ཀུ་ཤུ་མཐུན་གཉེར་གྱི་ཐོན་རིམ་རྗེས་མའི་iPadདང་iPad Miniཁྱབ་བསྒྲགས་བྱས།

ཀུ་ཤུ་མཐུན་གཉེར་གྱི་ཐོན་རིམ་རྗེས་མའི་iPadདང་iPad Miniདེ་ཨ་རིའི་དུས་ཚེས་སྤྱི་ཟླ་༡༠ཚེས་༢༢ཉིན་ཁྱབ་བསྒྲགས་བྱས།

iPad Air
iPad Air

ཐོན་རིམ་རྗེས་མའི་ iPadཡི་མིང་ལ་iPad Airཟེར་ཞིང་། ཁྱད་ཆོས་གཙོ་བོ་ནི། ད་ཡོད་ཀྱི་པར་གཞི་ལས་ཡང་ཞིང་འཆར་ངོས་སྔར་ལས་གསལ་བ། ནུས་པ་སྔར་ལས་ཆེ་བ་སོགས་ཡིན། ཡིན་གོང་རྒྱ་སྒོར་༢༣༨༨ནས་འགོ་འཛུགས་རྒྱུ་རེད།

iPad Air
iPad Air

ཐོན་རིམ་རྗེས་མའི་iPad Miniཡི་ཁྱད་ཆོས་གཙོ་བོ་ནི། འཆར་ཤེལ་རྒྱུ་སྤུས་ཡིན། ད་ཐེངས་ཀྱི་འཆར་ཤེལ་ལ་Retina Displayཡིན་པས། པར་རིས་དང་ཡི་གེ་སྔར་ལས་དྭངས་ཤིང་གསལ་བ་ཡིན་ལ། དེ་མིན་གྱི་ཁྱད་ཆོས་མང་བོ་ཚུད་ཡོད། དེ་བས། Retina Displayལྡན་པའི་iPad Miniཉོ་འདོད་མཁན་ཡོད་ཚེ། ཁྱེད་ཀྱི་རྨི་ལམ་མངོན་འགྱུར་བྱུང་འདུག རིན་གོང་ནི་རྒྱ་སྒོར་༢༨༨༨ནས་རེད།

[རྩོམ་གྱི་ཡོང་ཁུངས། བོད་ཡིགITདྲ་བ།] [རྩོམ་པ་པོ། ཐེ་བྲག་བསྟན་པ།] [སྤེལ་དུས། 2013-10-23]

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།