱི་ནུས་པ་ལྡན་པ་དེ་རེད།

ཐོག་མར་ཚོང་རར་བཀྲམས་རྒྱུ་ཡིན་པའི་རྒྱལ་ཁབ་སོ་སོའི་མིང་།
ཐོག་མར་ཚོང་རར་བཀྲམས་རྒྱུ་ཡིན་པའི་རྒྱལ་ཁབ་སོ་སོའི་མིང་།

[རྩོམ་གྱི་ཡོང་ཁུངས། བོད་ཡིགITདྲ་བ།] [རྩོམ་པ་པོ། bumpagyal] [སྤེལ་དུས། 2013-09-11]

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།