ཧི་ཡིག་ཆ་བྱད་ཀྱིས་ཁ་ཡིག་ཚད་ལྡན་བཟོ་སྟངས།

སྙིང་ཉེ་བའི་གྲོགས་པོ་རྣམ་པ། རྒྱ་འགྱུར་གྱི་རྩིས་འཁོར་ཅོག་ངོས་དང་ཡི་གེའི་ཁ་བྱང་ཧི་ཡིག་བྱས་ན་ཡིག་གཟུགས་ཧ་ཅང་ཆུང་དྲགས་པའི་དཀའ་ངལ་ལ་དམིགས་ནས་ཡིག་ཚུགས་གསར་པ་ཞིག་བཟོས་ཡོད་པས། KYIG ཞེས་པའི་ཡིག་ཚུགས་འདི་ལོངས་ལ་Windows\Fonts ནང་དུ་བཤུ་བའམ། ཡང་ན་ (控制面板)ནང་གི་字体ཞེས་པའི་ནང་བཅུག་ན་རང་ཤུགས་ཀྱིས་འགྲིག་ཡོད། དེ་ནས་ཅོག་ངོས་སུ་ཙི་ཙིའི་རྣ་བ་གཡོན་པ་མནན་ཏེ་属性འདེམས། དེ་ནས་外观འདེམས། དེ་ནས་高级བདམས་ན་ངོས་གཞན་ཞིག་འཆར། དེ་ནས་项目ཞེས་པའི་རྩ་ཐོའི་ནང་གི་桌面དེ་图标བསྒྱུར། དེ་ནས་字体ཞེས་པའི་རྩ་ཐོའི་ནང་དུ་ངེད་ཚོས་ཆེད་དུ་བཟོས་པའི་ KYIG ཞེས་པའི་ཡིག་གཟུགས་བདམས་རྗེས་确定མནན་པས་སྔ་མའི་ངོས་དེར་འགྲོ། དེ་ནས་应用མནན།  དེ་ནས་确定མནན་པས་ཅོག་ངོས་དང་ཡི་གེའི་ཁ་བྱང་སོགས་བོད་རྒྱ་དབྱིན་གསུམ་གྱི་ཡིག་གཟུགས་ཆེ་ཆུང་ལེགས་པོ་ཡོད་པར་སེམས་པས་ཁྱེད་རྣམ་པས་ཚོད་ལྟ་གནང་བར་ཞུ།

“ཧི་ཡིག་ཆ་བྱད་ཀྱིས་ཁ་ཡིག་ཚད་ལྡན་བཟོ་སྟངས།” དཔྱད་མཆན 2 ཡོད།

  1. KYIGཞེས་པའི་ཡིག་གཟུགས་ཕབ་ལེན་བྱ་ཡུལ་དེ་ཁ་ཕྱེ་མི་ཐུབ་པས་ཕབ་ལེན་བྱ་གནས་གསར་པ་ཞིག་ངོ་སྤྲོད་གནང་རོགས་ཡོད་པ་ཞུ༎

  2. ཧི་ཡིག་ཆ་བྱད་ཀྱིས་ཁ་ཡིག་ཚད་ལྡན་བཟོ་སྟངས། འདི་windows8ནང་དུ་གང་འདྲ་བྱེད་ནས་བཟོ་དགོས། ཡང་ན་གཅིག་པ་རེད་སམ། ཞིབ་ཕྲ་ཞིག་གསུང་རོགས།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།