བོད་སྐད་བརྡ་ཆད་གསར་པའི་སྤྱི་བསྒྲགས། ཐེངས 6 པ།

སྤྱི་ལོ་༢༠༡༣ལོའི་བོད་སྐད་བརྡ་ཆད་གསར་པར་རྒྱལ་ཡོངས་བོད་སྐད་བརྡ་ཆད་གསར་པ་སྒྱུར་ཞུས་གཏན་འཁེལ་གྱི་མཁས་དབང་ཨུ་ཡོན་ལྷན་ཚོགས་ཀྱིས་སྤྱི་ལོ་༢༠༡༤ལོའི་ཟླ་༤ཚེས་༢༩ཉིན་སྐད་བཅས་གཏན་འཁེལ་ཟིན་པ་བཞིན་འགྲེམས་སྤེལ་སོང་བ་ཚན་པ་ཁག་ནས་དེ་ལྟར་གཅིག་གྱུར་བེད་སྤྱོད་དགོས་པ་ལས་རང་འཚམ་གྱིས་བཟོ་བཅོས་རྒྱག་མི་ཆོག

藏语新词术语公报
藏语新词术语公报藏语新词术语公报藏语新词术语公报藏语新词术语公报藏语新词术语公报藏语新词术语公报藏语新词术语公报

 རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་ནས།
2014 ལོའི་ཟླ 9 ཚེས 3 ཉིན།

“བོད་སྐད་བརྡ་ཆད་གསར་པའི་སྤྱི་བསྒྲགས། ཐེངས 6 པ།” དཔྱད་མཆན 2 ཡོད།

  1. སྔོན་མའི་དུས་སུ་སྐུ་ཞབས་ཨ་ལེ་ལགས་སོགས་ཀྱི་བོད་ཀྱི་མཁས་པ་ཁ་ཤས་ནས་བོད་ཡིག་གི་ནང་དུ་བརྒྱ་ཆའི་བརྒྱད་བཅུ་ནི་ཆོས་ལུགས་ཀྱི་མིང་བརྡ་ཡིན་པ་དེ་གསུངས་སོང་། དེ་དུས་དོན་ངོ་མར་ང་རང་ཉིད་ནས་བོད་ཀྱི་ཆོས་ཕྱོགས་ཀྱི་མི་སྣའི་རྩོམ་འགར་བལྟས་རྗེས་དེ་དག་གིས་ཉོག་གཏམ་ལབ་ཀྱི་འདུག་ཞེས་པའི་བློ་བསྐྱེད་བྱུང་བ་དོན་དངོས་ཡིན། ཡིན་ཡང་ད་ལྟ་རང་ཉིད་ནས་བསམ་བློ་བཏང་བ་ཡིན་ན་དོན་དམ་དུ་ངའི་ཨ་ལེ་སོགས་བོད་མི་མཁས་པ་དེ་དག་གི་གསུངས་པ་དེ་བདེན་པར་ཁས་ལེན་གྱི་ཡོད། རྒྱུ་མཚན་བོད་ཡིག་གིས་བཀོད་ཡོད་པ་ངེས་པ་དོན་གྱི་ནང་ཆོས་ཀྱི་གཞུང་ཆེན་པོ་དག་ལས་མི་འདུག་པ་དོན་དངོས་རེད། ཉེ་བའི་དུས་རབས་ཀྱི་ནང་དུ་ད་གཟོད་རྩོམ་རིག་དང་དཔྱད་རྩོམ། ཚན་རིག་གི་བརྡ་ཆད་བསྒྱུར་བ་སོགས་ཀྱི་ལས་ཀ་བྱས་པ་རེད། ད་ལྟ་ང་རང་ཉིད་ཀྱི་དཀའ་ཁག་ནི་གལ་སྲིད་བོད་ལ་རང་གི་སྐད་དང་རིན་ཐང་གི་ལྟ་བ་དང་ཡོངས་སུ་མཐུན་པའི་ཚན་རིག་དང་བཟོ་ལས་ཀྱི་གཞུང་ལུགས་ཅིག་ཡོད་དགོས་པ་ཡིན་ན་མང་ཚོགས་ཀྱི་ཡུལ་སྐད་ཁ་སྐད་དང་ཆོས་ལུགས་ཀྱི་མིང་བརྡ་བཀོལ་ན་ག་ལ་འགྲིག ། དེ་ནི་ཐ་སྙད་རིག་པའི་སྟེང་ནས་རིག་པའི་གཞུང་གང་དེར་འགལ་ཟླ་ཟབ་མོ་ཞིག་བྱུང་ཡོད་པ་རེད། དེའི་རྐྱེན་གྱིས་ལོ་ཙཱའི་བྱ་བར་ཆ་རྐྱེན་གལ་ཆེན་ཅིག་ཡོད་པ་ནི་མཁས་དགོས་པ་དེ་རྩ་བའི་ཆ་རྐྱེན་རེད། གཙོ་བོ་གང་བསྒྱུར་ཡང་དོན་མི་འཁྲུལ་བ་དེ་གལ་ཆེན་ཡིན་པའི་རྐྱེན་གྱིས་ཡིན། དེའི་རྐྱེན་གྱིས་ཚད་ལྡན་དུ་གཏོང་བའི་ཕྱིར་འཁྲུལ་མེད་ཡིན་པ་གལ་ཆེན་ཅིག་རེད་བསམ་གྱི་ཡིན།

  2. སྐད་གཉིས་མཉམ་བསྲེས་ཀྱི་རྐྱེན་གཙོ་བོ་ནི་བོད་ཀྱི་ལོ་ཙྭ་བ་དག་གིས་གསར་ཐོན་དངོས་རིག་ལ་འཁོ་བའི་མིང་ཚིག་གི་ཡིག་བསྒྱུར་བྱ་བ་དེ་རྗེས་སུ་ལུས་པ་དང་མི་རྣམས་ཀྱིས་གསར་ཐོན་དངོས་པོ་དང་འབྲེལ་བ་བྱེད་རྐྱེན་མགྱོགས་དྲགས་ཡོད་པ་རྐྱེན་གཙོ་བོ་རེད་སྙམ་གྱི་འདུག མི་རྣམས་ལ་སྤྱོད་དགོས་པའི་དངོས་པོའི་མིང་འཚམས་པོ་ཞིག་མེད་དུས་སྐད་ཡིག་གཉིས་ཀྱི་ཐོག་ནས་མི་སྤྱོད་ཐབས་མེད་ཡིན། ཡིག་བསྒྱུར་གྱི་མི་སྣ་ཞིག་གི་ངོས་ནས་བརྗོད་ན་དངོས་གནས་སྐུ་ལས་ཁག་པོ་ཞིག་ཡིན་རུང་། གུས་པ་མི་སྒེར་གྱིས་བསམ་འཆར་ཕྲན་བུ་བཏོན་རྒྱུ་ནི། ལོ་ཙྭ་བ་དག་ནས་དེང་དུས་ཀྱི་གསར་ཐོན་དངོས་པོ་ཁྲོམ་ར་དང་སྤྱི་ཚོགས་ཐོག་ཁྱབ་སྤེལ་མ་བྱས་སྔོན་ནས་གསར་ཐོན་དངོས་པོ་དེར་འཚམས་པའི་བོད་ཡིག་གི་མིང་ཚིག་ཞིག་བསྒྱུར་ཏེ། གསར་ཐོན་དངོས་པོ་ཁྲོམ་ར་དང་སྤྱི་ཚོགས་ཐོག་བཀྲམ་པ་དང་ཆབས་གཅིག་བོད་ཡིག་གི་མིང་ཚིག་དག་ཀྱང་མཉམ་དུ་དུས་གཅིག་ཏུ་ཁྱབ་བསྒྲགས་བྱེད་ཐུབ་པ་དགོས་པ་དེ་གལ་ཆེན་པོ་རེད་འདུག་སྙམ། གང་ཡིན་ཞེ་ན་དཔེར་ན་ཕྱི་རྒྱལ་གྱི་གསར་ཐོན་དངོས་པོ་རྒྱལ་ནང་དུ་ཁྱབ་སྤེལ་བྱེད་སྐབས་སྔོན་ལ་དེ་དག་གི་བསྒྱུར་མིང་དག་གཏན་འཁེལ་བྱེད་པ་ལས་སྔོན་ལ་དངོས་པོ་དེ་ཁྱབ་སྤེལ་དང་དེ་ནས་གཞི་ནས་བསྒྱུར་མིང་གཏན་འབེབས་བྱེད་མཁན་ནི་སྤྱིར་བཏང་ཡོད་ཀྱིམ་རེད། གལ་སྲིད་གསར་ཐོན་དངོས་པོ་ཁྲོམ་རར་ཁྱབ་སྤེལ་བྱུང་ཟིན་དུས་གཞི་ནས་ཡིག་བསྒྱུར་གྱི་བྱ་བར་འབད་བརྩོན་བྱས་རུང་། ཡིག་ཆ་སོགས་གཞུང་ཕྱོགས་ཀྱི་ཡི་གེར་མ་གཏོགས་མང་ཚོགས་ཀྱི་བློ་ངོར་སྐད་ཡིག་གཞན་གྱི་ཐོག་ནས་སྤྱད་པའི་མིང་དེ་བློ་ལ་འགྲོ་བ་དང་གོ་བདེ་བརབསམ་པ་ལས། བོད་ཡིག་གི་བསྒྱུར་མིང་དེ་ཀློག་ཀྱང་ཀློག་མི་བདེ་བ་དང་གོ་ཡང་གོ་མི་བདེ་བར་འགྱུར་འགྲོ་ཉེན་ཡོད། དཔེར་ན། གསར་ཐོན་དངོས་པོ་སྔོན་ལ་བྱུང་བ་དང་བསྒྱུར་མིང་རྗེས་སུ་བྱུང་བ། 收音机 རླུང་འཕྲིན། 电视机 བརྙན་འཕྲིན། 手机 ལག་ཐོག་ཁ་པར་སོགས་ལྟ་བུར་གྲོང་གསེབ་པ་ཞིག་གིས་收音机ལ་ཧྲུའུ་དབྱིན་ཅིའི་དང་电视机ལ་ཏན་ཧྲེ། 手机ལ་ཧྲུའོ་ཅིའི་ཞེས་འབོད་ན་ལམ་སེང་གོ་འགྲོ་བ་ལས་རླུང་འཕྲིན་དང་བརྙན་འཕྲིན། ལག་ཐོག་ཁ་པར་ཞེས་འབོད་ན་སྤྱིར་བཏང་རྒྱ་བོད་ཡིག་རིགས་གཉིས་ཀ་ཤེས་མཁན་གྱི་མི་ཞིག་གིས་མ་གཏོགས་གོ་ཐུབ་ཀྱི་མེད། མི་ཞིག་གི་ངོས་ནས་སེམས་ལ་ངེས་བདེ་ཤོས་དང་གོ་བདེ་ཤོས་དེ་ཐེངས་དང་པོའི་འཚོར་སྣང་ངམ་གོ་ཐོས་དེ་ཡིན་པ་ལས་བརྗེས་བྱུང་འཚོར་སྣང་ངམ་གོ་ཐོས་དེ་གོམས་པ་ཁག་པོ་རེད་སྙམ་གྱི་འདུག

མཆན་སྤེལ་ཡུལ་ནི་ ཁེར་འདུག་ལྡོམ་པོ། ལན་དོར།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།