ཀུ་ཤུའི་ཁ་པར iPhone 6 འགྲེམས་བསྒྲགས་དང་འབྲེལ་བའི་གནས་ཚུལ་བསྡུས་བཀོད།

པེ་ཅིང་དུས་ཚོད་ཟླ 9 ཚེས 10 ཉིན་གྱི་ནམ་གུང་ཆུ་ཚོད 1 སྟེང་དུ་ཀུ་ཤུ་ (Apple) ཚང་གིས་ཨ་མེ་རི་ཁ་ནས་ཀུ་ཤུའི་ཁ་པར་རབས་དྲུག་པ iPhone 6 སོགས་འགྲེམས་བསྒྲགས་བྱས་པ་དང་། ཐེངས་འདིའི་ཁྱབ་བསྒྲགས་ཚོགས་འདུའི་སྟེང་དུ་ཀུ་ཤུའི་ཁ་པར་སྣ་ཁ་གཉིས་འགྲེམས་བསྒྲགས་བྱས་ཡོད་པ་ནི། iPhone 6 དང་ iPhone 6 Plus གཉིས་རེད་འདུག དེར་མ་ཟད་ཀུ་ཤུའི་ཆུ་ཚོད (Apple Watch) ཅེས་པའི་ཐོན་རྫས་ཤིག་ཀྱང་ཡོངས་བསྒྲགས་བྱས་འདུག་ལ། 2015 ལོར་ཚོང་རར་འགྲེམས་རྒྱུ་ཡིན་པའི་ཡིད་ཆེས་བརྟན་པོ་འདུག

iPhone 6 ཁྱབ་བསྒྲགས་བྱེད་བཞིན་པའི་རྣམ་པ།
iPhone 6 ཁྱབ་བསྒྲགས་བྱེད་བཞིན་པའི་རྣམ་པ།
iPhone 6
iPhone 6
Apple Watch
Apple Watch

ཟླ 9 ཚེས 19 ཉིན། ཚོང་རར་འགྲེམས་རྒྱུ་ཡིན་པའི་རྒྱལ་ཁབ་དང་ས་ཁུལ་ཀྱི་ཁྲོད་དུ་རྒྱ་ནག་ཚུད་མེད་སྟབས། བོད་ནང་ནས་ཀུ་ཤུ་ཁ་པར་རབས་དྲུག་པ་ཉོ་འདོད་མཁན་ཚོས་ད་དུང་ཅུང་ཙམ་སྒུག་དགོས་ཚོད་རེད། ཡིན་ཡང་ཧོང་ཀང་དུ་འགྲེམས་རྒྱུ་ཡིན་པས་དེ་རུ་འགྲོ་ཐུབ་མཁན་ཚོས་སྔ་ཙམ་ཉོ་ཐུབ་པ་ཡིན།

iPhone 6 རིན་གོང་བསྡུར་ཚད་རེའུ་མིག

16G64G128G
ཧོང་ཀང་།¥ 4424¥ 5057¥ 5691
ཨ་རི།¥ 3985¥ 4596¥ 5210
ཐེ་ཝན།¥ 4601¥ 5296¥ 6033
དབྱིན་ཇི།¥ 5326¥ 6117¥ 6907
འཇར་པན།¥ 3918¥ 4612¥ 5189
ཟླ 9 ཚེས 9 ཉིན་གྱི་དངུལ་བརྗེས་འཛའ་ཐང་ལྟར་མི་དམངས་ཤོག་དངུལ་ལ་བརྗེས་པ།

iPhone 6 Plus རིན་གོང་བསྡུར་ཚད་རེའུ་མིག

16G64G128G
ཧོང་ཀང་།¥ 5057¥ 5691¥ 6403
ཨ་རི།¥ 4596¥ 5210¥ 5823
ཐེ་ཝན།¥ 5297¥ 6033¥ 6728
དབྱིན་ཇི།¥ 6117¥ 6907¥ 7796
འཇར་པན།¥ 4612¥ 5189¥ 5767
ཟླ 9 ཚེས 9 ཉིན་གྱི་དངུལ་བརྗེས་འཛའ་ཐང་ལྟར་མི་དམངས་ཤོག་དངུལ་ལ་བརྗེས་པ།

“ཀུ་ཤུའི་ཁ་པར iPhone 6 འགྲེམས་བསྒྲགས་དང་འབྲེལ་བའི་གནས་ཚུལ་བསྡུས་བཀོད།” དཔྱད་མཆན 6 ཡོད།

  1. ཀུ་ཤུའི་ཁ་པར་ནང་IDགསང་གྲངས་བེད་སྤྱོད་བྱས་ན་མ་ལག་འདྲ་མིན་ཐད་གར་ལེན་ཐུབ་ཀྱིན་འདུག ཡིན་ན་ཡང་ཁ་པར་གྱི་གསང་གྲངས་ནོར་བའམ་འཁྱུག་པ་ཡིན་ན། སྒོ་ཟ་རྒྱག་གྱིན་འདུག ཁ་པར་བསླར་གསོ་བྱེད་དགོས་ན་IDགསང་གྲངས་གཏོར་དགོས་ཀི IDགཏོར་དགོས་ཚེ་IDགཏོར་བྱེད་ཀྱི་མ་ལག་ཅིག་ཡོད་རབ་བཤད་ཀི IDགཏོར་བྱེད་ཀྱི་མ་ལག་མིང་དང་ཅི་ལྟར་གཏོར་དགོས་མིན་སྐོར་གསུང་རོགས་ཞུ

  2. སྐུ་ཞབས་གླིང་སྨྱོནལགས། ངའི་རྩིས་འཁོར་གྱི་མཐེབ་གཞུང་སྟེང་ཏུ་༼ཨ༽་ཡིག་སྔོན་ཆད་གཏགས་ཐུབ་ནའང་གློ་བུར་དུ་ཡལ་སོང་བས་དེ་ཅི་ལྟར་འཚོལ་དགོས།

  3. བལྟས་ཡོང་ན་ཧོང་ཀང་ནས་ཉོས་ན་རིན་གོང་ཅུང་བདེ་མོ་རེད་འདུག ཡིན་ནའི་ཧོང་ཀང་ནས་ཉོས་ན་རྒྱལ་ནང་དུ་བཀོལ་ཐུབ་པར་གསལ་ཁ་ཡོད་དམ། གུས་པ་ནི་ཀྲུང་གོའི་སྤོ་སྒུལ་༼ཡིས་ཏུང་༽ཁ་པར་ཡིན། བཙོན་གྲོལ་བྱེད་དགོས་ཚེ་རྙོག་དྲ་ཚ་བོ་རེད་ཨང་། འདིའི་ཕྱོགས་ནས་དྲ་གྲོགས་ཚོར་གསལ་ཆ་ཡོད་ན་ཅིག་གསུང་དང་། ཐུགས་རྗེ་ཆེ།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།