Tag ཡིག་ཚགས: ཡིག་གཟུགས

ཀུ་ཤུས་གསར་བསྒྱུར་བྱས་པས་བོད་པ་ཚོ་འུར་ཆིལ་ལེ་བཏང་སོང་།

སྤྱི་ཟླ་དགུ་བའི་ཚེས་༢༠ཉིན། ཀུ་ཤུའི་མ་ལག་གསར་པ iOS 11དེ་དངོས་སུ་ཕབ་ལེན་བེད་སྤྱོད་གཏོང་མགོ་ཚུགས་པ་རེད། མ་ལག་གསར་པ་འདི་ནི་ཀུ་ཤུའི་ལོ་རྒྱུས་སྟེང་གི་འགྱུར་ལྡོག་ཆེས་ཆེ་ཤོས་དེ་ཡིན་པར་བརྗོད་ཀྱིན་ཡོད་པ་དང་། ཀུ་ཤུའི་ཁ་པར་གསར་ཤོས iPhone Xདང་ iPhone 8,iPhone 8 Plusནང་གི་མ་ལག་དེ་ཡིན་པ་རེད། ཞིབ་ཏུ་ཀློག ཀུ་ཤུས་གསར་བསྒྱུར་བྱས་པས་བོད་པ་ཚོ་འུར་ཆིལ་ལེ་བཏང་སོང་།

ཁྱུང་པོའི་ཁྲ་བྲིས་ཞེས་པའི་ཡིག་གཟུགས་གཉིས་རིན་མེད་ཕབ་ལེན་བྱེད་པ།

ཉེ་ཆར་བོད་ལྗོངས་ཁྱུང་པོ་སྟེང་ཆེན་དགོན་དུ་ཞང་ཞུང་སྒོ་བའི་ཁྲ་ཆུང་དང་ཞང་ཞུང་སྒོ་བའི་ཁྲ་ཆེན་ཞེས་པའི་དབུ་མེད་ཀྱི་ཡིག་གཟུགས་གཉིས་རིན་མེད་འགྲེམས་སྤེལ་བྱས་འདུག ཞིབ་ཏུ་ཀློག ཁྱུང་པོའི་ཁྲ་བྲིས་ཞེས་པའི་ཡིག་གཟུགས་གཉིས་རིན་མེད་ཕབ་ལེན་བྱེད་པ།

གྷོ་གྷོལ Google བོད་ཡིག་གི་ཡིག་གཟུགས Noto Sans Tibetan ཕབ་ལེན།

Noto Sans Tibetan ཅེས་བའི་ཡིག་གཟུགས་འདི་ནི་གྷོ་གྷོལ Google ཚང་གིས་བཟོས་བའི་བོད་ཡིག་གི་ཡིག་གཟུགས་ཤིག་ཡིན་ལ། དེང་སྐབས་རིན་མེད་ངང་ཕབ་ལེན་བྱེད་ཆོག་གི་ཡོད། ཞིབ་ཏུ་ཀློག གྷོ་གྷོལ Google བོད་ཡིག་གི་ཡིག་གཟུགས Noto Sans Tibetan ཕབ་ལེན།

Adobe Premiere Pro CC ནང་ལ་བོད་ཡིག་གི་བརྩེགས་འདོགས་ཡག་པོར་འཆར་ཐུབ།

Adobe Premiere Pro CC ནི་བརྙན་ཟློས་རྩོམ་སྒྲིག་མཉེན་ཆས་རིགས་ཤིག་ཡིན་ལ། དེ་བེད་སྤྱོད་གཏོང་མཁན་ཀྱང་ཤིན་ཏུ་མང་པོ་རེད། ཡིན་ནའང་མཉེན་ཆས་འདིའི་ནང་དུ་ཧི་མ་ལ་ཡ་སོགས་རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་ (Unicode) གི་བོད་ཡིག་གཏག་དུས་སུ་བརྩེགས་འདོགས་ཡག་པོར་འཆར་མི་ཐུབ་པའི་དཀའ་ངལ་ལ་འཕྲད་བཞིན་ཡོད། ཞིབ་ཏུ་ཀློག Adobe Premiere Pro CC ནང་ལ་བོད་ཡིག་གི་བརྩེགས་འདོགས་ཡག་པོར་འཆར་ཐུབ།

ཨན་གྲོ་དྲུག་པ་(Android M)ཡི་ནང་དུ་བོད་ཡིག་དངོས་སུ་བཅུག་ཡོད་པའི་གནས་ཚུལ།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲ་བར་སྤྱི་ཟླ་༡༢ཚེས་༡༠ཉིན་བཀོད་དོན། ཨ་རིའི་གོ་གུལ་མཐུན་གཉེར་ལ་དབང་ཞིང་འཛམ་གླིང་སྟེང་གི་རིག་ལྡན་ཁ་པར་གྱི་མ་ལག་ཆེས་ཆེ་ཤོས་ཏེ། ཨན་གྲོ་མ་ལག་སྟེང་དུ་ད་ནས་བཟུང་བོད་ཡིག་ཡིག་གཟུགས་དང་མཐེབ་གཞོང་(རྫོང་ཁའི་མཐེབ་གཞོང་གི་འགྲོ་སྟངས་ཏེ། གསལ་བྱེད་སུམ་ཅུ་གོ་རིམ་དུ་བསྒྲིགས་པའི་མཐེབ་གཞོང་།)བཅུག་ཡོད་པའི་གནས་ཚུལ་ཐོན་འདུག བོད་ཡིག་བཞག་པའི་པར་གཞི་དེ་ཨན་གྲོ་པར་གཞི་དྲུག་པ་(Android 6.0)ནས་བཟུང་མགོ་བཙུགས་པ་རེད་འདུག ཞིབ་ཏུ་ཀློག ཨན་གྲོ་དྲུག་པ་(Android M)ཡི་ནང་དུ་བོད་ཡིག་དངོས་སུ་བཅུག་ཡོད་པའི་གནས་ཚུལ།

པཎྜིཏ་བོད་ཡིག་སྒྲིག་གཅོད་མཉེན་ཆས་ཕབ་ལེན་བྱེད་པ།

པཎྜིཏ་བོད་ཡིག་མཉེན་ཆས་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་བཟོས་པའི་བོད་ཡིག་གི་མཉེན་ཆས་ཤིག་ཡིན་ལ། རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་ཅན་གྱི་ཡིག་གཟུགས་ཧི་མ་ལ་ཡ་སོགས་མ་དར་གོང་ལ་རྒྱལ་ནང་དུ་དར་ཁྱབ་ཆེན་པོ་བྱུང་བ་ཡིན། ཞིབ་ཏུ་ཀློག པཎྜིཏ་བོད་ཡིག་སྒྲིག་གཅོད་མཉེན་ཆས་ཕབ་ལེན་བྱེད་པ།

སྨོན་ལམ་བོད་ཡིག་མཉེན་ཆས་པར་གཞི་གསར་བ V3.1

སྨོན་ལམ་བོད་ཡིག་གསུམ་པ་དང་སྨོན་ལམ་བོད་ཡིག་༣.༡།
སྨོན་ལམ་བོད་ཡིག་གསུམ་པ་དང་སྨོན་ལམ་བོད་ཡིག་༣.༡།

སྤྱིར་ན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་དྲ་ངོས་སུ་སྨོན་ལམ་མཉེན་ཆས་ཡོངས་རྫོགས་ཕབ་ལེན་བྱེད་རྒྱུ་ཡོད་ལ་འདིར་ཡང་བསྐྱར་བཀོད་པའི་ངལ་མ་མཆིས་ཀྱང་བོད་ནང་དུ་ལན་རེར་ཕྱིའི་དྲ་རྒྱར་བདེ་བླགས་ངང་བཅར་འདྲི་བྱེད་མི་ཐུབ་པའི་གནས་ཚུལ་ལྷགས་སྟབས་ཆེད་དུ་འདིར་བཀོད་པ་ཡིན།
ཞིབ་ཏུ་ཀློག སྨོན་ལམ་བོད་ཡིག་མཉེན་ཆས་པར་གཞི་གསར་བ V3.1

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཡིག་གཟུགས།

ཉེ་ཆར་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ཅན་གྱི་ཡིག་གཟུགས་སྣ་བཞི་འགྲེམས་བསྒྲགས་བྱས་འདུག་པ་དང་། ད་ལྟ་དེ་ཚོ་ཡོངས་སུ་ཕབ་ལེན་བྱེད་ཆོག་གི་ཡོད།
ཞིབ་ཏུ་ཀློག རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཡིག་གཟུགས།

བོད་ཡིག་གི་ཡིག་གཟུགས་བརྗེ་སྒྱུར་བྱ་རིམ UTFC ཕབ་ལེན།

ཀུན་སྤྱོད་བོད་ཡིག་ཡིག་གཟུགས་བརྗེ་སྒྱུར་མཉེན་ཆས་འདི་ནི་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསར་བཟོ་བྱས་པ་རེད། མཉེན་ཆས་འདི་གསར་བཟོ་བྱས་པའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ཆེའི་བོད་ཡིག་བེད་སྤྱོད་བྱེད་མཁན་རྣམས་ལ་བོད་ཡིག་ཨང་རྟགས་སམ་ཡིག་གཟུགས་མི་གཅིག་པའི་ཡིག་ཆ་ཕན་ཚུན་བརྗེ་སྒྱུར་བྱེད་ཐུབ་པའི་ལག་ཆ་ཞིག་རེད། ཞིབ་ཏུ་ཀློག བོད་ཡིག་གི་ཡིག་གཟུགས་བརྗེ་སྒྱུར་བྱ་རིམ UTFC ཕབ་ལེན།

Pages སོགས་ཀུ་ཤུའི་མཉེན་ཆས་ནང་དུ་ཇོ་མོ་གླང་མའི་ཡིག་གཟུགས་ཀྱི་བརྩེགས་འདོགས་གནད་དོན་སེལ་ཐབས།

སྔོན་ཆད་ཅིག་ལ་ངས་ཀུ་ཤུའི་གློག་ཀླད་ནང་དུ་ཇོ་མོ་གླང་མའི་ཡིག་གཟུགས་སྣ་ཁ་བཅུ་བོ་དེ་སྒྲིག་འཇུག་བྱས་པ་དང་། Pages སོགས་ཀྱི་ནང་དུ་བོད་ཡིག་གཏག་དུས་བརྩེགས་འདོགས་ལ་སྐྱོན་ཤོར་བའི་གནས་ཚུལ་ཞིག་འཕྲད་མྱོང་། སྐབས་དེར་གྲོགས་པོ་མང་པོར་དྲིས་ཀྱང་གནད་དོན་འདི་བྱུང་རྐྱེན་ལ་དེ་འདྲའི་ཧ་གོ་མ་སོང་། ཞིབ་ཏུ་ཀློག Pages སོགས་ཀུ་ཤུའི་མཉེན་ཆས་ནང་དུ་ཇོ་མོ་གླང་མའི་ཡིག་གཟུགས་ཀྱི་བརྩེགས་འདོགས་གནད་དོན་སེལ་ཐབས།