ཨན་གྲོལ་ཁ་པར་དུ་བོད་ཡིག་སྒྲིག་འཇུག་བྱེད་སྟངས། གཟུགས་བརྙན་སློབ་ཁྲིད།

རྩེ་གངས་བུའམ་སྐར་མ་བདུད་འདུལ་གྱིས་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ལ་ཕུལ་བའི་བོད་སྐད་གཟུགས་བརྙན་སློབ་ཁྲིད་འདི་ནི་སྐད་ཆ་མེད་པར་བརྙན་ཡིག་བཟོས་ཡོད་པས་མདོ་དབུས་ཁམས་གསུམ་སུས་ཀྱང་གོ་ཐུབ།

“ཨན་གྲོལ་ཁ་པར་དུ་བོད་ཡིག་སྒྲིག་འཇུག་བྱེད་སྟངས། གཟུགས་བརྙན་སློབ་ཁྲིད།” དཔྱད་མཆན 9 ཡོད།

  1. སྐུ་ལགས། ངའི་ཁ་པར་红米ནང་སྔོན་ཆད་དུ་ཐབས་འདི་ནས་བོད་ཡིག་འབྲི་ཐུབ་ལ་རྗེས་ནས་ཇེ་འཕར་དུ་བཏང་བས升级་ད་སྐབས་བཀོལ་ཐབས་མི་འདུག ངས་དེ་ཚོའི་ལས་ཁུངས་ལ་འབྲེལ་གཏུག་བྱོས་ཀྱང་དེ་ཡིག་ཐོག་ལ་ཕབས་པ་ལས་གཞན་ཅི་ཡང་བཤད་རྒྱུ་མེད་གི གནད་དོན་འདིར་ང་ཚོའི་སྤུན་ཟླ་རྣམས་ལ་ཐབས་ཞིག་ཡོད་དམ། ཡོད་ན་ང་ལ་གསུང་བཏང་ངོ་མ་བཀའ་དྲིན་ཆེན་པོ་ཡིན། ངའི་ཡིག་གནས་ནི་ 735585304@qq.com

  2. ཨན་གྲོལ་དུ་བོད་ཡིག་སྒྲིག་པ། གཉེན་ཆས་ཕབ་པ་དང་། ད་དུང་ཁ་པར་གྱི་རྩ་བ་སློག་དགོས་པ་སོགས་སྟབས་བདེ་པོ་མི་འདུག ཐད་ཀར་དེ་གའི་སྤྱི་གཉེར་ཁང་ལ་རེ་བ་ཞུས་ནས། ཁ་པར་དུ་བོད་ཡིག་གཉེན་ཆས་སྒྲིག་རོགས་ཞུས་ན་འགྲིག་གི་མ་རེད་དམ། ད་དུང་། བརྒྱ་བཤེར་མ་ལག་གིས་བོད་ཡིག་ཁས་མི་ལེན་པ་དེ་ཚོ་སྲིད་གཞུང་ངམ་དབང་གྲགས་ཅན་གྱི་མི་སྒེར་གྱིས་རེ་ཞུ་བྱེད་རྒྱུ་མེད་དམ།

  3. འདི་དང་འདི་འདྲ་བའི་གནས་ཚུལ་གང་མང་མང་གསར་འདོན་བྱེད་པར་མཁྱེན།དངོས་ནས་ཕན་ཐོགས་ཆེན་པོ་ཡོད།བོད་མི་རིགས་ལ་བྱས་རྗེས་ཆེན་པོ་བཞག་ཡོད།
    བཀའ་དྲིན་ཆེ།

  4. གྲོགས་བདུད་འདུལ་དམིགས་དཔེར་བཟུང་ནས་ཚང་མས་རང་སྐད་དང་རང་ཡིག་བེད་སྤྱོད་བྱེད་རྒྱུ་ཤིན་ཏུ་གལ་འགངས་ཆེ་བའི་གནས་རེད། གྲོགས་ལ་ཡང་བསྐྱར་བཀའ་དྲིན་ཆེ་ཞུ་ལགས།

  5. གྲོགས་བདུད་འདུལ་ལ་སྙིང་ཁོང་རུས་པའི་སྟེང་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་འདི་ལྟ་བུའི་ལས་ཡག་པོ་མུ་མཐུད་དུ་སྤེལ་ནས་བོད་རིགས་གྲོགས་པོ་རྣམས་ཀྱི་དགོས་མཁོ་སྐོང་ཐུབ་པར་སྨོན།

མཆན་སྤེལ་ཡུལ་ནི་ གཙང་གི་བུ། ལན་དོར།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།