བོད་ཡིག་གི་ཡིག་གཟུགས་ཨང་སྒྲིག་ཕར་ཚུར་བརྗེ་བསྒྱུར་བྱེད་ཐབས་དཔེ་རིས་སྟེང་ནས་འགྲེལ་བརྗོད།

དུས་རྒྱུན་ང་ཚོས་ཡིག་ཆ་རྣམས་Wordསོགས་ཀྱི་སྟེང་ཉར་ཚགས་བྱེད་ཀྱི་ཡོད་སྟབས། ཐོག་མར་བསྒྱུར་བྱའི་ཡི་གེ་དག་ཡིག་རྐྱང་ཡིག་ཆའི་སྟེང་སྦྱར་ཏེ་སྔོན་འགྲོའི་ཆ་རྐྱེན་བསྐྲུན་ཚེ་ཡིག་གཟུགས་ཕན་ཚུན་བརྗེ་སྒྱུར་བྱས་ན་ཤིན་ཏུ་མགྱོགས་པ་ཡིན། ཡིག་རྐྱང་ཡིག་ཆ་དེ་གློག་ཀླད་ཐོག་འདུས་ཡོད་མོད་ཁ་ཕྱེ་སྟངས་མི་ཤེས་ན་གཤམ་གསལ་ལྟར།
སྔོན་ལ་ཕབ་གཞོང་སྟེང་གི་དེ་གཉིས་མཉམ་དུ་མནན་པ།

དེ་ནས་གཤམ་གསལ་ལྟར།

Notepadཅེས་འབྲི་བ། དེ་ནས་གཏན་འཁེལ་བྱོས།

དེ་འདྲ་ཞིག་འཆར་བ་ནི་ཡིག་རྐྱང་ཡིག་ཆའི་འབྲི་དེབ་རེད། དེའི་ནང་དུ་བསྒྱུར་བྱའི་མ་ཡིག་གི་ཡིག་གཟུགས་སྦྱོར་བ་དཔེར་ན་པཎྚིཏའི་ཡིག་གཟུགས་རྣམས་ཉར་ཚགས་བྱེད་པ།

ཡིག་ཆ་ཉར་ཚགས།

ཨང་སྒྲིག་འདེམས་དུས་སུ་འདི་ལྟར། པཎྜིཏ་དང་དོན་ཡོད་སོགས་ཀྱི་ཡིག་གཟུགས་ཉར་དུས་ནི་ANSIའདེམས་དགོས། ཧི་མ་ལ་ཡའི་ཡིག་གཟུགས་ཉར་དུས་ནི་Unicodeའདེམས་དགོས། དེ་ནས་ཉར་ཚགས་བྱེད། གང་དུ་ཉར་བ་རང་ཉིད་ཀྱི་ཡིད་ལ་འཛིན་དགོས། ཡིག་གཟུགས་བརྗེ་སྒྱུར་བྱེད་དུས་སུ་མཁོ།

དེ་ནས་མཉེན་ཆས་འདིའི་ཁ་ཕྱེ་དགོས། མཉེན་ཆས་འདི་ཕབ་ལེན་བྱེད་གནས་ནི་གཤམ་གསལ་དྲ་ངོས་དེར་བསྣུན་རོགས།

http://www.tibetitw.com/download/321.html

མཉེན་ཆས་འདིར་རྒྱ་ཡིག་དང་བོད་ཡིག་དབྱིན་ཡིག་ཅེས་པར་མ་གསུམ་འདུས་ཡོད་ལ་རང་ཉིད་གང་ལ་མོས་ན་དེ་སྒྲིག་འཇུག་བྱེད་ཆོག གཤམ་ནས་པཎྜིཏ་ཡིག་གཟུགས་དེ་ཧི་མ་ལ་ཡར་བསྒྱུར་ཚུལ་དཔེ་ཞིག་བཀོད་ན།

མ་ཡིག་གི་ཡིག་གཟུགས་པཎྜིཏ་འདེམས་པ། ཡིག་ཆའི་རྣམ་གཞག་ནི་ཡིག་རྐྱང་ཡིག་ཆ། (txt) ཡིག་ཆའི་མིང་ནི་གོང་ནས་ཉར་ཟིན་པའི་ཡིག་ཆ་གང་དུ་ཡོད་པ་དེའི་ཁ་ཕྱེ་བ།
སྒྱུར་ཡིག་གི་ཡིག་གཟུགས་ཧི་མ་ལ་ཡ་ནི Unicode སྟེང་དུ་འཇོག་པ། ཡིག་ཆའི་རྣམ་གཞག་ནི་ཡིག་རྐྱང་ཡིག་ཆ། (txt) ཡིག་ཆའི་མིང་ནི་བསྒྱུར་བྱའི་ཡིག་ཆ་དེ་གང་དུ་ཉར་བའི་ལམ་སྟོན་པར་ཡིག་ཆའི་མིང་གསར་བ་ཞིག་འདོགས་པ་དཔེར་ན།

ཉར་སའི་གནས་དང་ཡིག་ཆའི་མིང་གཏན་འཁེལ་བྱས་ནས་ཁ་ཕྱེ་བ། དེ་ནས་བརྗེ་སྒྱུར་ཅེས་པ་དེ་མནན་ན་ཡོངས་སུ་འགྲུབ་ཚར་བ་རེད། ད་ནི་བརྗེ་སྒྱུར་བྱས་ཚར་བའི་ཡིག་ཆ་དེ་གང་དུ་ཡོད་དམ་ཅེ་ན། སྒྱུར་ཡིག་གི་ཡིག་ཆའི་མིང་གསར་བ་བཏགས་ཡོད་པ་དེའི་ཁ་ཕྱེ་དང་མཐོང་ཐུབ་བོ།།

མཉེན་ཆས་འདི་ཞིབ་ཏུ་བཀོལ་སྤྱོད་བྱེད་སྟངས་ཤེས་འདོད་ན་རོགས་རམ་ཅེས་པར་གཟིགས་རོགས་ཞུ།

“བོད་ཡིག་གི་ཡིག་གཟུགས་ཨང་སྒྲིག་ཕར་ཚུར་བརྗེ་བསྒྱུར་བྱེད་ཐབས་དཔེ་རིས་སྟེང་ནས་འགྲེལ་བརྗོད།” དཔྱད་མཆན 6 ཡོད།

མཆན་སྤེལ་ཡུལ་ནི་ བེ་རི་རིག་རྡོར། ལན་དོར།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།